Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 142 of 500
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བཞུགས་པའི་དབུ་ཕྱོགས།
བདེ་ཆེན་ཞིང་གི་བསྔོ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བཞུགས་པའི་དབུ་ཕྱོགས་ལགས་སོ། །
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བཞུགས་པའི་དབུ་ཕྱོགས།
མདུན་གྱི་ནམ་མཁའི་གནས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་དང་། པདྨ་དང་ཟླ་བའི་གདན་ལ་བསྔོ་བའི་དཔང་པོ་སངས་རྒྱས་སྣང་བ་མཐའ་ཡས། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཀྱི་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ…
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བཞུགས་པའི་དབུ་ཕྱོགས།
སུམ་དུ་གསལ་བར་གྱུར། དེའི་མདུན་དུ་ཚེ་ལས་འདས་པ་མིང་ནས་སྨོས་པ་དེ་ཉིད་ལུས་ལ་རས་གོས་དཀར་པོ་དྲི་མ་མེད་པ་གྱོན། ལག་ཏུ་མེ་ཏོག་དཀར་པོ་འདབ་མ་བརྒྱད་པ་ཐོགས། པུས་བཙུགས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་ཞལ་ལ་མངོན་སུམ་དུ་ལྟ་ཞིང་བསྔོ་བའི་མཐུན་འགྱུར་བྱེད་པར་གྱུར། བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུ་…
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བཞུགས་པའི་དབུ་ཕྱོགས།
རྗེས་སུ་ཡི་རང་བར་བགྱིའོ། །དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དང་དེ་ལྟར་ཕུལ་བའི་དགེ་བའི་རྩ་བ་དང་། ཚེ་འདས་དེ་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། སངས་རྒྱས་འོད་དཔག་མེད་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་འབུལ་བར་བགྱིའོ། །དེ…
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བཞུགས་པའི་དབུ་ཕྱོགས།
ཐོབ་པར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་གཅིག་ཏུ་བསྡུས་ཤིང་བསྡོམས་ནས། མིང་ནས་སྨོས་ལ། དེ་རྣམས་ཀྱི་རྗེས་སུ་འབྲང་ཞིང་རྗེས་སུ་འཇུག་པར་གྱུར་ཅིག །རྗེས་སུ་འབྲངས་ནས་དགེ་བའི་རྩ་བ་དེ། ཚེ་ལས་འདས་པ་དེ་རྣམས་ཀྱི་རྒྱུད་ལ་ད་ལྟ་ཉིད་དུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་པ་ལ་བརྟེན་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡ…
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བཞུགས་པའི་དབུ་ཕྱོགས།
མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པ་ཡང་། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །པདྨོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲ…
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བཞུགས་པའི་དབུ་ཕྱོགས།
བརྟེན་ནས། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཐུགས་ཀ་ནས་འོད་ཟེར་བྱུང་། ཚེ་ལས་འདས་པ་དེ་དག་ལ་ཕོག་པས་འོད་དུ་ལྟེམ་གྱིས་ཞུ་ནས་བསྔོ་བའི་དཔང་པོ་འོད་དཔག་ཏུ་མེད་པའི་ཐུགས་ཀར་ཐིམ། དེ་ཉིད་ཞལ་ནུབ་ཏུ་གཟིགས་ཏེ་དཔག་ཆེན་གྱིས་མདའ་འཕངས་བ་ལྟར། བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པར་གྱུར། ་་ཅེས་ཀརྨ་ཨ་རཱ་ག་ཞེས་བྱ་བས་བྲིས་པའོ། །བསྔ…
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་བསྡུས་པ། རྒྱུན་ཁྱེར་ཤི་གསོན་གང་ལ་ཡང་བསྒྱུར་རུང་བ།
བདེ་ཆེན་ཞིང་གི་བསྔོ་བ་བསྡུས་པ། རྒྱུན་ཁྱེར་ཤི་གསོན་གང་ལ་ཡང་བསྒྱུར་རུང་བ་བཞུགས་སོ། །
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་བསྡུས་པ། རྒྱུན་ཁྱེར་ཤི་གསོན་གང་ལ་ཡང་བསྒྱུར་རུང་བ།
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། བདག་ཚེ་དང་ལྡན་པ༔ ཚེ་ལས་འདས་པ་སྒེ། ཞེས་བགྱི་བ་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་སུ་གསོལ། དུས་གསུམ་གྱི་འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིའོ། །དེ་ལྟར་ཡི་རང་བའི་དགེ་བའི་རྩ་བ་དང་། འདི་ལྟར་བགྱིས་པའི་དགེ་བའ…
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་བསྡུས་པ། རྒྱུན་ཁྱེར་ཤི་གསོན་གང་ལ་ཡང་བསྒྱུར་རུང་བ།
རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བསྔོས་པ་བཞིན་དུ་ཐོབ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་…
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་བསྡུས་པ། རྒྱུན་ཁྱེར་ཤི་གསོན་གང་ལ་ཡང་བསྒྱུར་རུང་བ།
པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །རིགས་དྲུག་འཁོར་བའི་སྐྱེ་སྒོ་མ་ལུས་པ་ཐམས་ཅད་ཆོད་པར་གྱུར་ཅིག །སྐྱེ་བ་འདི་ནས་གཞན་གྱིས་བར་མ་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་སངས་རྒྱས་འོད་དཔག་མེད་པའི་ཞལ་མངོན་སུམ་དུ་མཐོང་ནས་གསུང་གི་གདམས་པ་ནོད་པར་གྱུར་ཅིག །དེ་མ…
CMR006
· ཀརྨ་ཆགས་མེད།
བདེ་ཆེན་ཞིང་གི་བསྔོ་བ་བསྡུས་པ། རྒྱུན་ཁྱེར་ཤི་གསོན་གང་ལ་ཡང་བསྒྱུར་རུང་བ།
གས་དོན་འགྲུབ་ཀྱི་ཐུགས་དམ་བྱ་ཕྱིར་སྦྱར་བའོ། །མངྒ་ལཾ།། །།༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས…
CMR006
· ཀརྨ་ཆགས་མེད།
ཚོགས་མཆོད་བྱིན་རླབས་ཆར་འབེབས།
ཚོགས་མཆོད་བྱིན་རླབས་ཆར་འབེབས་བཞུགས།
CMR006
· ཀརྨ་ཆགས་མེད།
ཚོགས་མཆོད་བྱིན་རླབས་ཆར་འབེབས།
བདེ་ཆེན་ཞིང་གི་ལྷ་ལ་ཕྱག་འཚལ་ལོ། །འདིར་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཚོགས་མཆོད་བྱ་བར་འདོད་པས། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམས་ལ། བདག་ཉིད་སེམས་དཔའི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་བསྲེགས་གཏོར་བཀྲུས། །མ་དག་ཚོགས་རྣམས་ཀུན་སྦྱངས་ནས། །ཡེ་ཤེས་བདུད་རྩིའི་རང་བཞིན་གྱུར་ཨོ་ཨཱཿཧཱུྃ། སྤྱན་འདྲེན་པ་ནི། གནས་འོག་མིན་ཆོས་དབྱ…
CMR006
· ཀརྨ་ཆགས་མེད།
ཚོགས་མཆོད་བྱིན་རླབས་ཆར་འབེབས།
བྲང་ནས། །འཕགས་མཆོག་སྤྱན་རས་གཟིགས་དབང་གནས་འདིར་བྱོན། །གནས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གསང་བདག་ཕྱག་ན་རྡོ་རྗེ་གནས་འདིར་བྱོན། །གནས་ཕྱིར་མི་ལྡོག་པའི་ཞིང་ཁམས་ནས། །བྱང་སེམས་ཉན་ཐོས་དགྲ་བཅོམ་གནས་འདིར་བྱོན། །ལྷོ་ནུབ་དཔལ་རིའི་ཕོ་བྲང་ནས། །རྗེ་པདྨ་འབྱུང་གནས་གནས་འདིར་བྱོན། །གནས་ཆོས་ཉིད་བདེ་ཆེན་ཀློང་ཡངས་ནས། །སྤྲུལ་ས…
CMR006
· ཀརྨ་ཆགས་མེད།
ཚོགས་མཆོད་བྱིན་རླབས་ཆར་འབེབས།
གདན་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་གནས་འདིར་བྱོན། །གནས་མཁའ་སྤྱོད་དག་པའི་གཞལ་ཡས་ནས། །ཡི་དམ་རྡོ་རྗེ་ཕག་མོ་གནས་འདིར། །གནས་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་གནས་འདིར་བྱོན། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་གནས་འདིར་བྱོན། །གནས་ཉེ་བའི་འཐུང་སྤྱོད་ཕོ་བྲང་ནས། །བདུ…
CMR006
· ཀརྨ་ཆགས་མེད།
ཚོགས་མཆོད་བྱིན་རླབས་ཆར་འབེབས།
སོགས། ཚོགས་ལ་ལོངས་སྤྱོད་ནས་ལྷག་མ་བྲན་ལ། ལྷག་ལ་དབང་བ་དྲེགས་པའི་ཚོགས། །ལྷག་གཏོར་འདི་བཞེས་ཕྲིན་ལས་མཛོད། །མི་མཐུན་གནོད་པའི་ཕྱོགས་ཀུན་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ལྷག་གཏོར་བསྐྱལ། ཆད་མདོ་ནི། ཧཱུྃ། སྣང་སྲིད་ལྷ་སྲིན་མ་མོ་མཁའ་འགྲོའི་ཚོགས། །སྔོན་གྱི་དམ་བཅའ་གཉན་ལ་མ་འདའ་བར། །དམ་རྫས་བརྒྱན་པའི་གཏོར་…