Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 188 of 500
      CMR008 · ཀརྨ་ཆགས་མེད།
      འོད་འབར་ཕྲིན་ལས་བཞི་སྒྲུབ།
      འོད་འབར་ཕྲིན་ལས་བཞི་སྒྲུབ་ལ་བྱེད་ལུགས་མང་ན་ཡང་། ད་ནངས་སྔ་མོ་ནས་འོད་འབར་ཚར་གཅིག་འདོན། ཐོ་རེངས་སམ་ནམ་ལངས་ནས་བཟུང་སྟེ་རང་ཁ་ཤར་དུ་གྱུས་ལ། རང་ཨོ་རྒྱན་དཀར་པོ་པད་ཞྭ་ན་བཟའ་ཐམས་ཅད་དཀར་པོར་བསྒོམ། དེའི་སྤྱི་བོ་ཀླད་པའི་ནང་དུ་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་ལ་སྔགས་ཕྲེང་བསྐོར་བ་ལས་འོད་ཟེར་དཀར་པོ་འཕྲོས་པས་ནད་གདོན་སྡིག་ས…
      CMR008 · ཀརྨ་ཆགས་མེད།
      འོད་འབར་ཕྲིན་ལས་བཞི་སྒྲུབ།
      ཟླ་བ་སེར་པོའི་སྟེང་དུ་ཧཱུཾ་སེར་པོ་ལ་སྔགས་ཕྲེང་སེར་པོས་བསྐོར་བ་ལས་འོད་ཟེར་གསེར་གྱི་མདོག་ལྟར་འཕྲོས་ལུས་གང་ཡུལ་ཁམས་ཁྱབ་པས། ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བསྒོམས་ལ། །བཛྲ་གུ་རུའི་མཇུག་ཏུ། བྷཾ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ སྦྱར་ལ་བསྙེན་པ་བརྒྱ་རེའི་མཚམས་སུ། ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་ས…
      CMR008 · ཀརྨ་ཆགས་མེད།
      འོད་འབར་ཕྲིན་ལས་བཞི་སྒྲུབ།
      སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ ཅེས་བརྗོད། མུན་རུབ་བར་དེ་ལྟར་བྱའོ།། ༈ མུན་རུབ་ནས་ཁ་བྱང་དུ་གྱུ་ལ་འོད་འབར་ཚར་གཅིག་འདོན། རང་ཨོ་རྒྱན་མཐིང་ནག་ཞྭ་དང་ཆོས་གོས་མཐིང་ཀ་ཅན་བསྒོམ་པའི་གསང་གནས་སུ་ཉི་མའི་གདན་ལ་ཧཱུཾ་མཐིང་ནག་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་མཐིང་ནག་ཚྭ་ཞིང་རྩུབ་པ་འཕྲོས་པས་དགྲ་བགེགས་ཐམས་ཅད་ཚར་བ…
      CMR008 · ཀརྨ་ཆགས་མེད།
      འོད་འབར་ཕྲིན་ལས་བཞི་སྒྲུབ།
      པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛསིདྡྷི་ཕ་ལ་ཧཱུྃ༔ ཞེས་ཛབ་བྲོ་བརྡུང་བ་ལྟར་བྱའོ། །གཞན་ཡང་ཐུན་མཚམས་སུ་ཕག་མོ་སོགས་དང་ཆོས་སྤྱོད་སོགས་ཆག་མེད་རིགས་གང་ཡོད་རྣམས་བྱའོ། །འོད་འབར་ཚར་བཞི་དང་སྔགས་དམིགས་ཐུན་བཞི་རེ་མ་ཆག་པར་བྱའོ། །དེ་ལྟར་སྔགས་རེ་རེ་ལ་འབུམ་ཕྲག་བཞི་རེའམ་རེ་རེའམ། ཟླ་དྲུག་གམ་གསུམ་མམ་གཅིག་སོགས་གང་ཐོན་རེ་བྱའོ…
      CMR008 · ཀརྨ་ཆགས་མེད།
      འོད་འབར་ཕྲིན་ལས་བཞི་སྒྲུབ།
      ཀར་ཉི་མའི་གདན་ལ་ཧཱུྃ་དམར་པོ་ལ་ཨརྩིག་གིས་བསྐོར་བར་བསྒོམས་ལ་ཨརྩིག་རྐྱང་པ་འདོན། ཨ་ཡ་མ་མི་སྦྱར་རོ། །དེ་ནས་ཉིན་ཕྱེད་དྲག་པོ་ཚར་གཅིག་དགོང་ཀ་གཅིག་དང་ཚར་གསུམ་འདོན། གཏོར་འབུལ་ཡོད་ན་བཀུག་གཞུག་བྱས་ལ། དམར་ནག་གྲུ་གསུམ་འབར་བའི་ཞེས་སོགས་བསྐུལ་པ་དང་། སེང་གདོང་མ་ཆད་མདོ་གསུམ་འདོན་ལ་འབུལ། རྒྱུན་དུ་གཏོར་འབུལ་མི་དགོས་སོ།…
      CMR008 · ཀརྨ་ཆགས་མེད།
      འོད་འབར་ཕྲིན་ལས་བཞི་སྒྲུབ།
      གྲུ་མོ་གཡོན་གྱི་ཁཊ་དེ་ཡབ་གུ་རུ་དྲག་པོའི་ངོ་བོ་ཡིན་པར་བསམས་ལ་སེང་གདོང་མའི་གཏོར་བསྔོས་ཡན་འདོན། བསྐུལ་པ་མི་འདོན། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བཅུ་གཉིས་ལྟེ་བར་ཧཱུཾ། འདབ་མ་ལ་ཨཀསམསོགས་ཡི་གེ་བཅུ་བཞི་པ་བསྒོམས་ལ་སྔགས་ཕྲེང་ཧཱུྃ་གི་མཐར་གཡོན་དུ་འཁོར་བར་བསྒོམས་ལ། ཨཀསམའདོན། དེ་ཡང་དུས་གསུམ་སེང་གདོང་མའི་ལས་བྱང་ཚར…
      CMR008 · ཀརྨ་ཆགས་མེད།
      འོད་འབར་ཕྲིན་ལས་བཞི་སྒྲུབ།
      མོད་ཀྱི། གཏོར་མ་མང་པོ་བཅའ་བ་ཡང་ཆོག་གོ །གྲོང་ཆོག་སོགས་འདོན་ལུགས་ནི། སྔ་མོ་ཚེ་སྒྲུབ་འདོན། དེ་ནས་བླ་མ་འོད་འབར། དེ་ནས་ཡི་དམ་རྒྱལ། བ་རྒྱ་མཚོ། དེ་ནས་མཁའ་འགྲོ་ཕག་མོ། དེ་ནས་དྲག་པོ། སེང་གདོང་མ། ཞིང་སྐྱོང་། ཚེ་རིང་མ། སོགས་འདོན། ཚོགས་ཕག་མོ་འདོན། དེ་ལ་འོད་འབར་ཚོགས་མཐུད་ནས་འདོན། དེ་ནས་ཚོགས་ཕུད་ལ། གསང་སྔགས་ནང་གཏོ…
      CMR008 · ཀརྨ་ཆགས་མེད།
      འོད་འབར་ཕྲིན་ལས་བཞི་སྒྲུབ།
      རིན་པོ་ཆེའི་ཕྱག་བྲིས་དངོས་ཀྱི་བུ་ལས་ཉི་མས་བཤུས་ཟེར་བ་ལས་ཚེ་དབང་རྒྱས་དེ་ནས་བདག་གིས་སོ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ་བཞུགས་སོ༔
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      ན་མོ་གུ་རུ་སིདྡྷི་ཧཱུྃ༔ རྫོགས་ཆེན་དཀོན་མཆོག་སྤྱི་འདུས་ཀྱི༔ སྒྲུབ་པ་ལ་སོགས་བྱ་འདོད་ན༔ མ་ཧཱ་ཡོ་གའི་བསྐྱེད་རིམ་དང་༔ ལས་བྱང་གཉིས་པོ་གབ་སྤྲད་བྱ༔ རྗེས་ནས་ཕྲིན་ལས་བཞི་སྒྲུབ་དང་༔ ལས་བཞིའི་སྦྱིན་སྲེག་སྦྲགས་པར་བྱ༔ ཚེ་སྒྲུབ་བྱེད་ན་དབང་ཆོག་དང་༔ ལས་བྱང་གཉིས་པོ་གབ་སྤྱད་བྱ༔ དེ་ལྟར་སྒྲུབ་པའི་ཆོ་ག་དང་༔ རྒྱུན་བསྙེན་ལ…
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      སོགས༔ གསུམ་མམ་གཉིས་པོ་དུས་གཅིག་བསྐྱེད༔ ཡེ་ཤེས་མང་པོ་སྤྱན་འདྲེན་ནས༔ གཅིག་གིས་སོ་སོར་བསྟིམ་པ་དང་༔ སྤྲུལ་པའི་ལྷ་མོ་མང་པོ་ཡིས༔ སོ་སོར་མཆོད་བསྟོད་བྱེད་དམིགས་ནས༔ མཆོད་བསྟོད་ཚར་གཅིག་གིས་ཆོག་པ༔ རྙིང་མ་རང་གཞུང་ལུགས་སུ་ངེས༔ གསར་ཞེན་ཆེ་བ་ལ་ལ་ཡིས༔ དེ་ལ་ངེས་པ་མ་རྙེད་ནས༔ རྙིང་མར་བདག་མདུན་ནན་གྱིས་བཟོས༔ ཆོས་བསླད་བྱ…
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      ཤེས་སེམས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔ གྱེན་དུ་ལངས་བའི་ལྟེ་བའི་ནང་༔ ཟླ་སྟེང་ཧྲཱིཿལ་སྔགས་ཕྲེང་བསྐོར༔ དེ་ནི་གཏེ་ར་སྟོན་ཉིད་ཀྱིས་གསུངས༔ འོན་ཀྱང་ཐུགས་ཀར་པདྨ་དང་༔ ཟླ་སྟེང་ཧྲཱིཿལ་སྔགས་བསྐོར་ཆོག༔ སྔགས་ཕྲེང་ཧཱུྃཡིག་དང་བཅས་པ༔ དཀར་པོ་འོད་ལྔའི་མདངས་ཆགས་པའི༔ གཡས་སུ་སྔགས་ཕྲེང་འཁོར་བ་ལས༔ འོད་ཟེར་དཀར་པོ་ཕྱོགས་བཅུར་འ…
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      དབུ་ལ་བརྒྱན༔ སྤྱན་འདྲེན་ཚིག་དེ་བརྗོད་པའི་ཚེ༔ སྲིན་ཡུལ་ཟངས་མདོག་དཔལ་རི་ནས༔ ཨོ་རྒྱན་དྲག་པོའི་སྐུར་གྱུར་ནས༔ མང་པོ་སྤྱན་དྲངས་བདག་མདུན་ཐིམ༔ དྲག་པོའི་མཆོད་བསྟོད་གཞུང་ལྟར་འདོན༔ རང་ཉིད་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ་ཡིག་བྱི་རུའི་མདོག་ཅན་མཐར༔ རྩ་སྔགས་སྡེ་བརྒྱད་མི་སྦྱར་བ༔ གཡས་སུ་དྲག་ཏུ་འཁོར་བ་ལས༔ འོད་ཟེར་དཔག་མེད་…
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      གི་ཨརྩིག་ཅི་ཙམ་བཏོན༔ དེ་ཡི་བཅུ་ཆའི་ཆ་ཙམ་འདོན༔ ༈ དེ་ནས་བདག་མདུན་གུ་དྲག་དེ༔ སྐད་ཅིག་སེང་གདོང་ལྷ་མོར་གྱུར༔ ཡབ་ནི་གུ་རུ་དྲག་པོ་དངོས༔ ཁ་ཊཾ་དུ་བསྒྱུར་མཆན་དུ་སྦྱོར༔ ཞི་བ་པདྨ་འོད་འབར་ནི༔ ཆུང་ངུ་མཁའ་འགྲོའི་དབུ་རྒྱན་ཚུལ༔ ཨོ་རྒྱན་སྤྲུལ་སྐུའི་ཞིང་ཁམས་ནས༔ སེང་གདོང་ལྷ་མོ་སྤྱན་དྲངས་ལ༔ བདག་མདུན་ལ་ཐིམ་མཆོད་བསྟོད་བྱ༔…
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      བ་མཁའ་འགྲོ་མའི༔ སྒྲུབ་པ་ལས་ཚོགས་རྐྱེན་ཟློག་ཟབ༔ ༈ དེ་ནས་ཚོགས་འཁོར་སོགས་ཡོད་ན༔ སྐད་ཅིག་བདག་ཉིད་སེང་གདོང་མ༔ པདྨ་འོད་འབར་ཞི་བར་བསྒྱུར༔ དེ་ནི་ཞི་དྲག་དབྱེར་མེད་དེ༔ སེང་གདོང་མ་ནི་ཁ་ཊཾ་དུ༔ བསྒྱུར་ནས་མཆན་དུ་བཅུག་པའོ༔ མདུན་གྱི་སེང་གདོང་ལྷ་མོ་ནི༔ དབུ་གཙུག་ཞི་བ་སྐུ་ཆེར་གྱུར༔ ནམ་མཁའི་ཁམས་གང་བླ་མས་བསྐོར༔ གཡོན་གྱི…
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      གཞུང་གི་བསྐུལ་པ་ནི༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་མན་ཆད་ནས༔ སེང་གདོང་མ་ཡི་སྨད་ཀྱི་བསྐུལ་བར་དེ༔ གོང་དུ་མི་འདོན་དམར་གཏོར་འདི་ལ་འདོན༔ དེ་ནས་ཆད་མདོ་བརྟན་སྐྱོང་འོད་འབར་གཞུང་༔ དམར་གཏོར་དཀར་གཏོར་ལག་གཉིས་གཡས་གཡོན་འཛིན༔ མཚན་མོ་ཡིན་ན་མེ་རི་བཙུགས་བྱས་ཏེ༔ མཆོད་གཡོག་པ་ཡིས་བཀྱགས་ནས་འདོན་བྱ་དགོས༔ ཞིང་སྐྱོང་དཔའ་རོམ…
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      ཡང་ཚུར་བསྟིམ་པ༔ ཕྱག་རྒྱ་སྒོ་བཅད་སྒྲུབ་པ་བྱ་བ་སྟེ༔ བྱང་ཆུབ་ཐོབ་དུས་སྒྲུབ་པ་ཐེམ་པ་ཡིན༔ དེ་ལྟར་བདག་བསྐྱེད་སྒྲུབ་པ་རྫོགས་དུས་མེད༔ ཚོགས་འཁོར་མེད་ན་ཚོགས་ལས་སྐྱར་བར་བྱ༔ རྫོགས་རིམ་རང་སེམས་བལྟས་པས་ཆོག་པ་ཡིན༔ དེ་ནི་སྤྲོས་བཅས་རྒྱུན་ཁྱེར་དམིགས་རིམ་མོ༔ ༈ སྤྲོས་མེད་ལས་བྱང་འདོན་ཡང་མི་ལྕོགས་ལ༔ གཏོར་མ་ལ་སོགས་ཅི་ཡང་མ…
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      སྒྲུབ་སྔགས་དེར་བཟླས༔ དེ་ནི་ཚེ་སྒྲུབ་རྒྱུན་ཁྱེར་ཟབ་ཅིང་བདེ༔ དེ་ཡན་མ་ཧཱ་ཡོ་གའི་བསྐྱེད་རིམ་ལུགས༔ ༈ རང་ཉིད་པདྨ་འོད་འབར་གསལ་བཏབ་པའི༔ སྙིང་ཁར་ཞི་བ་བཞི་བཅུ་རྩ་གཉིས་དང་༔ མགྲིན་པར་རིག་འཛིན་གཙོ་བོ་ཡབ་ཡུམ་བཅུའི༔ གཙོ་བོ་པདྨ་གར་དབང་སྤྱན་རས་གཟིགས༔ སྤྱི་བོར་ཆེ་མཆོག་ཁྲག་འཐུང་ཁྲོ་བོའི་ཚོགས༔ ལྟེ་བར་མཁའ་འགྲོ་སྡེ་ལྔ་གས…
      CMR008 · ཀརྨ་ཆགས་མེད།
      བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།
      ཀྱི་སྟོང་ཉིད་མཁའ་འགྲོ་སེང་གདོང་ཅན༔ ཐབས་ཀྱི་གསལ་ཆ་རྡོ་རྗེ་དྲག་པོ་རྩལ༔ གཞན་དུ་མ་གྲུབ་རང་གི་སེམས་ཉིད་འདི༔ མ་ཡི་རང་ངོ་སངས་རྒྱས་ས་བཞིན་བཞག༔ དེ་ནི་ཁྲེགས་ཆོད་གཞི་ཡི་ལྟ་བ་ཡིན༔ ཉི་ཟླ་མར་མེ་སྐར་ཁུང་ལ་སོགས་ལ༔ ཙཀྵས་ཟིམ་བུར་ལྟས་པས་འཇའ་ཚོན་ཤར༔ ཐིག་ལེ་གཅིག་གྲགས་ལུག་རྒྱུད་གསལ་བར་འཆར༔ དེ་ཉིད་ངོ་བོ་སེམས་དང་དབྱེར་མེད་…