Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 107 of 500
      CMR005 · ཀརྨ་ཆགས་མེད།
      ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོ་ག་གཅིག་ལ་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་སུ་འགྱུར་ཚུལ་གྱི་ཞལ་གདམས།
      མོས་པ་རྣམས། །བཀའ་དྲིན་བཞག་པ་ཆེན་པོ་བྱས་ཡོད་དོ། །འོན་ཀྱང་གསང་སྔགས་ཤིན་ཏུ་གཉན་པའི་ཕྱིར། །སྦ་འོས་གསལ་བར་བཀོད་པའི་ཉེས་མཆིས་ན། །བཀའ་ཡི་སྲུང་མ་དབང་ཕྱུག་ཉེར་བརྒྱད་དང་། །མ་ནིང་སྡེ་བདུན་འཁོར་དང་བཅས་ལ་བཤགས། །ཆོས་འདིས་འགྲོ་དོན་རྒྱ་ཆེན་འབྱུང་བ་ཡི། །གཉེར་ཁ་གཏད་དོ་འཕེལ་ཞིང་རྒྱས་པར་མཛོད། །འདི་བྲིས་དགེ་བས་བདག་ལ་འབྲ…
      CMR005 · ཀརྨ་ཆགས་མེད།
      བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།
      བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ་ཞེས་བྱ་བ་བཞུགས་སོ།
      CMR005 · ཀརྨ་ཆགས་མེད།
      བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།
      རྒྱལ་བ་ཀུན་གྱི་སྤྱི་མེས་ཀུན་ཏུ་བཟང་། །དང་པོའི་སངས་རྒྱས་དེ་ལ་ཕྱག་འཚལ་ནས། །ཆོས་རྣམས་ཀུན་གྱི་ས་བོན་བཏགས་གྲོལ་རྒྱུད། །ཉམས་ལེན་མི་དགོས་བཏགས་པས་གྲོལ་བའི་ཐབས། །དེ་ཡི་མན་ངག་ཞལ་ཤེས་འདིར་བཀོད་བྱ། །ཆོས་བདག་སྲུང་མས་བཀའ་ཡིས་གནང་བ་སྩོལ། །ཞི་ཁྲོ་གསང་འདུས་ཡང་སྙིང་འདུས་པ་དང་། །ཆེ་རྒྱུད་རྡོར་ཕྲེང་ཀློང་གསལ་ལ་སོགས་པ། །…
      CMR005 · ཀརྨ་ཆགས་མེད།
      བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།
      ཆེན་བཞི་ཡི་སྙིང་པོ་རྩ་བ་ཡིན། །སྔགས་ལ་འདྲ་མིན་གཏེར་ཁ་སོ་སོའི་ལུགས། །ཞུ་དག་མི་ཉན་ཀློང་གསལ་རྒྱུད་ནས་གསུངས། །དེ་ལ་ཙཀྲ་མ་དང་གླེགས་བམ་གཉིས། །ཙཀྲ་མ་ནི་རིག་འཛིན་རྣམས་ཀྱིས་མཛད། །བྲི་ཚུལ་སོ་སོའི་གཞུང་དུ་གསལ་ལྟར་ལགས། །གླེགས་བམ་མ་ནི་རྒྱུད་ཀྱི་དགོངས་པ་ཟབ། །འབྲི་མཁན་རབ་ནི་རྫོགས་ཆེན་རྣལ་འབྱོར་པ། །འབྲིང་ནི་དབང་ཐོབ་…
      CMR005 · ཀརྨ་ཆགས་མེད།
      བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།
      སྐྱེས་རུང་། །སྣག་ཚ་སྟོན་པའི་ཁ་དོག་རིན་ཆེན་ཏེ། །སྔགས་ཀྱི་སྟོན་པ་རྒྱལ་བ་རིགས་ལྔའི་མདོག །བེཌུར་གསེར་ཟངས་གཡུ་དང་དུང་ཡང་རུང་། །རབ་ནི་ཐུབ་པའི་སྐུ་མདོག་གསེར་ནི་མཆོག །འབྲིང་དངུལ་མཚལ་དང་ཐ་མ་རྒྱ་སྣག་ལ། །ཆོས་སྨན་བདུད་རྩི་རིལ་བུ་བསྲེས་པས་རུང་། །བཏགས་གྲོལ་མང་པོ་ཕྱོགས་གཅིག་བཏགས་པ་ན། །ཤོག་ཚད་རྩེ་སོར་བརྒྱུད་ཀྱི་ཚད་…
      CMR005 · ཀརྨ་ཆགས་མེད།
      བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།
      འདི་འཆང་བ་པོ་དམ་པ་རིགས་བརྒྱ་འམ། །ཐུགས་རྗེ་ཆེན་པོ་འམ་ཚེ་དཔག་མེད་པའམ། ཀུན་ཏུ་བཟང་པོ་སོགས་མཚན་བསྒྱུར། ལྷ་ཚོགས་དབྱེར་མེད་དུ་།སངས་རྒྱས་པར་གྱུར་ཅིག །ཞེས་པ་དེ་ནི་བཏགས་གྲོལ་མཇུག་ཏུ་བྲིས། །པོད་བོང་ཆེའམ་ཤོག་གུ་དཀོན་པ་ན། །ལོགས་གཅིག་ཞི་ཁྲོ་ལོགས་གཅིག་གསང་འདུས་བྲི། །མགོ་མཇུག་བསྣོལ་བ་འདྲ་སྟེ་སྐྱོན་མེད་དོ། །ཡིག་མགོ…
      CMR005 · ཀརྨ་ཆགས་མེད།
      བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།
      དང་མཆོད་གཏོར་ལ་སོགས་བཟང་དུ་འབུལ། །སོ་སོའི་བསྙེན་པ་ཅི་འགྲུབ་བྱས་པའི་རྗེས། །བཏགས་གྲོལ་བརྒྱའམ་ཉེར་གཅིག་བདུན་སོགས་འདོན། །དེ་ཡི་བཏགས་གྲོལ་ཉིད་ལ་ཕུ་ཡིས་བཏབ། །རྟེན་འབྲེལ་སྙིང་པོ་བརྒྱའམ་ཉེར་གཅིག་གིས། །ཕུ་བཏབ་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད། །བླ་མ་འཛོམས་ན་བཏགས་གྲོལ་དབང་བསྐུར་ཞུ། །མ་འཛོམ་མདུན་བསྐྱེད་བླ་མ་དབྱེར་…
      CMR005 · ཀརྨ་ཆགས་མེད།
      བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།
      སོགས་མཁྲིགས་པོས་གཡོགས། །དེ་རྒྱབ་ལྷས་གེ་ལ་སོགས་གང་རུང་གི །མདོར་ན་ཡིག་འབྲུ་མི་ཉམས་ཐབས་གཅིག་བྱ། །དམ་ཚིག་རབ་གནས་དུས་མིན་།ལུས་མི་འབྲལ། །བཏགས་གྲོལ་བཏགས་པ་ཀུན་གྱིས་ཤེས་ནའང་། །གསང་སྔགས་གསང་བའི་དམ་ཚིག་རྟེན་འབྲེལ་དུ། །བཏགས་གྲོལ་ཡོད་ཅེས་མི་སྨྲ་མིར་མི་སྟོན། །སྒྲུབ་པའམ་ནི་ཚེས་བཅུ་ལ་སོགས་དུས། །དཀྱིལ་འཁོར་དབུས་བཤམ…
      CMR005 · ཀརྨ་ཆགས་མེད།
      བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།
      འགྱུར་ཏེ། །མ་བྱུང་ན་ནི་ཁོ་ཉིད་བཏགས་གྲོལ་ལ། །ངེས་ཤེས་མེད་པར་ཐེ་ཚོམ་ཤོར་བའི་རྟགས། །ཐེ་ཚོམ་མེད་པར་ཉམས་ལེན་བཟང་བའི་རིགས། །བཟང་རྟགས་མེད་པར་གནམ་གཡུལ་ངན་པ་ནི། །དེ་ཉིན་སྡིག་ཅན་གྲིབ་ཅན་གཞན་འགའ་ཞིག །ཤིའོམ་བསྲེག་པའི་གྲིབ་ནི་ཡིན་པར་བཤད། །འདི་ཉིད་བཏགས་པས་གྲོལ་བ་བདེན་མི་བདེན། །སྙམས་པའི་ཐེ་ཚོམ་མེད་པ་གལ་ཆེའོ། །ཤོར་…
      CMR005 · ཀརྨ་ཆགས་མེད།
      ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།
      ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ་བཞུགས་སོ།།
      CMR005 · ཀརྨ་ཆགས་མེད།
      ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།
      ན་མོ་ཤནྟི་ཀྲོ་ཏ་ཡེ། ཞི་ཁྲོ་དགོངས་པ་རང་གྲོལ་འདི་གཏེར་སྟོན་ནས་བརྒྱུད་པ་གསུམ་དུ་གཅིག་བརྒྱུད་དེ་ནས་བཀའ་བབས་ཆོས་ཀྱི་རྒྱལ་མཚན་པས་ལོ་དྲུག་སུ་ལའང་མ་སྤེལ་ཉམས་སུ་བླངས། དེ་ནས་སྐུ་ཚེའི་སྟོད་ལ་ཕྱག་ལེན་བསྡུས་པ་ཙམ་དང་ཅུང་ཟད་སྤེལ་བའི་རྒྱུན་ཟུར་མང་ལུགས་། སྐུ་ཚེའི་སྐེད་ལ་ཕལ་ཆེར་སྤེལ་ཞིང་ཕྱག་ལེན་འབྲིང་པོ་མཛད་པ་ཀཿཐོག་ལ…
      CMR005 · ཀརྨ་ཆགས་མེད།
      ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།
      ཕབ་པ་བཀའ་བབས་ལུགས་སོ། །ངེད་ཀྱི་ལུགས་འདི་ནི་བཀའ་བབས་ཆོས་ཀྱི་རྒྱལ་མཚན་པའི་ཕྱག་ལེན་རྒྱས་པ་གུ་རུ་ཀུན་དགའ་བསྟན་འཛིན་གྱི་ཕྱག་བཞེས་མ་འཆུགས་པ་ལགས་སོ། །བཅའ་ལུགས་མཐོང་བ་བརྒྱུད་པར་གཟིགས་ལྟར་རོ། །འདོན་ལུགས་སྐྱབས་སེམས་དཀར་བགེགས་མཆོད་པ་བྱིན་རླབས་རྒྱས་བསྡུས་སྐབས་དང་བསྟུན་ཏེ་སྤྱི་ལྟར་རོ། །དེ་ནས་ལོང་སྐབས་ཡོད་ན་ཐུགས་…
      CMR005 · ཀརྨ་ཆགས་མེད།
      ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།
      དཀྱིལ་འཁོར་ཆ་ཚང་གཅིག །མདུན་དཀྱིལ་འཁོར་ཆ་ཚང་གཅིག་དང་བུམ་པ་ལྔའམ་གཅིག་གི་ནང་དུ་ལྷ་ཚང་མ། གཏོར་མ་དབང་གཏོར་དེ་དཀྱིལ་འཁོར་ཚང་མ་གཅིག་རྣམས་དུས་གཅིག་ལ་བསྒོམ། སྤྱན་འདྲེན་དུས་ཡེ་ཤེས་པ་དཔག་མེད་དུས་གཅིག་སྤྱན་དྲངས་པ་དཀྱིལ་འཁོར་བཞི་པོ་སོ་སོར་བསྟིམ། དེ་ཡང་གཞལ་ཡས་ཁང་གི་ནང་དུ་ཞི་བ་བསྐྱེད་ནས་ཡར་བཏེག༔ ཁྲོ་བོའི་དཀྱིལ་འཁོ…
      CMR005 · ཀརྨ་ཆགས་མེད།
      ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།
      བསྟུན་ཆོག །མར་མེ་ཡང་འདིར་བལྟམས་ནས་མར་མེ་སྨོན་ལམ་བྱ་བའམ། རྗེས་ནམ་གང་རུང་སྐབས་དང་བསྟུན་རུང་། ཉིན་ཆོག་ལ། ཟད་མི་ཐུབ་ན། སྤྱན་འདྲེན་གཅིག་མཆོད་པའི་སྐབས་སུ་བལྟམས་ལ། སྨོན་ལམ་རྗེས་སུ་རུང་། དེ་ནས་ཚོགས་བྱ། ཚོགས་ཕུད་ཕུལ་ལ་གཏོར་བསྔོས་བྱ་རྒྱུ་ཡིན་རུང་། ཡི་དམ་ཆོས་སྐྱོང་གི་ལས་བྱང་མཚམས་སུ་རུང་། བར་པ་བཤགས་པས་གཏོར་མ་གས…
      CMR005 · ཀརྨ་ཆགས་མེད།
      ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།
      སེམས་བཛྲ་ཧེ་རུ་ཀ་གཉིས་དབུས་སུ་བསྒོམ། སྔགས་ཀྱང་ཡིག་བརྒྱ་ལ་བསྙེན་པ་གཙོ་བོ་དང་། བུདྡྷ་སཏཱ་སོགས། རིགས་བཞིའི་ཡིག་བརྒྱ་ཅི་ནུས་བཟླས་བ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་སྟེ། ཚེ་འདས་གནས་འདྲེན་དང་། རིགས་དྲུག་གནས་སྤར་ལ་འདི་གལ་ཆེ། བག་ཆགས་རང་གྲོལ་རྩ་ཚིག་བཏོན་ཀྱང་ལེགས། མ་ཐོན་ཡང་ཆད་པའི་སྐྱོན་མི་འགྱུར་རོ། །དེ་རང་ལུགས་ཡིན། ག…
      CMR005 · ཀརྨ་ཆགས་མེད།
      ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་འདོན་འགྲིགས།
      ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་འདོན་འགྲིགས་བཞུགས་པའི་དབུ་ཕྱོགས་ལགས།།
      CMR005 · ཀརྨ་ཆགས་མེད།
      ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་འདོན་འགྲིགས།
      ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཞི་ཁྲོའི་བཅའ་ཚོགས་མཐོང་བ་བརྒྱུད་པ་ལྟར། །འདོན་ལུགས་ཕྱག་ལེན་མི་འདྲ་སྣ་ཚོགས་ཏེ། །ཞི་ཁྲོའི་རང་གཞུང་བཀའ་བབས་ཀྱིས་མཛད་ལུགས། །སྐྱབས་སེམས་དཀར་བགེགས་ལ་སོགས་སོང་བའི་རྗེས། །ལས་བྱང་རྒྱས་བསྡུས་གང་འདོད་ཚང་བར་འདོན། །སྐབས་དེར་བོ་དྷི་ཙིཏྟ་ཅི་ནུས་བསྙེན། །དེ་ནས་ལོ་རྒྱུས་བཤད་ཅིང་བརྒྱ་…
      CMR005 · ཀརྨ་ཆགས་མེད།
      ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་འདོན་འགྲིགས།
      ཚོགས་བྱས་དབུས་ནས་བེ་རོ་སོགས། །ཚིགས་བཅད་དེ་ཉིད་འདོན་ཞིང་ཚོགས་བཀྱགས་ལ། །དེ་ནས་ཚོགས་ཚར་ཚོགས་ཕུད་གཏོར་མར་བྲན། །རང་གིས་གཏོར་བསྔོས་རྒྱས་བསྡུས་གང་ཡོད་འདོན། །བར་པ་བཤགས་པ་བསྐང་བ་གསོས་བྱས་ལ། །རྣམ་ཤེས་ཕུང་པོ་ལ་སོགས་བསྐང་བ་འདོན། །དེ་ནས་བསྒྲལ་ལས་བསྟབ་པ་གཞུང་ལྟར་བྱ། །མར་མེ་སྦར་ལ་མར་མེའི་སྨོན་ལམ་གྱེར།་།དེ་ནས་ཚོགས་…
      CMR005 · ཀརྨ་ཆགས་མེད།
      ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་འདོན་འགྲིགས།
      གཞུག་ཅུང་ཟད་རྗེས། །ལས་བྱང་བསྐུལ་དང་དེ་རྗེས་སྡེ་བདུན་བསྐུལ། །དེ་རྗེས་ཆད་མདོ་བརྟན་སྐྱོང་བྲན་ལ་འབུལ། །རྟ་བྲོ་རྗེས་ཆོག་ལ་སོགས་གཞུང་ལྟར་རོ། །དེ་ནི་བཀའ་བབས་ལུགས་ཀྱི་ཕྱག་ལེན་ཡིན། །གུ་རུ་ཀུན་དགའ་བསྟན་འཛིན་ཕྱག་ལེན་དང་། །གོང་མ་རྣམས་ཀྱི་མིག་ལྟོས་ལྟར་བྱེད་ན། །དང་པོ་གུ་རུ་ཞི་བ་འདོན་པར་བྱེད། །ཞི་ཁྲོའི་ལས་བྱང་རྗེས…
      CMR005 · ཀརྨ་ཆགས་མེད།
      ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་འདོན་འགྲིགས།
      བྱས་ལ། །གཅིག་ལ་རང་གི་ཆོས་སྐྱོང་ཡོད་ཚད་ཀྱི། །གཏོར་འབུལ་བསྐུལ་ཐུང་ཐམས་ཅད་དེ་ལ་འདོན། །གཅིག་ལ་ཞི་ཁྲོའི་གཞུང་གི་བསྐུལ་པ་དང་། །ཚད་མདོ་བརྟན་སྐྱོང་ལ་སོགས་འདོན་བྱ་སྟེ། །གཞི་བདག་དཀར་གཏོར་དང་བཅས་གཏོར་མ་གསུམ། །མེ་རི་བཙུགས་ལ་མཆོད་གཡོག་པ་ཡིས་བཀྱགས། །བཟློག་ཐུང་བཏོན་ལ་གསུམ་པོ་དུས་གཅིག་ཕུལ། །དེ་རྗེས་ཚོགས་སྤེལ་ཚོགས་ལ…