Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 16 of 500
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      ༄༅། །དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      ན་མོ་ཤཱཀྱ་མུ་ནེ་ཡེ། བཅོམ་ལྡན་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །དམ་ཆོས་དཀོན་མཆོག་བརྩེགས་པའི་ལེའུ་གསུམ། །རྨི་ལམ་བསྟན་པ་ཞེས་བྱའི་ལེའུ་ལས། །བྱང་ཆུབ་སེམས་དཔའ་གང་ཞིག་རྨི་ལམ་ན། །སྔོན་མ་ཐོས་པའི་ཆོས་དག་ཐོས་པ་ན། །དེ་ནི་སངས་རྒྱས་མང་པོར་བསྙེན་བཀུར་བྱས། །ཆོས་སྨྲ་མང་པོར་བསྙེན་བཀུར་བྱས་པ་སྟེ། །བྱང་ཆུབ་སེམས་དཔའ་དེ་ནི་རབ་དག…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      ཆོས་གཏམ་སྣ་ཚོགས་ཐོས་ན་ས་དང་པོ། །ཡོ་བྱད་བསྙུང་བའི་གཏམ་ཐོས་ས་གཉིས་པ། །ཐེ་ཚོམ་གཅོད་པའི་གཏམ་ཐོས་ས་གསུམ་པ། །གཟུངས་ཀྱི་གཏམ་ཐོས་ས་ནི་བཞི་པའོ། །མཚན་ཉིད་གཏམ་ཐོས་ས་ནི་ལྔ་པའོ། །དོན་དམ་པ་ཡི་གཏམ་ཐོས་ས་དྲུག་པ། །ཐམས་ཅད་ཐོས་ན་ས་ནི་བདུན་པར་གསུངས། །དེ་ལྟར་ས་ཐོབ་དག་ཡིན་སྙམ་པ་ཡི། །ང་རྒྱལ་རློམ་སེམས་དག་ནི་མ་མཆིས་ཏེ། །རྨི…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      ས་བླ་འབྱུང་པོའི་འདྲེ་འབོད་ནོར་གསུངས་པ། །དེ་བཞིན་ཡེ་ཤེས་ལྷ་ཡི་ལུང་བསྟན་དང་། །བར་ཆད་བདུད་ཀྱི་བསླུ་བ་འབྱེད་དཀའ་ཡང་། །འདི་དག་མདོ་རྒྱུད་ལུང་དང་མཐུན་པ་དང་། །འདི་དག་བྱུང་བཞིན་ཐུགས་དམ་ཇེ་འཕེལ་བས། །ལུས་སྲོག་ཆོས་དང་སྡོམ་པ་དམ་ཚིག་ལ། །བར་ཆད་མ་བྱུང་ཇེ་ལེགས་བྱུང་བའི་ཕྱིར། །བདུད་དང་འབྱུང་པོ་མིན་པར་དེ་ཡིས་ཤེས། །དེ་…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      པ་ཁོ་ན་བྱུང་། །དུས་ཕྱིས་མཆོག་གི་སྤྲུལ་སྐུ་ཞིང་བརྗེས་ནས། །རྒྱལ་དབང་བཅུ་པའི་ཞལ་གདམས་ཤོག་དྲིལ་ན། །སི་ཏུ་སྤྲུལ་སྐུའི་འཚོགས་ལ་གསུངས་པ་ལས། །བྱང་ཆུབ་སེམས་དཔའ་བྱམས་པ་དེ་ཉིད་ནི། །ཆོས་ཀྱི་དབང་ཕྱུག་ཡིན་ཚུལ་གསུངས་འདུག་པས། །ངེས་ཤེས་ཐོབ་སྟེ་བདག་གི་མཁན་པོ་དེ། །རྒྱལ་བ་བྱམས་པ་དངོས་ཉིད་ཡིན་སྙམ་པའི། །བྱམས་སྨོན་ལོ་གྲངས…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      མཁྱེན། །ད་རུང་རྣམ་མཁྱེན་བར་དུ་བསྐྱབ་ཏུ་གསོལ། །དེ་ལྟར་བླ་མ་དམ་པའི་མཚན་ཉིད་དང་། །ཐུན་མོང་ཐེག་པའི་ལམ་རིམ་ཚིག་གཅིག་མ། །རྨི་ལམ་ཡུལ་དུ་ཐོས་འདི་དང་པོའོ།། །།ཁམས་སུ་ཕྱིན་ནས་གྲོང་ཆོག་བྱེད་པའི་ཚེ། །སྤྱིར་ཡང་དབང་ལུང་རྒྱ་ཆེན་འདོད་པ་དང་། །ཁྱད་པར་ནུབ་གཅིག་ཉལ་ཁའི་རྣམ་རྟོག་ལ། །སྦྱོར་དྲུག་རིམ་ལྔ་ཞི་བྱེད་ལ་སོགས་པ། །མད…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      གཏང་བྱུང་བ། །ཀློག་པས་གོས་ཆེན་དམར་པོ་གདིང་བ་ཙམ། །ཤིན་ཏུ་བཟང་པོའི་ངོས་ལ་གསེར་གྱིས་བྲིས། །དབུས་ཡིག་ཕྱག་བྲིས་འདྲ་བའི་ཡི་གེ་ལ། ༢ །སྦྱོར་དྲུག་རིམ་ལྔ་ཞི་བྱེད་ལ་སོགས་དེ་ཐམས་ཅད་ཐོབ་ཀྱང་། བླ་མ་ལ་མོས་གུས་ཀྱི་སེམས་མ་ཟིན། རང་གི་སེམས་ངོ་སྐྱོང་མ་ནུས་ན་ཕན་མེད། བླ་མ་ལ་མོས་གུས་ཀྱི་སེམས་ཟིན། རང་སེམས་ངོ་སྐྱོང་ནུས་ན་དེ་…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      པའོ།། །།ཡང་ནི་རྒྱལ་བ་རྒྱ་མཚོའི་དབང་བཞི་ནི། །ཐོབ་པ་དཀོན་པས་ཐོབ་བམ་མི་ཐོབ་རྟགས། །ཉམས་དང་རྨི་ལམ་གང་ཡིན་མ་འབྱེད་པར། །གཟུགས་མེད་པ་ཡི་ལུང་བསྟན་སྒྲ་འདི་གྲག ༢ བཀྲ་ཤིས་འཛིན་པའི་དགེ་སློང་། མངྒ་ལཾ་ག་ག་ན་དྷུ་ཛ། དེ་སྐད་བྱུང་བས་དེ་ཡི་ནངས་པར་ནས། །མཁས་གྲུབ་ལུང་རིགས་ཉི་མའི་བཀའ་ཤོག་ཕེབས། །དབང་ལུང་ཡོད་པས་ཤོག་དང་གནང་གས…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      པར། །གཟུགས་མེད་ཆོས་ཀྱི་སྒྲ་ནི་འདི་ཐོས་སོ། །མི་རུ་སྐྱེ་བར་མི་འདོད་ཅིང་། །བདེ་བ་ཅན་དུ་སྐྱེ་འདོད་ན། །འཕོ་བའི་གདམས་ངག་བསྒོམ་པ་གཅེས། །དེ་སྐད་ཟེར་བ་དེ་ཡི་དོན་དེ་ནི། །རྒྱུད་དང་མན་ངག་གཉིས་པོ་ངོ་མཚར་བས། །བདེ་ཆེན་ཞིང་དུ་འཕོ་བའི་གདམས་པ་ལ། །ངེས་ཤེས་ཐོབ་པའི་བློ་སེམས་བདེ་བ་བྱུང་། །འཕོ་བའི་ལུང་བསྟན་ཐོས་འདི་གསུམ་པའ…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      ཆེན་གྱི། །སྒྲོན་མེ་དྲུག་གི་གདམས་པ་ཡིན་པར་གོ །མདོ་ལུགས་སྔགས་ལུགས་བདེ་ཆེན་ཞིང་མཐོང་ཐབས། །རྨི་ལམ་ལུང་བསྟན་ཐོབ་འདི་བཞི་པའོ།། །།ཡང་ནི་ཁྲོ་ཆུ་ཞོར་སྒྲུབ་ལྟ་བུ་ལ། །ཞག་གྲངས་ཉེར་གཅིག་བསྙེན་པ་བྱས་སྐབས་སུ། །རྨི་ལམ་ཡུལ་དུ་གཏམ་རྒྱུད་འདི་འདྲ་ཞིག །བཤད་མཁན་དངོས་པོ་མ་མཐོང་རྣ་བས་ཐོས། ༢ །སྔོན་བྲམ་ཟེ་ཞིག་གི་བྲན་མོ་ཞིག་ག…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      གྲོལ་ཏེ་གྲུབ་པ་ཐོབ། ཅེས་གསུངས་སོ། །བསོད་ནམས་ཆུང་ཞིང་དབང་པོ་རྟུལ་བ་ཡི། །བྲན་མོས་འཇམ་དཔལ་བསྙེན་པས་གྲུབ་ཐོབ་ན། །གཞན་དག་རྩེ་གཅིག་ཡི་དམ་ལྷ་བསྒྲུབས་ན། །ཅི་ཕྱིར་མི་འགྲུབ་དེ་ཕྱིར་བརྩོན་པ་ཡི། །ཡི་དམ་ལྷ་ལ་བསྙེན་སྒྲུབ་བརྩོན་འགྲུས་བྱས། །ཞེས་པ་འདི་ནི་དེ་ཡི་དོན་ཡིན་ནོ། །རྨི་ལམ་གཏམ་རྒྱུད་སྔོན་བྱུང་ལོ་རྒྱུས་ལ། །བརྟ…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      ནི་གཅིག་པར་གདའ། །དེ་ནས་བསྟབ་པ་ཞུ་མི་གལ་ཆེན་འགར། །ཉམས་མཚར་དམིགས་པ་དེ་ཉིད་ཁོ་ན་ལ། །འབད་པས་ཕན་ཐོགས་ཆེ་བ་འགའ་བྱུང་ཞིང་། །རང་ཉིད་རིམས་སོགས་ན་བའི་སྐབས་འགའ་ལ། །དེ་ཉིད་ཕུར་ཚུགས་བསྒོམས་ན་ཕན་པར་སྣང་། །འདི་ནི་ཨོ་རྒྱན་ཆེན་པོས་གསུངས་པ་ཡི། །ཆོས་སྐྱོང་འཁུ་ན་གནད་ལ་དབབ་ཐབས་དང་། །མ་གཅིག་གཅོད་ཀྱི་དོན་ཀུན་འདིར་ཚང་སྟེ། …
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      ཙམ་ཞིག་ནི། །མེད་ཐབས་མེད་སོགས་རྒྱས་པར་བཤད་བྱས་ནས། །ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་སྒྲུབ་པ་གང་ཡིན་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་མྱུར་ཐོབ་ཤོག །དེ་སྐད་བདག་གིས་གཞན་ལ་བཤད་རྨིས་ཀྱང་། །དངོས་སུ་དེ་དོན་ཁ་ཞེ་མེད་པ་རུ། །བདག་གི་རྒྱུད་ལ་སྐྱེས་འདི་བརྒྱད་པ་སྟེ།། །།ལས་དང་རྒྱུ་འབྲས་དོན་ཀུན་དེར་འདུས་སོ…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      འདྲ་མིན་འགའ་བྱུང་བས། །གང་ཡིན་ཐེ་ཚོམ་བྱུང་ནུབ་རྨི་ལམ་དུ། །རེས་འགའ་ཡི་གེ་མཐོང་བ་ཡིན་སྙམ་བྱེད། །རེས་འགའ་དེ་འདྲའི་སྒྲ་ཞིག་གྲག་སྙམ་བྱེད། །སྒྲུབ་ཐབས་རྣམས་ཀྱི་བསྟོད་པ་ཕལ་ཆེར་འདྲ། །སྨད་ནི་ཅུང་ཟད་འདྲ་མིན་ཞིག་བྱུང་བ་ནི། གསང་སྔགས་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་གྲག་པའི་དོན་ཡིན་ནོ། །ཟེར་བ་བྱུང་བས་དོགས་པ་ཆོད་པ་བྱུང་། །ཡང་…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      ནང་། །རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ་རྣམས་ལ་གསོལ་བ་བཏབ་ན། །རྒྱལ་པོའི་འཇིགས་པ་ལ་སོགས་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་འགྱུར། ཟེར་བ་འདུག་པས་བརྒྱུད་རིམ་འདི་དག་ནི། །སྟོན་པས་གསལ་པོར་གསུངས་པ་རྣམས་བསམ་ཞིང་། །འདི་ལ་བླ་མའི་རྣལ་འབྱོར་སྒོམ་པ་དང་། །དེ་ཡི་ལས་ཚོགས་གསོལ་འདེབས་དོན་འདུས་སོ། །མོས་གུས་སྒོམ་…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      གསུམ་མཁྱེན་པ་དེ། །ཡར་ལ་བྱོན་པའི་རྗེས་སུ་བདག་སོང་བས། །ཕྱིར་ལ་གཟིགས་ནས་བདག་ལ་འདི་སྐད་གསུངས། །བུ་ངེས་པར་ཆོས་བྱེད་ན་ཚེ་འདི་བློས་ཐོངས། །གསུངས་དེའི་ནང་དུ་བཀའ་བརྒྱུད་རྣམ་ཐར་དང་། །ཞེན་ལོག་ངེས་འབྱུང་ཁྲིད་རྣམས་འདུས་པར་གོ །ཤུགས་ཀྱིས་བྱུང་བ་མ་གཏོགས་ཧ་ཅང་དུ། །འདོད་པ་ཆེན་པོ་མེད་པའི་ཉམས་ཤིག་སྐྱེས་། །ནངས་སྔ་ཕྱི་མོ་…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      མངོན་སུམ་དུ། །གཉིད་ལས་བསླང་སོགས་འདི་ནི་བཅུ་གསུམ་པ།། །།གྲུབ་མཐའ་འགའ་ལ་ལོག་ལྟ་གཤེ་སྐུར་ཤོར། །དེ་རྣམས་བཀག་པའི་བསྟན་བཅོས་བརྩམ་བསམས་པས། །རྨི་ལམ་བྲག་དམར་ཆེན་པོའི་རྩེ་བཀོག་ནས། །ལམ་ངན་རྐང་པ་ཨེ་ཐེབ་ཙམ་ལ་ཕྱིན། །དེ་ཚེ་ལུང་བསྟན་ཚིག་འདི་མཁའ་ལ་གྲག །ལུས་ངན་འདི་ལ་ལས་ངན་འདི་འདྲ་གཟན། །ཅེས་ཟེར་སྐྲག་ནས་ཚུར་ལོག་མ་བྲུལ་ར…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །ཨོ་རྒྱན་སྲིན་པོ་ཆིབས་པ་མཇལ་ནས་ཡལ། །དེ་རྗེས་དཔེ་ཆ་ཞིག་ནི་བསྟན་བྱུང་བ། །འཁྲུལ་པ་ཡིན་སྙམ་ལག་ཏུ་མ་བླངས་བས། །ནན་གྱིས་མིག་གི་ཐད་དུ་གཏུག་བྱུང་བ། །དུང་མདོག་ཤོག་བུར་ཤིན་ཏུ་བྲིས་ལེགས་པ། །མཚལ་མགོ་ལ་སོགས་སྣུམ་ཞིང་མཛེས་པར་སྣང་། །དེ་ལ་བལྟས་པས་ཚིག་འདི་བློ་ལ་ཟིན། །ཐུགས་རྗེ་ཆེན་པོ་ལ་ཕྱ…
      CMR001 · ཀརྨ་ཆགས་མེད།
      དགེ་སློང་རཱ་ག་ཨ་སྱའི་ནང་གི་རྣམ་ཐར་ལས་འཕྲོས་པ་རྨི་ལམ་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་སྙིང་གཏམ་ཚིག་གཅིག་མའི་སྐོར།
      ལམ་སྐུ་ནི་གསལ་བར་མ་མཐོང་ཡང་། །ཨོ་རྒྱན་གསུང་གིས་འདི་སྐད་གསུངས་པ་ཐོས། །ང་ལ་ཁ་ཞེ་མེད་པར་གསོལ་བཏབ་ན། །དགྲ་ཡི་འཇིགས་པ་འོང་མི་སྲིད་ཅེས་གསུངས། །བསམ་པ་ལྷུན་གྲུབ་མ་ནས་གསུངས་པ་དང་། །མཐུན་ཞིང་འདི་ལ་ངེས་ཤེས་ཅུང་ཟད་ཐོབ། །སྨོན་ལམ་འཇིགས་སྐྱོབ་ལུང་ཐོབ་བཅོ་ལྔ་པ།། །།འདོད་ཆགས་སྐྱེ་དུས་བདག་དང་སེམས་ཅན་ཀུན། །སྔགས་ཀྱིས་སྟ…