Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      10000 results — page 91 of 500
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      གསང་བ་ལས། ཐུན་མོང་དུ་དང་པོར་འཇུག་པའི་བློ་རིམ་ངེས་པ་ནས་རྩོམ་པར་སྟོན་པས། གནས་དང་པོའི་དོན་ལ་ཆིངས་རྣམ་པ་གསུམ་སྟེ། གང་གིས་ཉམས་སུ་ལེན་པར་བྱེད་པ་རྣལ་འབྱོར་པའི་དབྱེ་བ་དང་། ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ངེས་པ་དང་། ཉམས་སུ་བླང་བའི་དོན་དངོས་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཐུན་མོང་གི་རབ་ཏུ་དབྱེ་བ། སོ་སོའི་དོན་བཤད་པ། བླ…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      རྟོགས་ནས་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །འཇུག་པ་ལས་ཀྱི་རྣལ་འབྱོར་ནི། །དོན་ཉིད་བྱ་བས་འགྲུབ་པར་འདོད། །བྱ་བ་ཆེན་པོས་བཅིངས་པ་རྣམས། །དང་པོ་སེམས་བསྐྱེད་བྱ་བ་བྱེད། །དེ་ནས་བཟུང་ནས་བྱ་བ་རྣམས། །ཐམས་ཅད་བྱེད་ཅིང་བསྒྲུབ་པའོ། །དེ་ཡང་གྲོལ་བར་ངས་མ་བཤད། །བྱ་བ་རྒྱུ་ཡི་རྣལ་འབྱོར་ནི། །…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      པར་གསུངས་སོ། །ས་གཅིག་ནི་རིག་པ་ལྷུན་གྲུབ་སྟེ། ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་སོ། །ཞེས་པ་བཞིན་ནོ། །གསུམ་པ་བླ་ན་མེད་པའི་གནས་ངེས་པ་ལ་རྣལ་འབྱོར་གྱི་དབྱེ་བ་སྤྱིར་བསྟན་པ་དང་། སྣོད་ལྡན་གྱི་གང་ཟག་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རང་ཤར་ལས། བསམ་གྱིས་མི་ཁྱབ་རྣལ་འབྱོར་ཀྱང་། །རྣམ་པ་ལྔ་ཡི་ཁོངས་ས…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      ལྟ་བ་སྒོམ་པ་འཛིན་པ་ནི། །དད་པ་རབ་དང་བརྩོན་འགྲུས་ལྡན། །གཏོང་བར་ནུས་ཤིང་བླ་མར་གུས། །བརྟུལ་ཞུགས་ཅན་ལ་སྡིག་པ་འཛེམ། །འགྱུར་མེད་རབ་ཏུ་བརྟན་པོས་འཛིན། །ཡང་ན་ངང་རིང་ཤུགས་དལ་བ། །ལྷུག་པ་གླེན་པའི་ལྷོད་ཡོད་པ། །རྟོག་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང་། །ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཅེས་པ་དང་། ནོར་བུ་འཕྲ་…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      ཁམ་ནག་མདོག །ལུས་ལ་བཀུར་སྟི་ཆུང་བ་དང་། །ཕྱི་ཡི་སྤྱོད་ལམ་ཐ་མལ་མདོག །ཚིག་རྣམས་ཤུགས་བྱུང་སྨྲ་བ་དང་། །ཡང་ན་ཚིག་གི་རྣམ་པ་ཀུན། །གཅིག་གིས་གང་ལྟར་སྨྲས་པ་ལྟར། །སྐྱེས་བུ་དེ་ཡང་དེ་ལྟར་སྨྲ། །རྫོགས་ཆེན་གདམས་ངག་བསྟན་པར་གསུངས། །དེ་རྣམས་གཅིག་ལ་ཚང་བ་ན། །ཤན་པའི་རིགས་སམ་སྨད་འཚོང་རིགས། །ཕྱགས་དར་ཁྲོད་པའི་རིགས་ཀྱང་རུང་། །…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      ནགས་ཁྲོད་དམ། རི་རྩེའམ། གངས་འདབས་སམ། ལུང་སྟོང་ཆེན་པོར་སོང་ལ་བྱ་བ་གསུམ་སྤངས་ལ་བསྒྲུབ་བོ། །དེའང་ལུས་ཀྱི་བྱ་བ་ཚོང་སོ་ནམ་མཁར་ལེན་སྒུལ་སྐྱོད། ཕྱག་བསྐོར་བ་ལ་སོགས་པ་དང་། ངག་གི་བརྗོད་པ་གང་ཅི་ཡང་རུང་བ་ཐམས་ཅད་དང་། སེམས་ཀྱི་འཕྲོ་འདུ་དྲན་བསམ་ཐ་དད་པ་རང་གི་གདམས་ངག་དང་འགལ་བ་རྣམས་ཐམས་ཅད་སྤངས་ལ། མན་ངག་དམ་པ་གཅིག་པུ་ལ་…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      མོངས་རྣམས་ལ་རང་དབང་བསྒྱུར། །དེ་ཡི་རང་གི་ཚད་འབེབས་པའི། །དཔེ་བཞིས་ཡིད་ཆེས་རང་ངོ་བསྟན། །མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་བཟློགས་ཡེ་ཤེས་ཚད་ཀྱང་གཟུང་། །འདི་ལ་གོམས་པར་སུས་བྱས་པ། །རང་བཞིན་རྫོགས་པ་ཆེན་པོ་ལ། །འདི་ཡིས་རེག་གོ་ས་མ་ཡ། །འདི་ལྟར་གང་ལ་སྣང་གྱུར་པ། །ཡེ་ཤེས་ཀུན་ཀྱང་ཕུགས་སུ་ཟིན། །གསང་ཆེན་ཕྱག་རྒྱ་ཆེན་…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      པའི་སྤྱོད་པ་སྟེ། གཤིས་ལ་བླང་དོར་འཛིན་རྩོལ་མེད་པ་དེ་ཉིད་དང་མཐུན་པར་སྤྱོད་པས་ནམ་མཁའ་ལྟར་ཕྱོགས་དང་རིས་ལས་འདས་པས་ཡེ་གྲོལ་ཡེ་སྤྱོད་ཆེན་པོར་གནས་པ་ནི། ཡང་རང་ཤར་ལས། ཆགས་ལ་མ་ཞེན་སྤྱོད་པ་ནི། །རྫོགས་ཆེན་ཨ་ཏིའི་སྤྱོད་པ་སྟེ། །བྱར་མེད་བྱས་མེད་བྱུང་ས་མེད། །འགྲོ་མེད་འོང་མེད་གནས་པ་མེད། །ཆགས་པ་མེད་ལ་ཞེན་པ་མེད། །ཅེས་ས…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      སྤྱད། །བར་སྣང་རླུང་འདྲའི་སྤྱོད་པ་ཡིས། །གཟུང་དང་འཛིན་པའི་རྟོག་པ་སྤང་། །བྱ་ཁྱུང་ལྟ་བུའི་སྤྱོད་པ་ཡིས། །གཡང་ས་རྣམས་ནི་རླབས་ཀྱིས་བཅད། །རི་བོ་ལྟ་བུའི་སྤྱོད་པ་ཡིས། །འགྱུར་མེད་རང་དག་སྟེང་དུ་སྤྱད། །ཐོག་ཆེན་ལྟ་བུའི་སྤྱོད་པ་ཡིས། །སྣང་བ་ཕྱིར་མི་ལྡོག་པར་སྤྱད། །ཅེས་སོ། །རྣམ་གྲངས་ཉེར་གཉིས་ཡོད་ཀྱང་རི་དྭགས་ལྟ་བུའི་ས…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      རུས་པའི་རྒྱན་དྲུག་ཐལ་ཆེན་གྱི་བྱུག་པ། ཞག་གི་ཟོ་རིས། བྷནྡྷ་དང་། ཕུར་པ་འཛིན་པའོ། །བྲོ་གར་ནི་ལྷའི་ཕྱག་རྒྱ་འཆའ་བའོ། །ངག་ནི་སྔགས་དང་སྙིང་པོ་བརྗོད་པའོ། །སེམས་ནི་ལྷའི་སྐུ་བསྒོམ་པའོ། །ཁྱད་པར་དུ་འཁོར་འདས་རུ་ཤན་འབྱེད་པའི་ཚེ། ལུས་གཅེར་བུ་ཐ་མལ་དུ་གནས་པས། ཕྱག་རྒྱ་སྣ་ཚོགས་དང་བྲོ་གར་སྣ་ཚོགས་བྱེད་ལ། ངག་དང་སེམས་ཀྱང་དེ…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      གནས་མེད་ལེན་མེད་ཆོས་ཆེན་པོ། །ཡེ་གྲོལ་ལྷུན་མཉམ་ཡངས་པ་ཆེ། །བཅིངས་མེད་རྣམ་པར་བཀྲོལ་མེད་པ། །ཁྱབ་གདལ་ཁང་བཟང་ཡེ་ཡོད་ཉིད། ཁྱབ་མཉམ་པ་ལས་རྣམ་འདས་པ། །ཡངས་སོ་ཆེའོ་ནམ་མཁའི་དབྱིངས། །ཆོས་ཆེན་འབར་བ་ཉི་ཟླའི་དཀྱིལ། །ལྷུན་གྱིས་གྲུབ་དང་མངོན་སུམ་པ། །རྡོ་རྗེ་རི་བོ་པདྨ་ཆེ། །ཉི་མ་སེང་གེ་ཡེ་ཤེས་གླུ། །སྒྲ་ཆེན་རོལ་མོ་མཚུངས་པ…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      ལ་སོགས་པ་བཅུ་སྟེ། དབུས་མཐའ་ལས། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་འདི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པ་ལ་རིམ་པས་བསླབ་པའོ། །གཉིས་པ་ནི་གདམས་ངག་ཟབ་མོ་ཉམས་སུ་ལེན་པ་དང་དབང་གསུམ་པའི་སྔོན་འགྲོར་ལུས་ངག་ཡི…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      སྟེ། ཟས་གོས་ལ་གང་ཡང་འདེམ་ཁ་མེད་པར་ལོངས་སྤྱོད། དེ་ལྟར་དྲུག་རྫོགས་དུས་གཞན་གྱིས་ཚུར་ལ་ཟིལ་གྱིས་མི་ནོན་ཞིང་ཕར་གནོན་པ་སེང་གེ་ལྟ་བུའི་སྤྱོད་པ་འབྱུང་སྟེ། སེང་གེ་གང་ལའང་འཇིགས་པ་དང་བག་ཚ་བ་མེད་པ་ལྟར། རྣལ་འབྱོར་པ་འདི་ཡང་སྣང་བ་དང་མི་དང་མི་མ་ཡིན་ཐམས་ཅད་ཀྱི་གནོད་པ་དང་བྲལ་ནས་གང་ལའང་དབང་བསྒྱུར་ནུས་པ་འབྱུང་ངོ་། །སྤྱ…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། །བྱུང་རྐྱེན་དུ་མ་རང་ཤར་བས། །སྣང་བའི་ཡུལ་ལ་མངོན་པར་ནི། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །ཞེས་སོ། །གསུམ་པ་དེ་ལས་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ་ཤར་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་བསླབས་པ་མེད་ཀྱང་བློ་ཐོག་ཏུ་ཕུངས་ཀྱིས་རང་ཤར་ནས་གང་ལའང་ཐོགས་རྡུགས…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      དག །ཡོད་དང་མེད་པའི་སེམས་ཉིད་ལ། །གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རྣམ་པར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །ཅེས་སོ། །དོན་གཉིས་པ་བསྒོམ་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་བཞི་སྟེ། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ། དེའི་མན་ངག་རྒྱ་མཚོ་ཅོག་བཞག་གི་ཐབས། …
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      སེམས་གཟུང་བ་ནི། གནས་ཡིད་དང་མཐུན་པར་སྟན་བདེ་བ་ལ་ལུས་སྐྱིལ་ཀྲུང་གིས་འདུག་སྟེ། སྣ་རྩེར་ཨ་དཀར་ལ་འཚེར་བ་ཞིག་བསྒོམས་ནས། རླུང་ཕྱིར་འགྲོ་དུས་ཨ་ཡང་ཕར་སོང་། ནང་དུ་འགེངས་དུས་ཨ་ཡང་ཚུར་བྱུང་བར་བསམས་ལ་རླུང་དང་བསྲེས་ཏེ་བསྒོམ་མོ། །དེ་ཡང་ལུས་ལ་ཚད་ནད་ཡོད་ན་ཨ་དེ་གྲང་རེག །གྲང་ནད་ལ་ཚ་རེག་ཏུ་བསམས་ལ་ཉིན་མཚན་དུ་སྦྱངས་པས། ས…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      བསྟུན་པ་དང་། ལྷའི་སྐུར་བསྒོམས་ལ། སྣ་རྩེ་དང་བ་སྤུའི་སྒོ་ནས་སྐུ་ཕྲ་མོ་འཕྲོ་འདུ་བྱེད་པ་ལ་སེམས་གཏད་པས་ཤེས་པ་གསལ་དག་ཆེན་པོའི་ཉམས་སྐྱེའོ། །གཉིས་པ་ལུས་སེམས་འཛིན་ཞེན་དབྲལ་བའི་གནད་བདུན་ནི། རླུང་དང་ལུས་གནད་སྔར་བཞིན་ལ། སྨིན་མཚམས་སུ་ཐིག་ལེ་དཀར་དམར་འདྲེས་པ་སྲན་མའི་གའུ་ཙམ་ལ་སེམས་གཟུང་ངོ་། །དེས་རླུང་གི་ཉམས་སྐྱེའོ།…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      མི་རྒྱུ་བའི་སྟོང་ཉིད་ཕུགས་རྡུགས་སུ་ཤར་བའི་ངང་ལ་ཚོལ་ཁྲོ་དང་དྲན་བསམ་མེད་པར་ལྷན་ནེ་བཞག་པས་སྟོང་པ་གཉིས་སུ་མེད་པའི་ཉམས་སྐྱེའོ། །ལུས་ཇི་ལྟ་བ་བཞིན་སྣང་བ་ཐམས་ཅད་ལ་སྦྱར་རོ། །སྟོང་ཉིད་ཅིག་ཅར་བ་ལ་སེམས་གཟུང་བ་ནི། ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱང…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང་། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང་། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་…
      LRD002 · ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
      རིམ་ཁང་བཅུ་བདུན་པ། དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ།
      བ་དང་། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང་། དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི། སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། …