Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 366 of 500
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      རར་ཚུད། །མ་རིག་ལ་སོགས་ལྕགས་ཀྱིས་བསྡམས། །འཁོར་བའི་མུན་པ་མཐུག་པོས་གཡོགས། །འདོད་ཆགས་ཚ་བའི་རོ་ལ་ཆགས། །གཏི་མུག་ཞགས་པས་དམ་དུ་བཅིངས། །ཞེ་སྡང་མེ་ཡི་ཚད་པས་གདུངས། །ང་རྒྱལ་དག་གིས་མགོ་གཏུམས་ཏེ། །ཕྲག་དོག་ཉིད་ཀྱིས་སྒོ་མོ་འཁྲིགས། ཁོང་ཁྲོ་ལ་སོགས་དམག་གིས་བསྐོར། །གཟུང་འཛིན་ཞགས་པས་སྐེ་ནས་བསྡམས། །སྔ་ཕྱིའི་བག་ཆགས་འདམ་དུ…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      ལ་སོགས་པ་དཔག་ཏུ་མེད་པ་ཞིག །རྨི་ལམ་འཁྲུལ་བའི་སྣང་བ་ལྟར་མི་བདེན་པ་ལ་སྣ་ཚོགས་སུ་སྣང་བ་འདིས་ཁམས་གསུམ་གྱི་སེམས་ཅན་རྣམས་འཁོར་བར་འཁྱམས་ཏེ། ང་མེད་པ་ལ་ངར་འཛིན། བདག་མེད་པ་ལ་བདག་ཏུ་འཛིན། སྡུག་བསྔལ་རྒྱུ་དང་བཅས་པ་ལ་བདེ་བར་འཛིན། ཕྱིན་ཅི་ལོག་ལ་བདེན་པར་འཛིན་ཅིང་། འཇིག་རྟེན་གྱི་སྣང་བ་བྱ་བ་ལ་ཉིན་མཚན་མེད་པར་བརྩོན་པས་མ…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      པས་ཚོར་བ་ཐམས་ཅད་ལོག །དེས་ཡུལ་ལ་སྲེད་པ་ལོག །དེ་ལྟར་ཡུལ་ལ་ཆགས་པ་ལོག་པས་སྐྱེ་བ་ཕྱི་མ་ལེན་པའི་ལས་ལོག །དེ་ལོག་པས་ཕྱི་མར་མངལ་དུ་སྲིད་པ་འཛིན་པ་ལོག །མངལ་དུ་ཞུགས་པ་ལོག་པས་སྐྱེ་བ་ལོག །མ་སྐྱེས་པས་ཤི་བ་མེད་པས་རྒ་ཤི་ལོག་སྟེ། སྐད་ཅིག་མ་གཅིག་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་རྒྱུན་ཆད་ནས། གདོད་མའི་གཞི་ལ་ནང་གསལ་ཡེ་ཤ…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      གསུམ་པ་མི་གཡོ་བའི་ལས་ནི་ཁམས་གོང་མ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལས་བྱུང་བ་སྟེ། དེ་ཉིད་ཇི་ལྟར་གོམས་པ་བཞིན་བསམ་གཏན་གཟུགས་མེད་ཀྱི་གནས་སུ་སྐྱེ་བ་ལས་ཁམས་གཞན་དུ་མི་འཕོ་བའི་ཕྱིར་མི་གཡོ་བའི་ལས་སོ། །འདིར་དེའི་དོན་ངེས་པར་བྱ་བ་ལ་གསུམ་སྟེ། བསམ་གཏན་བཞིའི་སེམས་ཇི་ལྟར་སྐྱེ་བའི་ཚུལ། གོལ་མ་གོལ་གྱི་ཁྱད་པར་བཤད། ཡང་དག་…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      དྲན་རྟོག་ཕྲ་མོ་དེ་ཡང་མེད་པར་སྟོང་གསལ་ཙམ་ཉམས་སུ་མྱོང་བའི་འཛིན་པའམ། སྤྱོད་པ་ཙམ་དང་ལྡན་པའི་ཏིང་ངེ་འཛིན་སྔར་མེད་གསར་དུ་ལྷག་གིས་སྐྱེས་པ་ནི་གཉིས་པའི་དངོས་གཞིའོ། །དེ་ཉིད་ཆུང་ངུར་གོམས་དུས་ཚེའི་དུས་བྱས་ན། བསམ་གཏན་གཉིས་པས་འོད་ཆུང་། འབྲིང་གིས་ཚད་མེད་འོད། ཆེན་པོས་འོད་གསལ་དུ་སྐྱེའོ། །བསམ་གཏན་གསུམ་པ་ལའང་གཉིས་ལས། …
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      མི་རྟོག་པའི་ངང་ལ་གོམས་པས། ཇི་ཞིག་ལྟར་ན་ཆོས་ཐམས་ཅད་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟར་གང་དུའང་མ་གྲུབ་ལ་རིག་པ་གསལ་བ་ཙམ་མ་འགགས་པའི་ཏིང་ངེ་འཛིན་སྔོན་དང་མི་འདྲ་བ་སྐྱེས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སེམས་ཐོབ་པའོ། །ད་ལྟ་སེམས་དེ་ཐོབ་པའི་ངང་ལ་ཚེའི་དུས་བྱས་ན་དེར་སྐྱེའོ། །དེ་ནས་ཡང་དེ་ཉིད་ཀྱི་ངང་ལ་གོམས་པས་ཇི་ཞི…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      དུས་རགས་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་རགས་པ་ཞེས་བྱ་སྟེ། ཞེ་སྡང་སོགས་རགས་པ་མེད་པས་འོག་མར་མི་སྐྱེ་ལ། གོང་མ་ལ་ཞི་བ་སྟེ། ཡོན་ཏན་ཅན་དུ་ཤེས་པས་བླང་བྱར་འཛིན་ཅིང་ཆགས་པར་བྱས་ཏེ་བསྒོམས་པས་གོང་མ་གོང་མར་སྐྱེ་བའོ། །འོ་ན་དེ་ལྟ་བུའི་ཏིང་ངེ་འཛིན་ཡོད་ཀྱང་ཡང་འཁོར་བ་འཁྱམས་པ་ཅིས་ལན་ན། རང་ངོ་མ་ཤེས་ཤིང་བདག་རྟོག་བག་ལ་ཉལ་བའི་…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      དགའ་བའི་ཏིང་ངེ་འཛིན་གྱི་སེམས་སྔོན་པས་འཕགས་པ་ཐོབ་ཀྱང་འཕངས་པའི་ཡེ་ཤེས་གོང་མ་ལ་ལྟོས་ན་ཆུང་ངུར་སྣང་བས་མི་ཆེ་བའི་ལྷའི་སེམས་སྐྱེའོ། །བྱང་ཆུབ་སེམས་དཔའ་དང་པོ་རབ་ཏུ་དགའ་བའོ། །དེ་ལྟ་བུའི་སེམས་ལ་གོམས་པས། ཡང་གསལ་ལ་མི་རྟོག་པའི་སེམས་འཕགས་ལམ་བརྒྱད་ཀྱི་རྣམ་པ་ཅན་སྔོན་པས་འཕགས་པ་སྐྱེས་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      ནས་དགྲ་བཅོམ་པ་ཐོབ་པ་ཡང་ཡོད་ལ། ཁ་ཅིག་འདོད་པའི་རྟེན་ལས་དེ་དག་གི་སེམས་མངོན་དུ་བྱས་ནས་དགྲ་བཅོམ་པ་ཐོབ་པའོ། །བྱང་ཆུབ་སེམས་དཔའ་ནི་འདོད་པའི་རྟེན་ཁོ་ན་ལ་དེ་དག་གི་སེམས་མངོན་དུ་བྱས་ནས་རང་སྣང་རྣམ་པར་དག་པ་སངས་རྒྱས་པའི་ས་དེ་ཉིད་འོད་མིན་དུ་བྱས་ཏེ། སེམས་ཅན་གྱི་དོན་ལ་བྱང་ཆུབ་སེམས་དཔའ་ས་ཐོབ་པ་ཆེན་པོ་རྣམ་ལ་ལོངས་སྐུ་དང…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      བཟོད་པ་ཆོས་མཆོག་གཉིས་སུ་སྟོབས་ལྔ་རྫོགས་པར་བྱེད་དོ། །དེ་ནས་མི་ཆེ་བའི་སེམས་ཀྱི་རྟེན་ལ་རང་རང་གི་མཐོང་ལམ་དུ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་མངོན་དུ་བྱེད་ཅིང་། མི་གདུང་བ། གྱ་ནོམ་སྣང་། ཤིན་ཏུ་མཐོང་བའི་སེམས་ཀྱི་རྟེན་གསུམ་ལ་སྒོམ་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་མངོན་དུ་བྱས་པའི་མཐར། འོག་མིན་གྱི་སེམས་ལ་རང་རང་གི་དགྲ་བཅ…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      ངོ་བོས་འགྲོ་ཀུན་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །མ་རིག་གྲོལ་ཚེ་འབྱུང་བའི་ལུས། །ལྷག་མེད་ཡེ་ཤེས་ངང་དུ་ལྡོག །ཅེས་གསུངས་པའི་ཚུལ་གྱིས་གདོད་མའི་མགོན་པོ་འོད་མི་འགྱུར་བ་ལུས་ཅན་ཀུན་གྱི་སྙིང་གི་ནང་ན་བཞུགས་པའི་ཚུལ་ངེས་པར་བྱ་བ་ལ་དོན་རྣམ་པ་གསུམ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བཞུགས་ཚུལ་མདོར་བསྟན། སེམས་དང་ཡེ…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      པར་གནས་སོ། །གཉིས་པ་ལ་སྙིང་པོ་ཡེ་ཤེས་ཀྱི་བཞུགས་ཚུལ། དེའི་གདངས་སེམས་ཀྱི་བཞུགས་ཚུལ། དེ་གཉིས་ཇི་ལྟར་ཕྲད་ཅིང་གྱེས་པའི་ཚུལ་གསུམ་ལས། དང་པོ་ལ་འོད་གསུམ་གྱི་ངོ་བོ་རྒྱས་པར་བཤད། ཕྱི་ནང་གསང་བ་གསུམ་གྱི་རང་བཞིན་རྒྱས་པར་བཤད། རླུང་ཤེས་སྐུ་གསུམ་གྱི་ཐུགས་རྗེ་རྒྱས་པར་བཤད་པ་གསུམ་ལས། དང་པོ་ནི་ཀློང་གསལ་ལས། གདོད་ནས་དག་པའི་…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      དང་སྦྱར་ནས་ཞི་ཁྲོའི་དཀྱིལ་འཁོར་གནས་ཚུལ། ནང་ལྟར་ན་གསུང་དང་སྦྱར་ནས་འཁོར་ལོ་ལྔ་ན་ཡེ་ཤེས་ཀྱི་མཁའ་འགྲོ་ཡི་གེར་གྲུབ་ཚུལ། གསང་བ་ལྟར་ཐུགས་དང་སྦྱར་ནས་སྙིང་གར་འོད་གསལ་སྤྲོས་པ་དང་བྲལ་བའི་ཐིག་ལེ་ཡོད་ཚུལ་གསུམ་ལས། དང་པོ་ལ་གནས་གང་ན་གནས་པ། དེ་ན་འོད་གསལ་གྱི་དཀྱིལ་འཁོར་གྲུབ་ཚུལ། འདི་ཉིད་བཞུགས་པའི་དཔེ་བཤད་པ་དང་གསུམ་ལས…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      ཕྲ་བཀོད་ལས། ཨེ་མ་རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་དང་ཡུམ་གྱི་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུར་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །དེ་ནི་ཞི་བའི་བཞུགས་ཚུལ་ལོ། །རང་རང་མགོ་ལ་ཁྲོ་བོར་གནས། །ཡབ་དང་…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      ལ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་གདངས་མཐིང་ཀ་ཡབ་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་དང་ཞལ་སྦྱར་ནས་བཞུགས་པ་ནི། དབུས་ཀྱི་ཀུན་བཟང་ཡབ་ཡུམ་དང་དབྱེར་མི་ཕྱེད་ལ་སོ་སོར་སྣང་བ་མར་མེའི་གྲིབ་མ་བརྩེགས་མ་ལྟར་ཟང་ཐལ་དུ་རྣམ་སྣང་གི་དབུས་ན་ཀུན་བཟང་ཡོད་པའམ། ཀུན་བཟང་གི་དབུས་ན་རྣམ་སྣང་ཡོད་པ་ལྟར་བཞུགས་སོ།…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      ཡང་དེའི་ཕྱི་རིམ་གྱི་ཤར་ལྷོར་བྱམས་པ་དང་བདུག་སྤོས་མ། ལྷོ་ནུབ་ཏུ་སྒྲིབ་པ་རྣམ་སེལ་དང་མེ་ཏོག་མ། ནུབ་བྱང་དུ་འཇམ་དཔལ་དང་སྣང་གསལ་མ། བྱང་ཤར་དུ་ཕྱག་ན་རྡོ་རྗེ་དང་དྲི་ཆབ་མའོ། །ཤར་སྒོར་ཁྲོ་བོ་རྣམ་པར་རྒྱལ་བ་དང་སྒོ་མ་ལྕགས་ཀྱུ་མ། ལྷོ་སྒོར་ཁྲོ་བོ་གཤིན་རྗེ་གཤེད་པོ་དང་ཞགས་པ་མ། ནུབ་སྒོར་ཁྲོ་བོ་རྟ་མགྲིན་རྒྱལ་པོ་དང་ལྕགས་…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      ས་ཡི་སྙིང་པོ་མཱ་མེ་མ། །བྱམས་པ་དང་ནི་དྷཱུ་པེ་མ། །སྒྲིབ་པ་རྣམ་སེལ་པུཥྤེ་མ། །འཇམ་དཔལ་དང་ནི་ཨཱ་ལོ་ཀེ། །སྤྱན་རས་གཟིགས་དང་གྷནྡྷེ་མ། །ཕྱག་ན་རྡོ་རྗེ་གཱི རྟི་མ། །སེམས་དཔའ་ཀུན་བཟང་ནཱི རྟི་མ། །གཡས་པ་ཐབས་ཡིན་ཡབ་ཏུ་གསལ། །གཡོན་པ་ཤེས་རབ་ཡུམ་དུ་གསལ། །དོན་ལ་འོད་གསལ་སྟོང་པའི་ སྐུ། །ཞེས་པས་ཚོམ་བུའི་དཀྱིལ་འཁོར་དུ་བྱས་ན་རྡ…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      གཉིས་སུ་མེད་པ་སྨུག་ནག །ཤར་ན་བཛྲ་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རཱི་མ་དང་གཉིས་སུ་མེད་པ་མཐིང་ནག །ལྷོ་ན་རཏྣ་ཧེ་རུ་ཀ་རཏྣ་ཀྲོ་ཏི་ཤྭ་རཱི་མ་དང་གཉིས་སུ་མེད་པ་སེར་ནག །ནུབ་ན་པདྨ་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤྭ་རཱི་མ་དང་གཉིས་སུ་མེད་པ་དམར་ནག །བྱང་དུ་ཀརྨ་ཧེ་རུ་ཀ་ཀརྨ་ཀྲོ་ཏི་ཤྭ་རཱ་མ་དང་གཉིས་སུ་མེད་པ་ལྗང་ནག་འཇིགས་སུ་རུང་བའོ། །དེ་དག་ག…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      དཀར་མོ་རྒྱུ་ཞགས་ཐོགས་པ་དང་། ཞི་བ་དམར་མོ་བུམ་པ་ཐོགས་པ་དང་། བདུད་རྩི་དམར་མོ་པདྨ་ཐོགས་པ་དང་། ཟླ་བ་དཀར་མོ་རྡོ་རྗེ་ཐོགས་པ་དང་། བེ་ཅོན་ལྗང་ནག་དབྱུག་ཏོ་འཕྱར་བ་དང་། སྲིན་མོ་དམར་ནག་ཐོད་ཁྲག་འཐུང་བ་དང་། ཟ་བ་ལྗང་ནག་བེ་ཅོན་འཛིན་པ་དང་། དགའ་བ་དམར་ནག་ཁོག་ཆེན་ཐོགས་པ་དང་། སྟོབས་ཆེན་དཀར་མོ་དབྱུག་ཐོ་འཛིན་པ་དང་། སྲིན་མོ…
      LRD007 · ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཟབ་དོན་རྒྱ་མཚོའི་སྤྲིན།
      རིན་ཆེན་དང་ཐོད་པ་བསྣམས་པའོ། །རྩ་འདབ་བཅུ་དྲུག་ལ་དེ་དང་འདྲ་བའི་འཁོར་བཅུ་དྲུག་ཡབ་ཡུམ་གྱི་ཚུལ་དུ་གནས་སོ། །སྙིང་གར་ཨ་དང་མ་ལས་ཆོས་དབྱིངས་མཁའ་འགྲོ་ཡབ་ཡུམ་འཁོར་ལོ་དང་ཐོད་པ་བསྣམས་པ་རྩ་འདབ་སུམ་ཅུ་རྩ་གཉིས་ལ་དེ་དང་འདྲ་བའི་འཁོར་རོ། །ལྟེ་བར་ནི་དང་ཧྲཱིཿལས་པདྨ་ཌཱ་ཀི་ཡབ་ཡུམ་དམར་པོ་པདྨ་དང་ཐོད་པ་འཛིན་པ་རྩ་འདབ་དྲུག་ཅུ་…