Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      677 results — page 1 of 34
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      རྒྱ་གར་སྐད་དུ། མ་ཧཱ་སཱ་ཧ་སྲ་པྲ་མརད་ནི་ས་ཏ་སཱུ་ཏྲ་ཊཱི་ཀཱ། བོད་སྐད་དུ། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་ལོ། །སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་དང་ཐམས་ཅད་དགའ། །སྐྱེ་འགྲོ་ཀུན་གྱི་བླ་མ་ཉིད། །དངོས་གྲུབ་ཐོབ་ལ་ཕྱག་འཚལ་ནས། །ཉུང་དུ་བསྡུས་ཏེ་ཡང་དག་དགྲོལ། །སྟོང་ཆེན་རབ་འཇོམས་མདོ་ས…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      བཅོམ། །བཞི་ནི་དགྲའོ། །དགྲ་ནི་བདུད་བཞིའོ། །བདུད་བཞི་ནི་ཕུང་པོའི་བདུད་དང༌། ཉོན་མོངས་པའི་བདུད་དང༌། འཆི་བདག་གི་བདུད་དང༌། ལྷའི་བུའི་བདུད་དང་བཞིའོ། །གང་གི་དུས་ན་བཅོམ་ཞེ་ན། རྡོ་རྗེ་གདན་ལ་བཞུགས་པའི་དུས་སུའོ། །ལྡན་ཞེས་བྱ་བ་ནི། སྐལ་བ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །འདས་ཞེས་བྱ་བ་ནི། མྱ་ངན་ལས་འདས་སོ། །འདས་པ་ནི་གང…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      འབའ་ཞིག་ཏུ་འབྱུང་བས། སངས་རྒྱས་ཀྱི་བཀའ་རྟགས་སུ་རྒྱ་རྣམ་གསུམ་གདབ་པར་བྱའོ། །སྡོམ་པའི་ཚིགས་སུ་བཅད་པའི་རྒྱ་དང༌། དགེ་བ་གསུམ་གྱི་རྒྱ་དང༌། ཆོས་རྟགས་ཀྱི་ཕྱག་རྒྱ་བཞིའི་རྒྱས་བཏབ་པ་ལ། སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདིར་ནི་དགེ་བ་གསུམ་དང༌། བཀའ་རྟགས་ཀྱི་ཕྱག་རྒྱ་བཞིས་རྒྱས་བཏབ་པའོ། །ཀྱེ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ང…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      ནོ། །དཔེ་དེ་བཞིན་དུ་ཐེག་པ་གཅིག་ཅེས་བྱའོ། །དེ་སྐད་བྱས་ནས་མྱ་ངན་ལས་འདས་སོ། །དུས་ནི་དཔྱིད་ཟླར་བའི་ཚེས་གཅིག་ལ་འདས་སོ། །བཅོམ་ལྡན་འདས་ཞེས་བྱ་བའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི་དནད་ཀའི་གྲོང་ཁྱེར་དང༌། ཀ་ལིང་ཀའི་གྲོང་ཁྱེར་དང༌། མ་ག་དྷཱའི་གྲོང་ཁྱེར་དང་གསུམ་ཡོད་པ་ལས། མ་ག་དྷཱའི་གྲོང་ཁྱེར་ན་དྲང་སྲོང་སྒོམ་ཆེན་ཅིག་ཡོད་པ་…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      བྲིས་པས་མི་མ་ཡིན་གྱི་གནོད་པ་ཞིའོ། །དེ་ནས་ཕོ་བྲང་བཻ་ཌཱུ་ཪྻ་རང་ཤེལ་བྱ་བར་ཡང་གྲགས་སོ། །རྒྱལ་པོའི་ཁབ་ཀྱི་ཚད་ནི་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གྲོང་ཁྱེར་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་རབ་རིམ་པ་བདུན་གྱིས་བསྐོར་བ། འོ་བས་རིམ་པ་བདུན་དང༌། ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ། ཆུར་དཔག་ཚད་བཅུ་གཉིས་ཞེང་དུ…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      ཞིང་ལྟ་ན་སྡུག་པའི་གྲུ་དག་ཡོད་དེ། དེར་སེམས་ཅན་དག་ཞུགས་ནས་རྩེ་དགའ་ཞིང་རབ་ཏུ་རྒྱུའོ། །ཆུ་དེ་དག་ཐམས་ཅད་ཀྱང་མེ་ཏོག་ཨུཏྤལ་དང༌། ཀུ་མུ་ད་དང་པུཎྜ་རཱི་ཀ་དག་གིས་ཁེབས་པ། མེ་ཏོག་རིགས་ཆེ་ཞིང་བཟང་ལ་དྲི་ཞིམ་པོ་དང་ལྡན་པ་གཞན་དག་གིས་ཀྱང་ཁེབས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་མེ་ཏོག་གི་རིགས་དེ…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      ཁང་ངོ༌། །རི་རབ་དེའི་ཚད་དང་རྒྱན་ནི་འདི་ལྟ་སྟེ། མཐོ་བ། ཟླུམ་པ། གནམ་འཕང་དང༌། རྒྱར་ཡངས་པ། ལོ་ཐོག་ཐམས་ཅད་ཀྱིས་འཛིན་པ། མེ་ཏོག་དང༌། ཕྲེང་བ་དང༌། སྤོས་རྣམ་པ་སྣ་ཚོགས་དང་ལྡན་པ། མིའམ་ཅི་དང་སྐྱེས་བུ་འམ། དྲི་ཟའི་ཚོགས་རྣམ་པར་རྒྱུ་བ། གནོད་སྦྱིན་དང༌། སྲིན་པོ་དང༌། ཤ་ཟ་རྣམ་པ་མང་པོ་གནས་སོ། །དེ་དག་ནི་ལྷོ་ཕྱོགས་སུ་རྒྱུ་བ…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      མི་སྣ་ཚོགས་ཤར་ཕྱོགས་ན་གནས་པའོ། །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཤིང་གི་ཚོགས་བརྒྱ་སྡོང་དུ་མ་ཡལ་ག་སྡུག་ཅིང་ལོ་མ་རྒྱས་པ། འདབ་ན་དྲང་སྲོང་གནས་པ་དག་ཡོད་པ་ལ་འདི་ལྟ་སྟེ། ཐང་ཤིང་དང༌། བླག་ཤ་དང༌། ཨ་ཤྭད་ཐ་དང༌། པི་པི་ལིང་གི་ཤིང་དང༌། རྒྱ་སྐྱེགས་ཤིང་དང༌། ཧར་ཏི་ཏི་དང༌། ཨ་རུ་རའི་ཤིང་དང༌། སྐྱུ་རུ་རའི་ཤིང་དང༌།…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      ཨུཏྤ་ལ་དང༌། པདྨ་དང༌། ཀུ་མུ་ད་དང༌། པདྨ་དཀར་པོ་དང༌། པད་ཀ་ནི་རི་ཧི་ཀ་དང༌། ཀང་ཀ་ར་དང༌། ཀང་ཀ་ར་ཆེན་པོ་སྟེ། དེ་ལ་སོགས་པ་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཀྱིས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་མཛེས་པར་བྱས་སོ། །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་ནམ་གྱི་གུང་ཐུན་ལ་སྤྲིན་ཆེན་པོ་མངོན་པར་འདུ…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      བུ་དང་ལྡན་པ། ལྟ་བས་ཆོག་མི་ཤེས་པ་དག་གོ །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་འབབ་ཆུའི་དོང་དང༌། མཚོ་བྲན་དང༌། མཚོ་དང༌། མཚེའུ་དང༌། རྫིང་རྣམ་པ་མང་པོ་བསིལ་བའི་ཆུས་རབ་ཏུ་གང་བ་དག་ཡོད་དེ། དེ་དག་ལས་མེ་ཏོག་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ལེ་བརྒན་དང༌། ཤེལ་གྱི་ཁ་དོག་ལྟ་བུ་དང༌། མེའི་ཁ་དོག་ལྟ་བ…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      ས་ཡས་ཤིན་ཏུ་ངེས་པར་མཛེས་པར་བྱས་པ། ནོར་བུ་རིན་པོ་ཆེའི་དཔལ་གྱི་འོད་ཟེར་ས་ཡས་དཔལ་རབ་ཏུ་ཐལ་ལེ་བ། ནོར་བུ་རིན་པོ་ཆེའི་མཛོད་སྣ་ཚོགས་ས་ཡས་མཐའ་ཡས་པར་སྣང་བ། ནོར་བུ་རིན་པོ་ཆེ་འཛམ་བུ་རྒྱལ་མཚན་ས་ཡས་བྲེས་པ་ལེགས་པར་བཟུང་བས་བརྟན་པར་གྱུར་པ། ནོར་བུ་རིན་པོ་ཆེ་རྡོ་རྗེ་སེང་གེ་ས་ཡས་གཞན་གྱིས་མི་ཐུབ་པ་བཀོད་པ། ནོར་བུ་རིན་པོ…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      མངའ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ནི་ལྡན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་ལྡན། བདུད་དང་ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ནི་བཅོམ། གྲགས་པ་དང༌། སྒྲ་དང་ཚིགས་སུ་བཅད་པ་ནི་འཕགས། ཁྱུ་མཆོག་དང་སེང་གེའི་སྒྲ་ནི་བསྒྲགས། མ་རིག་པའི་མུན་པ་ནི་ཀུན་དུ་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མ…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      དུ་ཞུགས་པ། འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ། གསོལ་བ་བཏབ་པར་དགེ་བའི་བཤེས་གཉེན་བྱེད་པ། སེམས་ཅན་ཐམས་ཅད་སྲུང་བར་ཞུགས་པ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་མཛའ་བཤེས་སུ་གྱུར་པ། སངས་རྒྱས་ཀྱི་བསྟན་པའི་སྤྱོད་ཡུལ་ལས་ངེས་པར་འབྱུང་བ། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བར་བཞུགས་པ། སངས་རྒྱས་ཀྱི་བསྟན་པ་ཀུན་དུ་འཛིན་པ…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      ཕྱིན་ནོ། །མོ་ལ་བུ་སྐྱེས་བས་མ་སྐྱེས་དགྲ་ཞེས་བྱའོ། །དེའི་ཕ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱའོ། །དེ་ལ་ཕོ་བྲང་བཻ་ཌཱུཪྻ་རང་ཤེལ་བྱ་བ་ཡོད་པ། མཆོད་གནས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་པས། བདུད་ལྷས་བྱིན་གྱིས་ཕྲག་དོག་བྱེད་པས། གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲ་ལ་ཁྱོད་དང་རྒྱལ་པོ་གཟུགས་ཅན་སྙིང་པ…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      མི་བདེན་ཟེར་བས། བཅོམ་ལྡན་འདས་ཀྱི་ཞལ་ནས་སྔོན་རིགས་ངན་དུ་སྐྱེས་པའི་དུས་སུ་རི་དགས་གཅིག་ལ་བརྒྱབ་པས་དེའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་གསུངས་སོ། །དེ་ནས་མ་སྐྱེས་དགྲ་ངའི་བུའི་ལག་ངར་ལ། ཐོར་པ་གཅིག་ལ་ཁྲག་བྱུང་བས། མ་སྐྱེས་དགྲའི་ཁས་འཇིབས་ནས་བོར་ནས་སས་གཡོགས་སོ། །དེ་མཐོད་ནས་མ་སྐྱེས་དགྲའི་མ་དགོད་དོ། །མ་སྐྱེས་དགྲ་ན་རེ་ད…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      དྲུག་ཏུ་གཡོས། རབ་ཏུ་གཡོས་ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་གོ །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ། འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་དུ་རབ་ཏུ་ཤིག་ཤིག་སྟེ། ལྟས་ཆེན་པོ་བཅོ་བརྒྱད་བྱུང་བའོ། །ལྟས་ཆེན་…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      མཐུ་བསྟན་པའོ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་འཇིགས་པ་དེ་དག་བྱུང་བ་ནི། ལིཙྪ་བཱི་འབྱུང་བོས་བཏབ་པའི་ཕྱིར་རོ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཞེས་བྱ་བ་ནི་ཡུལ་དབུས་ཉིད་དོ། །ལི་ཙྪ་བཱི་ཁ་ཅིག་གིས་གྲོང་གཞན་དང་ཞེས་བྱ་བ་ནི་བྲམ་ཟེའི་གྲོང་ཁྱེར་ལ་བྱའོ། །གྲོང་ཁྱེར་གང་ཡིན་བ་དེ་ཞེས་བྱ་བ་ནི་མ་ག་དྷཱ་དང་བྲམ་ཟེའི་གྲོང་གཉིས་ལ་བྱ…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      པ་རྣམ་པ་སྣ་ཚོགས་འབབ་པས་འཇིགས་པའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཕྱག་འཚལ་ཞེས་བྱ་བ་ནི་གུས་པར་དེ་རྣམས་ཀྱིས་ཀྱང་འཇིགས་སྐྲག་བྱུང་བའི་ཕྱིར། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཕྱག་འཚལ་ལོ། །བྲ་མ་ཟེའི་ཁྱིམ་དག་ཅེས་བྱ་བ་ནས་མཆོད་རྟེན་གྱི་གནས་ན་གནས་པ་དག་ལ་ཕྱག་འཚལ་ཞེས་བྱ་བ་ནི་ལྟ་བ་ལོག་པའི་ཕྱིར་རང་དད་པའི་ལྷ་ལ་ཕྱག་འཚལ་…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      ཤིང་དང༌། ཀླུང་དང༌། ལྟེང་ཀ་དང༌། མཚེའུ་དང༌། རྫིང་བུ་དང༌། མཆོད་རྟེན་གྱི་གནས་ན་གནས་པ་དག་ལ་ཕྱག་འཚལ་ཞིང་ཞེས་པ་ནི་ལྟ་བ་གཅི་ཀ་པ་དེ་རྣམས། གནས་དེ་རྣམས་སུ་ཕྱིན་ནས། དམ་བདར་བ་དང༌། སྨོན་ལམ་ལ་སོགས་པ་འདེབས་པའོ་།བདག་ཅག་ནི་འདི་འདྲ་བའི་གནོད་པས་འཇིགས་པའི་གནས་ནས་ཇི་ལྟར་ཐར་བར་འགྱུར་སྙམ་དུ་སེམས་ཤིང་འཁོད་པ་དག་ཅེས་བྱ་བ་ནི་ས…
      DTG072 · ལས་ཀྱི་རྡོ་རྗེ།
      སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་པ། ལས་ཀྱི་རྡོ་རྗེ།
      ཆོ་འཕྲུལ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷ་དང་མིའི་བར་དུ་འདུན་པར་བཅས་པའོ། །དེ་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་འདུན་པར་མཛད་པ་དེ་ནས། མི་མཇེད་ཀྱི་བདག་པོ་ཚངས་པ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ལྷ་སྟེ། ཚངས་པ་ཆེན་པོ་ཞེས་བྱའོ། །ཚེ་ཚད་བསྐལ་བ་དྲུག་ཅུ་ཐུབ། ལུས་དཔག་ཚད་ཕྱེད…