Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      2841 results — page 46 of 143
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      དང་། མཐོང་ཆོས་མེ་འབར་ཤི་ནས་དམྱལ་བར་སྐྱེ་བར་དགོངས་ལ། མཚམས་མེད་ནི་སྐྱེ་གཞན་བར་མ་ཆོད་པ་རྣམས་ལ་དགོངས་ནས་གསུངས་པས་སོ། །གསུམ་པ་ཁྱད་པར་ནི། བར་སྲིད་དེ་ནི་འཕེན་པ་ཡི་ལས་གཅིག་ལས་སྐྱེས་པ་ཡིན་པའི་ཕྱིར། དེ་ཡང་སྔོན་དུས་ཀྱི་སྲིད་པ་མ་འོངས་འབྱུང་འགྱུར་དེའི་ཤ་ཚུགས་ཅན་ཡིན་ནོ། །སྔོན་དུས་སྲིད་པ་ཞེས་པ་དེ་ནི་འཆི་བའི་སྐད་ཅི…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      གླང་པོའི་རྣམ་པར་ཞུགས་པ་ནི་ཡུམ་གྱི་རྨི་ལམ་སྟེ། དངོས་སུ་གཞོན་ནུའི་རྣམ་པའོ་ཟེར། བར་སྲིད་དེ་ཡང་ལྷའི་བར་སྲིད་སོགས་རིགས་མཐུན་གཅིག་གིས་གཅིག་དང་། སྒོམ་བྱུང་གི་ལྷ་མིག་སྐྱོན་བཅུ་གཅིག་གིས་དག་པས་མཐོང་གི་སྐྱེས་ཐོབ་ཀྱིས་མིན་ནོ། །དེ་ལ་ལྷའི་མིག་རྣམ་དག་ནི་ཐེ་ཚོམ་ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན། རྨུགས། གཉིད་ར…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      འདོད་པའི་བར་སྲིད་དེ་ནི་སྐལ་བ་བཟང་ངན་གྱིས་དྲི་ཞིམ་མི་ཞིམ་ཟ་བའོ། །གཟུགས་ཀྱི་དེ་ཁམས་ཟས་ལ་ཆགས་པ་བྲལ་ཕྱིར་དྲི་ཟ་བ་མིན་ནོ། །གནས་ཡུན་ཞག་བདུན་དང་། ངེས་མེད་དང་ཐུང་ངུར་འདོད་པ་སོགས་སོ། །བཞི་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ། ལས་ལས་བྱུང་བའི་མིག་གིས་ཐག་རིང་ན་གནས་པའི་རང་སྐྱེ་བའི་གནས་མཐོང་སྟེ། ཐོག་མེད་ནས་གོམས་པའི…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      དང་། མི་ཡི་ནི་ཐང་ལ་འགྲོ་བ་ལྟ་བུ། ཡི་དྭགས་ཀྱི་ནི་རྒྱབ་ཀྱིས་འགྲོ་བར་བཤད་དོ། །ལྷ་ཡི་ནི་སྟན་ལས་སྡང་བ་ལྟ་བུ་གྱེན་དུའོ་ཟེར། གཉིས་པ། བར་སྲིད་མངལ་དུ་འཇུག་པ་ལ་གསུམ་ལས། གཅིག་ནི་དང་པོ་ཤེས་བཞིན་དུ་འཇུག་གོ །གཞན་ནི་འཇུག་པར་མ་ཟད་གནས་པ་ཡང་ཤེས་ལ་། གཞན་ནི་འཇུག་པར་མ་ཟད་གནས་པ་ཡང་ཤེས་ལ་གཞན་ནི་འབྱུང་བའང་སྟེ་གསུམ་ཀ་ཤེས་སོ…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      ལ་འབྱུང་བ་མི་ཤེས་པ། གསུམ་ཀ་ཤེས་པ་དང་། མངལ་དུ་འཇུག་པ་ནི་གསུམ་དག་སྟེ་དེ་ལ་འཁོར་ལོས་སྒྱུར་ནི་དང་པོ་དང་རང་བྱུང་རང་རྒྱལ་སངས་རྒྱས་གཉིས་ནི་གཉིས་པ་དང་གསུམ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཁོར་སྒྱུར་ནི་བསོད་ནམས་ཀྱི་ལས་སམ། རང་རྒྱལ་ལ་བསྐལ་པ་བརྒྱར་དངོས་པོ་དྲུག་ཤེས་པའི་ཡེ་ཤེས་སམ། སངས་རྒྱས་ནི། བསོད་ནམས་དང་ཡེ་ཤེས་གཉིས་…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      བ་ཉིད་དོ། །དེ་ཡང་ཇི་ལྟར་ན་སྔ་མའི་ཉོན་མོངས་དང་ལས་ཀྱི་རྒྱུས་མངོན་པར་འདུས་བྱས་པའི་སྲིད་པ་བར་མའི རྒྱུན་གྱིས་ནི་སྐྱེ་སྲིད་ཀྱི་གནས་མངལ་དུ་འགྲོ་སྟེ་ཉིང་མཚམས་སྦྱོར། མངལ་དུ་འགྲོ་ཞེས་པས་སྐྱེ་གནས་གཞན་ཡང་མཚོན། བར་སྲིད་སྐྱེ་སྲིད་དུ་འཕོ་བ་མིན་ཏེ། དཔེར་ན། མར་མེ་སྐད་ཅིག་མ་ཡིན་ཡང་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་བཞིན་དུ…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      རྟེན་འབྲེལ་ངོ་བོ་ཡན་ལག་གསུམ་དཔེ་དང་སྦྱར་བ་གསུམ་ལས། དང་པོ་ལ། གནས་སྐབས་ཀྱི་རྟེན་འབྲེལ་བཤད་པ་དང་། རྟེན་འབྲེལ་གྱི་དགོས་པ་སོགས་བཤད་པ་གཉིས། དང་པོ་ལ། དངོས་དང་། དོགས་སྤང་གཉིས་ཀྱི་། དང་པོ། མ་རིག་པ་ནི་ཉོན་མོངས་སྤྱོད་པ་སྐྱེ་བ་སྔོན་མའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །འདུ་བྱེད་དག་ནི་སྐྱེ་བ་སྔོན་མར་དགེ་སོགས་ལས་སྤྱོད་པ…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      པའི་ཕུང་ལྔའོ། །དེ་ཡིས་ཡང་སྲིད་ཀྱི་བདེ་སོགས་འབྲས་བུ་འབྱུང་བར་འགྱུར་བའི་ལས་བྱེད་པའི་ཕུང་ལྔ་དེ་ནི་སྲིད་པ་ཞེས་བྱ་བ་ཡིན་ནོ། །འདི་ནས་འཕོས་ནས་ཕྱི་མར་ཉིང་མཚམས་སྦྱོར་བའི་ཕུང་པོ་དེ་ནི་སྐྱེ་བ་ཡིན་ལ། དེའི་མིང་གཟུགས་ནས་ཚོར་བའི་བར་བཞི་ཡི་ཕུང་པོ་ནི་རྒ་ཤི་ཡིན་ནོ། །དེ་ལྟ་བུའི་རྟེན་འབྲེལ་དེ་ཡང་སྐད་ཅིག་མ་དང་། རྒྱུན་ཆག…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      སྐྱེ་བ། ཡོངས་སྨིན་རྒ་བ། དེ་ཞིག་ཤི་བ་སྟེ། དེ་རྣམས་བྱ་རྫོགས་སྐད་ཅིག་ལ་འབྱུང་བས་སོ། །གཉིས་པ་ལ། དགོས་པ། བསྡུ་བ། དབྱེ་བ། བརྒྱུད་མར་འབྱུང་ཚུལ། ཞར་ལ་མདོ་ལས་གསུངས་པའི་རྟེན་འབྲེལ་བྱུང་བ་དང་འབྱུང་བའི་ཁྱད་པར་ལྔ་ལས། དང་པོ། གལ་ཏེ་ཕྱིའི་ས་བོན་ལས་མྱུ་གུ་སོགས་འབྱུང་བའང་རྟེན་འབྲེལ་ཡིན་ན། སེམས་ཅན་གྱི་མ་རིག་སོགས་ལ་རྟེ…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      ཀུན་གཞིའི་རྣམ་ཤེས་ལ་བག་ཆགས་འཛིན་པའི་ཆ་ནས་ལས་སུ་བསྡུས་ཏེ། ལས་གསུམ་དུ་བཤད་དོ། །སྔ་ཕྱིར་རྒྱུ་འབྲས་འབྲེལ་བ་ལ་ཁྱད་མེད་བཞིན། སྔ་མའི་རྒྱུ་གཉིས་སུ་བསྡུས་ལ། ཕྱི་མའི་འབྲས་བུ་གཉིས་སུ་བསྡུས་པ་ཅི་ཞེ་ན། དེ་ནི་དེ་ལྟར་བསྡུས་ཀྱང་ད་ལྟའི་སྐྱེ་བ་བར་མའི་འབྲས་བུ་ལྔ་དང་རྒྱུ་གསུམ་ཡོད་པ་དེ་བཞིན། སྔ་མའི་རྒྱུ་ལའང་གསུམ་དང་། ཕྱ…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      སྐྱོན་གཉིས་ཀ་ལས་གྲོལ་ཏེ། མ་རིག་པའི་རྒྱུ་ནི་རྒ་ཤི་ཡིན་ལ་རྒ་ཤིའི་འབྲས་བུའང་མ་རིག་པ་ཡིན་པའི་ཕྱིར་རོ། །ལྔ་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དང་། རྟེན་ཅིང་འབྲེལ་བར་བྱུང་བའི་ཆོས་ཞེས་གསུངས་པ་ཅི་ཞེ་ན། བསྟན་བཅོས་ལས་གཉིས་ཀ་འདུས་བྱས་ཀྱི་རྣམ་གྲངས་སུ་བཤད་ཀྱང་། འདི་ནི་འབྱུང་བ་ཞེས་པ་རྒྱུ་ཡིན་པ་རྣམས་ཡིན་ཏེ་འདི་ལས་…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      བཤད་ན་ཞེས་པ་རྒྱུན་ཆགས་པའི་རྟེན་འབྲེལ་བཤད་ན་ཞེས་སོ། །འདི་ལྟར་ཡང་དག་པའི་རིགས་པའི་མི་མཐུན་ཕྱོགས་སུ་གྱུར་པའི་ཆོས་གཞན་བདེན་པ་ལས་འབྲས་སོགས་ལ་རྨོངས་པའི་སེམས་བྱུང་ནི་མ་རིག་པ་ཞེས་བྱ་སྟེ། དེ་ལ་རིག་པ་མེད་ཙམ་དང་། རིག་པ་མིན་པ་ཙམ་དངོས་མེད་དང་བེམ་པོའང་ཡིན་པས། དེ་ལྟར་མིན་པ་ནི་དཔེར་ན་མི་མཛའ་ཞེས་པ་མཛའ་བ་མེད་པ་དང་། མི…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      རབ་ཀྱི་རྫས་གཉིས་མཚུངས་ལྡན་མི་སྲིད་པའི་ཕྱིར་དང་། མདོ་ལས་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་གོ་ཞེས། ཤེས་རབ་མ་རིག་པས་ཉོན་མོངས་པར་བྱ་བ་ཅན་དུ་བསྟན་ན། རང་ལ་རང་བྱེད་པར་འགལ་བའི་ཕྱིར་རོ། །འདིས་ནི་དཔལ་ལེན་མ་རིག་པ་ཉོན་མོངས་སྤྱིའི་མིང་དང་། ཆོས་སྐྱོབ་ངའོ་སྙམ་དུ་སེམས་ཅན་ལ་འཇུག་པ། ཆོས…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      ཀྱིས་དེ་གཉིས་ཀ་ཤེས་པར་གསུངས་པས་སོ། །ཁ་ཅིག་སྒོ་ལྔ་ཚིག་ལ་མ་ལྟོས་པར་དོན་འཛིན་ལ་ཡིད་ཤེས་ཚིག་གིས་དབང་དུ་བྱས་ནས་དོན་ལ་འཇུག་པས། དེ་དང་མཚུངས་ལྡན་གྱི་རེག་པའང་གྲོགས་ཀྱིས་ཕྱེ་བའོ། །ཞེས་ཟེར་ཀྱང་འདི་ནི་མིག་སོགས་ཡུལ་རྗེན་ཅེར་དང་། ཡིད་ཀྱིས་སེམས་ཀྱི་རྣམ་པ་ཙམ་ཞིག་གི་སྒོ་ནས་ཡུལ་གཅོད་པས་དེ་གཟུགས་མིན་པ་ལ་མིང་ཞེས་བཤད་པ་…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      མཉམ་ན་རྒྱུ་འབྲས་དུས་མཉམ་ལ། མི་མཉམ་ན་རེག་ལྡན་ལ་ཚོར་བ་མེད་ན་ཚོར་བ་སེམས་ཀྱི་ས་མང་པོ་མིན་པར་འགྱུར་ལ། མཉམ་ན་བསྐྱེད་བྱ་སྐྱེད་བྱེད་དུ་མི་འཐད་ཟེར། དེ་ལ་བྱེ་སྨྲས་དེ་དག་ལྷན་འབྱུང་གི་རྒྱུ་ཡིན་པས་དུས་མཉམ་སྟེ། མར་མེའི་འོད་དང་། མྱུ་གུའི་གྲིབ་མ་བཞིན་ནོ་ཟེར། མདོ་སྡེ་པས་རེག་རྗེས་ཚོར་བ་ཡིན་ཏེ་ཕན་ཚུན་རྒྱུ་འབྲས་ཡིན་པར་…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      དྲུག་ལ་ཉེ་བར་རྒྱུ་བ་སྟེ་དེ་རེ་རེ་ལ་ཡང་ཡིད་བདེ་སོགས་ངོ་བོ་གསུམ་རེ་སྦྱར་བས་བཅོ་བརྒྱད་དེ། ཡིད་བདེ་བའི་ཉེར་རྒྱུ་དྲུག་ལ་སོགས་པའོ། །ལུས་ཚོར་ཡིད་ཉེར་རྒྱུ་མིན་ཏེ། ཡིད་ཉེར་རྒྱུ་ནི་རྟོག་བཅས་ཡིད་ལ་བརྟེན་ལ། ཅིག་ཤོས་དབང་གཟུགས་ལ་བརྟེན་ནས་རྟོག་མེད་ཡིན་པས་སོ། །བཅོ་ལྔ་ཡུལ་སོ་སོར་ངེས་པ་མ་འདྲེས་པ་ལ་དམིགས་ལ། ཆོས་ཡིད་གས…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      བས་བཏང་སྙོམས་ཀྱི་དྲུག་གོ །དྲུག་གི་དམིགས་པའི་ཉེར་རྒྱུ་ཡོད་པ་དེ་ཡང་འདོད་པ་ལ་དམིགས་པའི་དབང་དུའོ། །རང་ས་ལ་ནི་གཟུགས་སྒྲ་རེག་ཆོས་བཞི་ལ་དམིགས་པའི་བཏང་སྙོམས་ཀྱི་ཉེར་རྒྱུ་བཞིའོ། །གོང་མ་གཟུགས་མེད་ན་ཆོས་ལ་དམིགས་པའི་བཏང་སྙོམས་ཀྱི་ཉེར་རྒྱུ་གཅིག་གི་དམིགས་པ་ཡིན་ནོ། །གཟུགས་མེད་ནམ་མཁའ་མཐའ་ཡས་ཀྱི་ཉེ་བར་བསྡོགས་ན་ནི་རག…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      ས་བོན་ལས་སྡོང་བུ་འབྱུང་བ་ལ་སོགས་པ་བཞིན་དུ། ཉོན་མོངས་ལས་ཉོན་མོངས་དང་ལས་དང་སྡུག་བསྔལ་གསུམ་འབྱུང་བས་དང་། ཀླུ་གནས་པའི་མཚོ་མི་སྐམ་པ་བཞིན་དུ་ཉོན་མོངས་པའི་ཀླུ་གནས་པའི་སྐྱེ་བའི་མཚོ་མི་སྐམ་པའི་ཕྱིར་དང་། ནགས་སོགས་རྩ་བ་ནས་མ་ཕྱུང་ན་སླར་ཡང་སྐྱེ་བ་བཞིན་དུ་ཉོན་མོངས་པའི་རྩ་བ་མ་ཕྱུང་ན་འགྲོ་བའི་སྐྱེ་བ་སླར་སྐྱེ་བས་དང་…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      མོངས་ཅན་ཁོ་ན་སྟེ་ལས་ཀྱིས་རྣམ་སྨིན་སྐྱེས་པ་ཉོན་མོངས་ལ་ལྟོས་པས་ས་དེའི་སྲེད་སོགས་ཀྱིས་དྲངས་པས་སོ། །དེ་ཡང་ཀུན་དཀྲིས་ཆིག་རྐྱ་ཐུབ་པ་མ་རིག་ཙམ་དང་མཚུངས་ལྡན། ཕྲག་དོག་སེར་སྣ་ཁྲོ་འཆབ་བཞི་དང་། གང་སྤེལ་གྱིས་འགྱོད་པ་དང་ལྔ་བཤད་དེ་དེ་རྣམས་མ་གཏོགས་པ་ཀུན་གྱིས་སོ། །དེ་བཞིན་བར་སྲིད་དུ་མཚམས་སྦྱོར་བའང་ཉོན་མོངས་ཅན་ཁོ་ནའོ།…
      MJN003 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      འཇིག་རྟེན་བསྟན་པ་བཤད་པ།
      གསུམ་གྱི་བདག་ཉིད་ཅན་ཉིད་དོ། །དེ་ཡང་སྣ་ལྕེ་ལུས་གསུམ་གྱིས་ཁམ་དུ་བཅད་ནས་མིད་པས་སོ། །ཁམ་ཟས་ཕྲ་བ་བར་སྲིད། འདོད་ལྷ། བསྐལ་པ་དང་པོའི་མི་རྣམས་ཀྱི་ཡིན་ཏེ། དྲི་ཟ་བས་དང་། བྱེ་མ་ལ་ཏིལ་མར་བླུགས་པ་ལྟར་ཡན་ལག་གི་ནང་དུ་འཇུ་བས་རྒྱུ་མཐུན་མེད་པས་སོ། །ཡང་ན་བྱིས་པ་དང་དྲོད་གཤེར་སྐྱེས་སོགས་སེམས་ཅན་ཕྲ་མོ་རྣམས་ཀྱི་ཟས་ནི་ཕྲ་མོ…