Author
About 40% of texts have an author recorded — this list will grow as more are attributed.
2841 results
— page 96 of 143
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
པར་རྟོག་པ་མེད་ཅིང་བྱེད་པ་ལྕེ་རྐན་སོགས་འཕྲད་ནས་བརྗོད་པར་བཟོ་བའམ་འབད་རྩོལ་མེད་ལ། སྒྲ་དེ་བྲག་སོགས་ཀྱི་ཕྱི་དང་ནང་ན་མི་གནས་པ་ལྟར། དོན་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཆོས་ཀྱི་སྒྲ་སྣ་ཚོགས་པ་ཉན་པ་པོ་གདུལ་བྱ་གཞན་གྱི་བསམ་པ་དང་མཐུན་པར་རྣམ་རིག་ལས་བྱུང་བ་ཡིན་གྱི་སངས་རྒྱས་ལ་ནི་འདི་ལ་འདི་སྟོན་ཏོ་སྙམ་པའི་རྣམ་པར་ར…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
སངས་རྒྱས་དེ་ནི་དེ་ལྟ་བུར་ཡོད་པ་མིན་ནོ། །དགུ་པ་ཐུགས་རྗེ་འཇུག་པའི་ཚུལ། །ས་གཞིའི་དཔེ་བྱས་དཔེ་དང་དོན། །དཔེ་ཇི་ལྟར་ན་ས་ལས་སྐྱེ་བ་རྩི་ཤིང་ནགས་ཚལ་མེ་ཏོག་ལ་སོགས་པ་འདི་ཀུན་བསྐྱེད་འདོད་ཀྱི་རྣམ་རྟོག་དང་འབད་རྩོལ་མེད་པའི་ས་ལ་བརྟེན་ནས་ནི། སྔར་མེད་འཕེལ་བ་དང་སྔར་ཡོད་བརྟན་པ་དང་དེ་དག་གོང་ནས་གོང་དུ་ཡངས་པར་འགྱུར་བས་སེམ…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
བྱིན་གྱི་གཟུགས་སོགས་དཔེ་རྣམས་དགུ་ཡིས་ནི་མདོ་ལས་གསལ་བར་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྐྱེ་འགག་མེད་ན་སྐྱེ་འགག་ཏུ་སྣང་བ་ལ་ཐེ་ཚོམ་གཅོད་ཕྱིར་ཡང་ཡིན་ལ། གསུང་རབ་གང་དུ་སངས་རྒྱས་ཀྱི་ཕྲིན་ལས་མཚོན་པའི་དཔེ་དགུ་པོ་འདི་དག་རྒྱུ་མཚན་དང་བཅས་པ་རྒྱས་པར་རབ་ཏུ་བསྟན་པར་གྱུར་པ་ཡི་མདོ་སྡེ༷་དེ་ཡི་ནི་མིང་སངས་རྒྱས་ཀྱི་ཡུལ་ལ་འཇུག…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
བརྗོད་པ་དེ་ལ་ནི། དེ་ཡི་བསྡུས་དོན་ངེས་པར་བཟུང་བར་བྱ་བ་ནི་འདི་ཡིན་ཏེ། བརྒྱ་བྱིན་གྱི་དཔེས་སྐུའི་རྣམ་འཕྲུལ་སྟོན་པ་དང་། རྔ་སྒྲས་གསུང་གདམས་ངག་བརྗོད་པ་དང་། སྤྲིན་གྱིས་ཐུགས་མཁྱེན་བརྩེས་ཁྱབ་པ་དང་། ཚངས་པས་སྐུ་དང་གསུང་གི་མཛད་པ་མཐའ་ཡས་པར་སྤྲུལ་པ་དང་། ཉི་མས་ཡེ་ཤེས་སྤྲོ༷་བ་དང་། ནོར་བུས་ཐུགས་ཀྱི་གསང་བ་དང་། སྒྲ་བརྙ…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
པའི་དོན་དུ་མཐུན་དཔེ་ནི་བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པ་དགུ་བསྟན་པ་ཡིན་ནོ། །སྐབས་དོན་འབད་རྩོལ་མེད་ཚུལ་ལོ། །སངས་རྒྱས་ཀྱི་ཕྲིན་ལས་མཛད་པའི་སྐབས་འདིར་ནི་དཔེ་དགུ་རྣམས་ཀྱིས་མཚོན་པའི་སྐབས་ཀྱི་དོན་རྣམས་ནི་འདི་ཡིན་ཏེ། སྐུའི་རྣམ་འཕྲུལ་སྟོན་པ་དང་གསུང་གདམས་ངག་འདོམས་པ་ལ་སོགས་པའི་དོན་རྣམ་པ་དགུས་གསལ་བར་བྱས་པས་ནི་…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
སྣང་བ་བཞིན་དུ་སྐུ་ཡི་སྣང་བ་སྟོན་པ་སྟེ། འབད་མེད་དུ་ཆོས་ཀྱི་དབྱིངས་ལེགས་པར་འདོམས་མཛད་ལྷ་ཡི་རྔ་བོ་ཆེ་དང་འདྲ་ལ། ཁྱབ་བདག་སངས་རྒྱས་ཀྱི་མཁྱེན་པ་དང་བརྩེ་བ་ཆེན་པོའི་སྤྲིན་ཚོགས་ནི། མཐའ་ཡས་པའི་འགྲོ་བ་སྲིད་པའི་རྩེའི་ཞེས་རྩེ་མོའི་བར་དུ་ཁྱབ་པ་ནི་ནམ་མཁའི་སྤྲིན་ཚོགས་དང་འདྲ་ཞིང་། ཚངས་པ་རང་གནས་ལས་མ་གཡོས་པར་སྤྲུལ་པ་སྟ…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
རྣམ་པ་ཀུན་ཏུརྟེན་ནམ་གཞིར་གྱུར་པ་ནི་སངས་རྒྱས་ཀྱི་གནས་གྱུར་པའི་ཡེ་ཤེས་ཀྱི་ས་ཡིན་ནོ། །ཡང་ན། དེ་ལ་དག་པའི་ས་ལྟ་བུ་ནི་དད་པ་ལ་སོགས་པ་ཡིན་ནོ་ཞེས་སོ། །སླར་ཡང་བསྡུས་ཏེ་བཤད་ལ་གཉིས། །གཟུགས་སྐུ་སྐྱེ་འཇིག་སྣང་ན་ཡང་། །ཆོས་སྐུ་སྐྱེ་འཇིག་མེད་ཚུལ་དང་། །ཆོས་མཐུན་མཚུངས་པར་སྣང་ན་ཡང་། །མི་མཐུན་ཁྱད་པར་འཕགས་ཚུལ་ལོ། །སྣང་ཡང…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
དཔེ་དགུ་པོ་དེ་བཞིན་དུ་ནི་སངས་རྒྱས་རྣམས་ལའང་འབད་རྩོལ་གང་ཡང་མེད་པར། སྐྱེ་མེད་འགག་མེད་ཀྱི་ཆོས་སྐུ་ལས་མ་གཡོས་བཞིན་དུ་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་སྐུའི་སྣང་བ་སྟོན་པ་ལ་སོགས་པའི་མཛད་པ་ལྷུན་གྲུབ་ཏུ་འཇུག་པ་ཡིན་ནོ། །མཚུངས་ཀྱང་ཁྱད་པར་འཕགས་ཚུལ་གཉིས། །མདོར་བསྟན་པ་དང་བཤད་པའོ། །བསྟན་པ་སངས་རྒྱས་ཀྱི་ཕྲིན་ལས་མཚོན་བྱ…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
བཞི་སྟོན་པ་བཞིན་ཏེ། རྔ་བོ་ཆེ་ཉི་ཚེ་བར་གྱུར་ནས་ས་འོག་སོགས་ཐམས་ཅད་དུ་ཁྱབ་པར་དོན་བྱེད་པ་མིན་པས་དེ་དང་འདྲ་བ་མིན་ལ་ཐམས་ཅད་ལ་ཁྱབ་པར་དོན་བྱེད་པའི་ཆ་ནས་སྤྲིན་ཆེན་དང་མཚུངས་ཏེ། སྤྲིན་དེས་ལོ་ཏོག་སྨིན་པ་སོགས་ཀྱི་དོན་བྱེད་ཀྱང་ཡང་དག་པའི་དོན་མེད་པའི་ཆགས་སོགས་ཀྱི་ས་བོན་སྤང་བ་མིན་པས་དེ་འདྲ་མིན་ལ། འདོད་ཡོན་ལ་ཆགས་སོགས…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
ནང་གང་དུ་མི་རྙེད་པ་བཞིན་ཏེ། སྒྲ་བརྙན་ནི་རྐྱེན་ལས་ནི་བྱུང་བ་ཡིན་པས་དེ་དང་འདྲ་བའང་མིན་ཏེ་རང་བྱུང་འདུས་མ་བྱས་ཡིན་པས་སོ། །འདུས་མ་བྱས་ཡིན་པའི་ཆ་ནས་རྐྱེན་ལས་བྱུང་བ་མིན་པའི་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་དགེ་བ་ཡི་གཞིའམ་རྟེན་མིན་པས་དེ་དང་འདྲ་བའང་མིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡི་འགྲོ་བའི་ཕུན་སུམ་ཚོགས་…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པའི་སྐབས་ཏེ་བཞི་པའོ། །གནས་བཞིར་མོས་པའི་ཕན་ཡོན་གཉིས། །མཆོག་ཏུ་བསྔགས་པའི་ཚུལ་གྱིས་བསྟན། །དེ་ཉིད་རྣམ་གྲངས་གཞན་གྱིས་བཤད། །བསྔགས་པའི་ཚུལ་གྱིས་བསྟན་ལ་གཉིས། །གནས་བཞི་རྟོགས་པར་དཀའ་ཚུལ་དང་། སངས་རྒྱས་ཀྱི་ཁམས་དྲི་བཅས་དེ་བཞིན་ཉིད་དང་། དེ་ཉིད་གློ་བུར་དྲི་མས་ཤིན་ཏུ་…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
ཚོགས་བསམ་མི་ཁྱབ་པ་གནས་པའི་སྣོད་དུ་རུང་བར་འགྱུར་ཏེ། ཕལ་བས་བསམ་དུ་མེད་པའི་ཡོན་ཏན་གྱི་ཚོགས་ཅན་གྱི་གནས་འདི་བཞི་ལ་མངོན་པར་དགའ་བའི་དགེ་བས། དེ་དང་མ་འབྲེལ་བའི་སེམས་ཅན་ཀུན་གྱི་སྦྱིན་སོགས་བསོད་ནམས་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཏེ་འདི་ལས་གོང་དུ་གྱུར་པའི་ཆོས་གཞན་མེད་པའི་ཕྱིར་རོ། །རྒྱས་པར་བཤད་པ་ལ་ནི་གསུམ། །སྦྱིན་པ་མ…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
བ་རྒྱ་ཆེན་པོ་དེ་ལས་ཀྱང་བསོད་ནམས་ཆེས་མང་པོ་ཐོབ་པར་འགྱུར་རོ། །ཚུལ་ཁྲིམས་ལས་ཀྱང་ཁྱད་འཕགས་པ། །བློ་ལྡན་གང་ཞིག་བསམ་པ་བླ་མེད་བྱང་ཆུབ་འདོད་པས་དུས་བསྐལ་པ་དུ་མར་ཡང་། ལུས་ངག་ཡིད་ཀྱི་སྒོ་ནས་གོམས་པའི་དབང་གིས་དཀའ་ཚེགས་ཀྱིས་འབད་པ་མེད་པར་འཇུག་པའི་སྟོབས་ཀྱིས་ཚུལ་ཁྲིམས་ཉེས་པ་ཕྲ་མོས་ཀྱང་དྲི་མ་མེད་པ་སྲུང་བར་བྱེད་པ་ལ་བས…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
གནས་བཞི་པོ་འདི་ལས་བརྩམས་ཏེ་དོན་རྟོགས་ན་ལྟ་ཅི་སྨོས། ཐ་ནའང་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་ཡིད་ཆེས་པས་མོས་ན་དེ་ལྟར་མོས་པའི་དགེ་བ་འདི་གོང་བསྟན་གྱི་བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཕེལ་ཞིང་ཐོབ་པར་འགྱུར་རོ། །འདི་རྣམས་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ཚིགས་བཅད་དུ་བྱས་པའོ། །ཤེས་རབ་མཆོག་ཐོབ་རྒྱུ་མཚན་ནོ། །ད…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
རང་བཞིན་དུ་གནས་པ་ཁམས་དང་། ཁམས་དེ་ནི་གནས་གྱུར་པ་བྱང་ཆུབ་དང་། བྱང་ཆུབ་དེ་ཡི་ཡོན་ཏན་དང་། ཡོན་ཏན་དེས་གཞན་དོན་སྒྲུབ་པ་ཕྲིན་ལས་ཏེ། རྒྱལ་བ་སངས་རྒྱས་ཁོ་ན་ཡི་ནི་མཁྱེན་པའི་ཡུལ། རྣམ་པ་བཞི་པོ་བསྟན་བཅོས་འདིར་ཇི་སྐད་བརྗོད་པ་འདི་ལ་བློ་ལྡན་རྣམས་ཀྱིས་རིམ་པ་བཞིན་ཐམས་ཅད་ལ་ཁྱབ་པར་ཡོད་པ་ཉིད་ལ་ཡིད་ཆེས་པའི་དད་པ་དང་། བྱང་ཆ…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
གྱི་འདུན་པ་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། དམིགས་པ་མི་བརྗེད་པའི་དྲན་པ་དང་། རྩེ་གཅིག་པའི་བསམ་གཏན་དང་། ཤེས་བྱ་རྣམ་པར་འབྱེད་པའི་ཤེས་རབ་ལ་སོགས་པ་བསམ་མི་ཁྱབ་པའི་ཡོན་ཏན་ཐམས་ཅད་འབྱུང་གནས་ཀྱི་སྣོད་ལྟ་བུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་བྱང་སེམས་དེ་དག་ལ། དུས་རྟག་ཏུ་ཉེ་བར་གནས་པར་འགྱུར་ཏེ། རང་གཞན་ཀུན་ལ་ཁམས…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
སྦྱིན་སོགས་དེ་ཡི་རང་རང་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་ལྔ་སྤངས་པ་ཉིད་ཀྱི་ཕྱིར་རོ། །བསོད་ནམས་བྱ་བའི་དངོས་གསུམ་བྱེད། །དེ་ཡང་བསོད་ནམས་ཕར་ཕྱིན་ལྔ་པོ་ལས་སྦྱིན་པའི་ཕར་ཕྱིན་ལས་བྱུང་བའི་བསོད་ནམས་ནི་སྦྱིན་པ་ཡི་བསོད་ནམས་བྱ་བའི་དངོས་པོ་སྟེ། ཚུལ་ཁྲིམས་ལས་བྱུང་བ་ནི་ཚུལ་ཁྲིམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་ཡིན་ལ། བ…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
ལས་ཤེས་རབ་མཆོག་ཡིན་ལ། ཤེས་རབ་དེ་ཡི་གཞི་ནི། དོན་གནས་བཞི་སྟོན་པའི་མདོ་དགོངས་འགྲེལ་དང་བཅས་པ་ཚུལ་བཞིན་དུ་ཐོས་པ་ཡིན་པ་དེ་ཡི་ཕྱིར་ན་ཐོས་པ་ནི་གཞན་སྦྱིན་སོགས་བསོད་ནམས་བྱ་བའི་དངོས་པོ་གསུམ་ལས་མཆོག་ཏུ་གྱུར་པ་ཉིད་དོ། །མཇུག་ཡོངས་རྫོགས་པའི་བྱ་བ་གཉིས། །བཤད་བྱའི་དོན་ཉིད་རྒྱས་པར་བཤད། །འཆད་པའི་ཚུལ་གྱིས་བསྡུས་ཏེ་བསྟན།…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
བརྟེན་ནས། གང་ཕྱིར་བཤད་ན། རྩོམ་པ་པོ་བདག་ཉིད་ཆོས་ཀྱི་དབྱིངས་འབའ་ཞིག་སྒྲིབ་པ་ཕྲ་མོས་ཀྱང་དག་ནས་མཐར་ཕྱིན་པའི་མྱང་འདས་ཐོབ་པའི་ཕྱིར་དང་། བག་ཆགས་འབའ་ཞིག་པའི་བདག་ཉིད་ཀྱི་བར་གྱི་སྒྲིབ་པ་ཐམས་ཅད་དག་པར་བྱ་བའི་ཕྱིར་ཞེས་ཀྱང་བཤད་དོ། །གཞན་གང་དག་གནས་འདི་ལྟ་བུ་ལ་མོས་པ་དང་། དེ་ལས་ཁྱད་འཕགས་ཀྱི་དགེ་བ་ཕུན་སུམ་ཚོགས་པ་ལྡན་པ…
MJN004
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།
འོད་ཟེར་འགྱེད་པར་མཛད་པ་ཐུབ་པ་སངས་རྒྱས་ཀྱི་སྣང་བ་ལ་བརྟེན་ནས། ནང་གི་རྐྱེན་བློ་གྲོས་ཀྱི་མིག་གིས་ཟབ་མོའི་དོན་མཐོང་ནས་བྱམས་པ་བདག་གིས་གཞུང་འདི་ཉིད་རབ་ཏུ་གསལ་བར་བཤད་དོ། །གང་ཞིག་བཤད་བྱའི་བཀའི་ངོ་བོ། །གསུང་རབ་གང་ཞིག་བརྗོད་བྱ་ཟབ་རྒྱས་ཀྱི་དོན་ཆེན་པོ་དང་ལྡན་པ། རྗོད་བྱེད་ངག་ཚིག་དྲི་མ་མེད་པའི་ཆོས་དང་ཉེར་འབྲེལ་ཞིང…