Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      3764 results — page 81 of 189
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      གམ་འཇིག་རྟེན་ན་གནོད་པར་བྱེད་པ་ཐམས་ཅད་བྱམས་པའི་ཐུགས་རྗེས་རྡུངས་ཤིག སརྦ་ཤཱ་ཏྲུན་ནཱ༷ཾ་དགྲ་བགེགས་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱིས་སྲེགས་ཤིག གྷ་ཊ་གྷ་ཊ་ཐམས་ཅད་ཐུགས་རྗེས་སོད་ཅིག་གམ་བརྩེ་བ་མེད་པ་རྣམས་གཞན་དུ་བསྐྲད་པར་མཛོད་ཅིག །སམ་གྷ་ཊ་ཡ་སམ་གྷཱ་ཊ་ཡ་ལེགས་པར་སོད་ཅིག་གམ་ཤིན་ཏུ་ཕྱིན་པར་མཛོད་ཅིག སརྦ་བི༷དྱཱཾ་བཛྲ་བཛྲ་ལས…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      བོ་རྣམས་ཀྱིས་སྡུག་བསྔལ་ཆེན་པོའི་རྒྱུ་རྣམས་གཅོད་ཅིག་པའམ་རྡོ་རྗེ་འབར་བས་ཁམས་གསུམ་པའི་ཉོན་མོངས་པ་རྣམས་ཐུགས་རྗེ་འབར་བས་ཆོད་ཅིག །གྲྀ༷ཧྞ་ཀུལླུ་གཞོམ་པར་མཛོད་ཅིག་གམ་སེམས་ཅན་ཐམས་ཅད་ཀྱི་གཤིན་རྗེའི་སྡུག་བསྔལ་ཐམས་ཅད་ཆོམས་ཤིག །མི་ལི་ཙུལླུ། ཀུ་རུ་ཀུལླུ་དག་པར་མཛོད་ཅིག་གམ་དཔལ་རྟ་མགྲིན་སྔོན་པོ་འབར་བས་སྡུག་བསྔལ་ཐམས་ཅ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      ཡེ་ཤེས་བཞིའི་རང་བཞིན་གྱིས་བར་དུ་གཅོད་པ་རྣམས་ཞི་བར་མཛོད་ཅིག་གམ་ཉོན་མོངས་པ་རྣམས་སོད་ལ་རྡུལ་དུ་རློག་ཅིག །དེ་ལྟར་ཐུགས་ཀྱི་རང་བཞིན་ཡེ་ཤེས་ལ་བསྐུལ་བ་བསྟན་ནས། ཁྲོ་བོ་རྣམས་སྐུའི་རང་བཞིན་ལ་བསྐུལ་བ་བསྟན་པའི་ཕྱིར། བཛྲ་བི༷་ད་ར་ཙ་ཡ་སྭཱ་ཧཱ། རྡོ་རྗེ་རྣམ་པར་འཇོམས་པའི་སྐུའི་རང་བཞིན་གྱི་བག་ཆགས་ངན་པའི་དྲི་མ་རྣམས་ཞི་ཞི…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      བོ་མ་ཧཱ་བ་ལས་བགེགས་སྐྲོད་ཅིག །བཛྲ་ཀཱི་ལི་ཀཱི༷་ལཱ་ཡ་སྭཱ་ཧཱ་ཁྲོ་ཆེན་ཀཱི་ལི་ཀཱི་ལཱ་ཡ་ཡི་ཕུར་བུས་བགེགས་རྣམས་སྐྲག་པར་མཛོད་ཅིག །ཧ་ར་ཧ་ར་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ་ཁྲོ་ཆེན་རྡོ་རྗེ་འཆང་སྟེ་རྡོ་རྗེ་བེ་ཅོན་གྱི་ཕུར་བུས་བགེགས་རྣམས་འདར་བར་མཛོད་ཅིག་གམ་རྡོ་རྗེ་འབར་བའི་སྒོ་བ་བཞིས་བགེགས་ཐམས་ཅད་སྲེགས་ཤིག །པྲ་ཧ་ར་པྲ་ཧ་ར་ཁྲོ་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      ཧྱེ༷་ཧི༷་བཛྲ་ཡེ་ཤེས་ཀྱི་རྡོ་རྗེ་དང་ལྡན་པ་གདུལ་བྱའི་རྒྱུད་ལ་གཤེགས་ཤིག་གམ་ལྡན་པའི་རྡོ་རྗེས་བདག་འཁོར་བ་ལས་དྲོངས་ཤིག །ཤྲཱི༷་བྷྲ༷ཾ་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ་དཔའ་བར་འགྲོ་བའི་རྡོ་རྗེས་རིངས་པར་བདག་གི་ལས་འགྲུབ་པར་མཛོད་ཅིག་གམ་མྱུར་དུ་ཞི་བའི་ལས་མཛོད་ཅིག །དྷ་ར་དྷ་ར་ནི་སྒོ་བཞིའི་སྲུང་བ་བསྟན་ཏེ་བྱང་ཆུབ་སེམས་ཀྱི་རང་བཞིན…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      དབང་བསྐུར་ལ་སྐྱོབས་ཤིག་གམ་བགེགས་རྣམས་ཐོབ་ལ་མི་གཡོ་བར་མཛོད་ཅིག །མཎྚ་ལེ་མ་ཡེ་དཀྱིལ་འཁོར་གྱི་ཕྱིའི་སྲུང་མ་རྣམས་ཀྱིས་སྤྲུལ་པའི་ངོ་བོ་ཉིད་ཀྱི་ཆེ་བ་སྣ་ཚོགས་སུ་སྣང་བའོ། །ཨ་ཏི་བཛྲ་རྡོ་རྗེ་བཟང་པོས་ཐམས་ཅད་ལ་སྐྱོབས་ཤིག་གམ་ཡེ་ཤེས་མཆོག་དང་ལྡན་པ་རྣམས་ཀྱིས་དཀྱིལ་འཁོར་སྐྱོང་བ་རྣམས་བདག་ལ་འགོ་བར་མཛོད། མ་ཧཱ་བ་ལེ་བེ་ག་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་སྔགས་ཀྱི་མགོན་པོ་སྟེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་པའོ། །ཏདྱ་ཐཱ་འདི་ལྟ་སྟེ། ཨོཾ་ནི་རབ་བསྔགས་ཏེ་བཀྲ་ཤིས་པའི་དོན་ནོ། །ཧ་ར་ཧ་ར་བཛྲ་ཡེ་ཤེས་ཀྱི་ལག་ན་རྡོ་རྗེ་དབུས་སུ་བཞུགས་པ་སྟེ་གཙོ་བོའི་སྔགས་སོ། །ཡང་ན་གད…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      འགྲུབ་པའི་ཕྱིར་ཁྲོ་བོ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །ད་ནི་སྒོ་མ་བཞིའི་དོན་སྟོན་ཏེ། ཧུ་ལུ་ཧུ་ལུ་ཤར་གྱི་སྒོ་བས་བགེགས་དང་འབྱུང་པོ་ཐམས་ཅད་ཚུར་དྲངས་ཤིག་གམ་དྲག་ཏུ་ཁུག་ཅིག །ཏིཥྛ་ཏིཥྛ་ལྷོའི་སྒོ་བས་ཆིངས་ཤིག་གམ་བདག་གི་མདུན་དུ་གནས་པར་མཛོད་ཅིག །བྷནྡྷ་བྷནྡྷ་ནུབ་ཀྱི་སྒོ་བས་བགེགས་དང་ལོག་འདྲེན་ཐམས་ཅད་ཆོམས་ཤིག་གམ་ཆི…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      བ་དང་མི་ལྡན་པ་སོགས་ཕུན་སུམ་ཚོགས་པ་མིན་པ་སྟེ་རྒུད་པའི་ཕྱོགས་གང་གི་རྒྱུད་ལ་ཆགས་པ་སྟེ་ཡོད་པ་དང་། འདས་མ་འདས་ཀྱི་ལྷ་རྣམས་ཀྱིས་རྒྱབ་ཀྱིས་ཕྱོ༷གས་པ་སྟེ་གྲོགས་མི་བྱེད་པ་དང་། ལྷ་གཡེལ་བའི་རྟགས་སུ་རང་གི་གཉེན་སོགས་སྔར་མཛའ་སྡུག་གི་སྐྱེ་བོ་ཡང་རང་ལ་སྡང་བ་དང་། བྲམ་ཟེའམ་རང་གི་འཁོར་གྱི་བྲན་དང་བཟའ་མི་ལ་སོགས་གདོན་སོགས་ག…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      དམ་པ་འདི་ཉིད་མཉན་པ་དང་བཀླག་པར་གྱིས་ཤིག །ནང་གི་ཁྲུས་ནི་གང་དག་ཆོས་ལ་སེམས་པས་ཡིད་དགེ་བ་འཚེ་བ་མེད་པའི་སེམས་གཡོ་སྒྱུ་སོགས་སྤངས་པས་དང་བའམ་དད་པ་དང་ལྡན་ཞིང་། སྲོག་ཆགས་ཀྱི་རྒྱུ་ལས་མ་བྱུང་བའི་རས་སོགས་གཙང་མའི་གོས་དང་དྲི་ཞིམ་པོའི་མེ་ཏོག་སོགས་ཀྱིས་ལུས་རབ་ཏུ་བརྒྱན་ཏེ་ཞེས་སྔོན་ལ་སྟ་གོན་དུ་གནས་པས། དངོས་གཞི་ཟབ་མོ་རྟ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      ཡི་གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པའམ་ཟངས་དག་ཀྱང་རུང་སྟེ་གྲངས་ཀྱང་ལྔའམ་གཅིག་གང་རུང་གསར་པ་དག གཙང་མའི་གོས་རས་ཁ་ཚར་ཅན་གྱིས་དཀྲིས་ཞིང་ལྔ་ཚན་ལྔ་དང་དྲི་ཞིམ་པོའི་ཆུས་ཡོངས་སུ་དགང་ཞིང་དཱུར་བའི་ཁ་རྒྱན་དང་བཅས་མེ་ཏོག་གམ་འབྲུའམ་ཚོན་སྣ་ལྔའི་གདན་ལ་བཞུགས་སུ་གསོལ་ཏེ། སྔགས་ཀྱི་གྲངས་ནི་ལན་གྲངས་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      དགེ་མི་དགེ་སྟོན། མར་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་བྱིན་ན་སྦྲུམ་མ་བུ་སྐྱེ་ཁ་ལ་བདེ་བར་བཙའ་ཐུབ། བདུག་པ་སྣ་ཚོགས་ལ་ཉེར་གཅིག་བཟླས་པས་བདུག་ན་བྱིས་པ་གདོན་ལས་གྲོལ། སྦྱིན་སྲེག་གི་ཐལ་བ་ལ་ཉེར་གཅིག་བཟླས་གཏོར་ན་རྐུན་མ་སྲུང་། གོས་ཀྱི་མཐར་མདུད་པ་བདུན་ལ་སྔགས་ལན་བདུན་བརྗོད་པས་བདག་སྲུང་། སྤྱི་བོར་སྐྲར་མདུད་པར་སྔགས་བདུན་བ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།
      ཆོམ་རྐུན་མི་འབྱུང་། གྲུ་ལ་བརྒལ་ཚེ་ཆུ་ལ་ལན་བདུན་བརྗོད་ནས་ཆུ་ནང་གཏོར་ན་བདེ་བར་བརྒལ། ཡུངས་ཀར་ལ་སྟོང་བརྒྱ་རྩ་བརྒྱད་བཟླས་ཏེ། ཕ་རོལ་གྱི་དམག་མི་ཡོད་ཕྱོགས་དང་། དམག་གི་མགོ་ལ་གཏོར་ན་རང་དམག་ལས་རྒྱལ་མདའ་སྔོན་པོ་སྟོང་བརྒྱ་རྩ་བརྒྱད་བཟླས་ལ་ཕ་རོལ་དམག་གི་སར་འཕང་ན་ཕ་རོལ་གྱི་མཚོན་ཆའི་ནུས་པ་ཉམས། ཡིད་ལ་བཟླས་བརྗོད་བརྒྱ་ར…
      MJN013 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།
      མདྷྱཱམཀཱལཾཀཱརསྱབིབྷཱ་ཥིཏམཉྫུགྷོཥགུརྭཱམོདསྱཱགམནཱམབིཧརཏིསྨ།། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
      MJN013 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།
      གང་གིས་རྨད་བྱུང་རྟེན་འབྲེལ་ལམ། །གསུང་མཆོག་མཚུངས་པ་མེད་པ་ཡིས། །སྲིད་པའི་འཆིང་བ་བཀྲོལ་མཛད་པ། །སྐྱོབ་པ་ཤཱཀྱ་སེང་གེར་འདུད། །གང་མཚན་དྲན་པས་ཐོག་མེད་སྲིད་པའི་སྨག །སྙིང་ལ་ཡུན་རིང་ཉལ་བའི་དགྲ་འཇོམས་པ། །གཞོན་ནུ་སྨྲ་བའི་ཉི་མ་གང་དེ་དང་། །དབྱེར་མེད་དྲིན་ཅན་བླ་མས་བདག་སྐྱོངས་ཤིག །གང་ཞིག་ལྟ་ངན་མུན་པའི་རུམ་ན་སྣ་ཚོགས་…
      MJN013 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།
      པས་རྣམ་པ་སྟོང་དུ་འཇིགས་མཛད་འཇིགས་མེད་སྨྲ་བའི་སེང་གེ་གང་དེ་རྒྱལ་གྱུར་ཅིག །གང་གི་ལེགས་གསུང་ཟབ་མོ་དབུ་མའི་རྒྱན། །རིགས་པའི་ཆུ་ཀླུང་འབུམ་ཕྲག་འཁྱིལ་བའི་མཚོ། །མཁས་མཆོག་ཀླུ་དབང་བྱེ་བའི་རོལ་གནས་དེར། །དམན་པ་བདག་ཀྱང་དགའ་བའི་ཡིད་ཀྱིས་ཞུགས། །མཚུངས་མེད་བློ་མཆོག་མངའ་བ་རྣམས་ཀྱིས་ཀྱང་། །བསྒྲིམས་ཏེ་རབ་ཏུ་འབད་པས་རྟོགས…
      MJN013 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།
      བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། ཚོགས་གཉིས་རྒྱ་མཚོ་ལྟ་བུས་རྒྱུད་ཡོངས་སུ་སྦྱངས་པས་གཟིགས་པ་རྣམ་པར་དག་པའི་མཐར་སོན་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱི་སེང་གེའི་སྒྲ། མུ་སྟེགས་བྱེད་ཀྱི་གླང་པོ་དང་རི་དྭགས་ཀྱི་ཚོགས་སྐྲག་པར་བྱེད་པ། སྟོང་པ་ཉིད་ཀྱི་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བའི་བཀའ་དྲི་…
      MJN013 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།
      པའི་རིགས་ལམ་ནས་དྲངས་པའི་གཞན་གྱིས་བཀྲི་བར་མི་ནུས་པའི་ཟབ་པ་དང་རྒྱ་ཆེ་བའི་ཤེས་རབ་དོན་དུ་གཉེར་བ་དག་གི་ཆེད་དུ་མཛད། ཕྱོགས་གང་དུ་གཏོགས་ན། ཐེག་ཆེན་གྱི་བཀའ་སྤྱི་དང་། ཟླ་སྒྲོན་སོགས་ཟབ་མོའི་མདོ་སྡེ་རྣམས་ཀྱི་ཕྱོགས་སུ་གཏོགས། དབུ་ཞབས་ཀྱི་བསྡུས་དོན་ནི། བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པའི་ཚུལ་གཉིས་ཀྱིས་བས…
      MJN013 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།
      སྔོན་གྱི་མཁས་པ་དག་གིས་བཤད་ལ། ཞི་འཚོ་ནི་རབ་ཏུ་བྱུང་བའི་མཚན་དུ་མངོན་ཞིང་། གཞན་ཡང་མཚན་གྱི་རྣམ་གྲངས་དུ་མ་སྣང་ངོ་། །ཤེས་བྱ་ལྔ་ནི་ཆོས་ལྔ་རིགས་པས་གཏན་ལ་ཕབ་ནས་ཐེག་ཆེན་མཐའ་དག་དགོངས་པ་གཅིག་ཏུ་སྒྲུབ་པར་ལུང་བསྟན་པའོ། །དེ་བཞིན་དུ་ཏིང་འཛིན་རྒྱལ་པོ་ལས། ཟད་དུས་མི་བཟད་པ་ལ་བྱང་ཆུབ་སེམས་དཔའ་གང་། བདེ་བར་གཤེགས་པའི་བསྟན་…
      MJN013 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།
      འདི་ལྟར་མཐོང་སྟེ། དེའང་སློབ་དཔོན་འདི་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས་ནས་ནཱ་ལེནྡྲའི་ཐམས་ཅད་ཡོད་སྨྲའི་སྡེ་པའི་མཁན་པོ་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་། མཚན་བོ་དྷི་སཏྭ་ཤཱནྟ་རཀྵི་ཏ་ཞེས་གསོལ། རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་ཏེ། ནཱ་ལེནྡྲའི་མཁན་པོ་མཛད་ཅིང་རྒོལ་བ་ངན་པ་མཐའ་དག་ཚར་བཅད་དེ། མཁས་པའི་གྲགས་…