Author
About 40% of texts have an author recorded — this list will grow as more are attributed.
705 results
— page 27 of 36
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
བསྣན་ཏེ། བདུན་གྱི་ཚད་དེས་མཐར་བསྐོར་ནས་མཇལ་ན་ལྔ་འདབ་འགྲུབ། འདབ་མ་སོ་དྲུག་བྱས་པའི་ཆ་གཅིག་ལྷག་འོང་། ཅི་ལྷག་པ་ཆ་ལྔར་བགོས་པའི་ཆ་རེ་རེ་འཕར་བར་བྱས་པས་འགྲུབ་བོ། །ཆ་ཕྲན་བརྒྱད་ཅན་ལ་བགོས་པ་མེད་པས་བཞག ཆ་ཕྲན་དགུས་ཚད་ཀྱིས་མཐའ་ནས་གཞལ་ན་བཞི་འདབ་ཆད་ལྷག་མེད་པ་འགྲུབ། ཆ་ཕྲན་བཅུའི་བཞི་འདབ་ཕྱེད་མར་བྱས་ན་བརྒྱད་འདབ་འགྲུབ། …
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
ལྟ་ཆ་ཕྲན་བཅུ་གཅིག་བགོས་པ་དེའི་ཆ་ཕྲན་དྲུག་རེ་བསྡོམས་པར་རིམ་པར་བསྐོར་བས་བཅུ་གཅིག་པ་འགྲུབ། བཅུ་ཐིག་གི་སྟེང་དུ་ཆ་གསུམ་བསྣན་ཏེ་བསྐོར་བའམ། ཡང་ན་དང་པོར་བཅུ་གཉིས་བགོས་པར་ཆ་ཕྲན་གཅིག་བསྣན་ཏེ་བསྐོར་ལ། དེའི་ཆ་ཕྲན་དྲུག་བསྡོམས་པའི་བར་ཚད་ཀྱིས་མཐའ་ནས་བསྐོར་བས་བཅུ་གསུམ་འདབ་འགྲུབ་པ་སོགས་ཇི་སྲིད་བར་རིགས་འགྲེ་ཤེས་པར་བྱ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
ལག་སྟབས་ཀྱི་ཅུང་མ་འགྲིག་ན་དེ་མཚུངས་ཆ་བསྙམ་པར་བྱའོ། །འདི་དག་ནི་ནང་གི་ཟླུམ་སྐོར་ནས་ཕྱི་རོལ་ཏུ་ཇི་ཙམ་བསྐྱེད་འོས་ཀྱི་ཐིག་རིས་ལ་དཔག་སྟེ། ལྟེ་བ་ནས་ཕར་ཕར་ཤིང་བུས་འདབ་གྲངས་དུ་འདོད་རིམ་པར་གཞལ་ནས་འཕར་གང་དགོས་བརྩི་ཤེས་པར་བྱའོ། ༈ །།།ནང་གི་ཟླུམ་སྐོར་སོགས་ལ་ལྟོས་མི་དགོས་པར་རང་བཞིན་གང་འདོད་འདབ་མ་གཅོད་ན། ཤིང་ཤིང་བུ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
དྲུག་བགོས་པའི་ཆས་གཞལ་བ། དེས་གསུམ་ནས་དགུའི་བར་དུ་འགྲུབ་པ་དེས་ཐམས་ཅད་འགྲུབ། ཡང་ན་བཞི་འདབ་ནི་སླ་ལ། ལྔ་ལ་བཞི་ཆའི་གཅིག་ལྔར་བགོས་པའི་ཆ་རེ་བསྐུམ་པའོ། །དྲུག་གི་ཆ་གཅིག་ལྔར་བགོས་པའི་ཆ་རེ་བསྣན་པས་འགྲུབ་པ་དང་། བདུན་ལ་དྲུག་དང་བརྒྱད་ལས་འཕར་ཕྲིས་དེ་བཞིན་འགྲུབ་སྟེ། ཆ་ཕྲན་གཅིག་བདུན་དུ་བགོ་བ་ལས་མང་མི་དགོས་ཏེ། དགུ་སོག…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
དུམ་བུ་ལྔར་བྱས་པའི་ཆ་དེ་ལྔ་བཅུའི་ཆ་གཅིག་ཡིན་ལ། དེ་འདྲ་གསུམ་མུ་ཁྱུད་ཀྱི་ཡི་གེ་རེའི་ས་ཁྱོན་ཡིན་པ་སོགས་ཇི་སྲིད་དུ་དེས་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །ང་གཅིག་ང་གསུམ་ལྟ་བུ་ལ། ལྔ་བཅུའི་ཆ་ཚད་དེས་གཞི་བཟུང་ལ། ཡི་གེ་ཆུང་བ་འགའ་ཡིས་ཁོངས་ནས་ཁ་ལྷག་དུ་ཡོད་འཕར་བར་བྱའོ། །ང་བཞི་ལྟ་བུ་སོགས། དགུ་དྲུག་ང་བཞི་ཡིན་པས་དང་པོར་ཆ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
བཞག་ལ། ནང་དུ་སེར་ཟླུམ་བསྐོར་འཁོར་ལོའི་རྩ་བ་འབབ་པའི་ས་ལའང་དེ་ལྟར་བྱ་ཞིང་། རྩེ་ཟླུམ་རྣམས་གང་བྱེད་དེ་འདྲས་མཚོན་ནས་རྩིབས་རྩེའི་ཐིག་སྟེང་ཐིག་བཏབ་པའི་ཤོག་ཚད་གཅིག་གིས་བྱས་ཀྱང་རུང་། རྩིབས་བར་ས་ཁྱོན་ཕྱེད་དུ་བགོས་པའི་ཕྱེད་དབུས་སུ་མཚན་མ་བྱ་བ་རྩིབས་རྩེའི་སའོ། །པད་འདབ་ཀྱི་རྩེ་ཟླུམ་པའང་། འདབ་མའི་བར་གྱི་ས་ཚད་གཅིག་…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
ཡོད་རིགས་རྣམས་ཀྱི་ཧཱུཾ་གི་ཀླད་ཀོར་གྱི་ཐད་ནས་སྔགས་མགོ་ཐམས་ཅད་བཞག་འདུག་པ་ཕལ་ཆེར་ལ་མཐོང་། དེ་གཉིས་གང་བྱེད་ཀྱང་ནང་གི་སྔགས་མགོ་གང་ནས་བཟུང་བ་དེའི་ཐད་ནས་ཕྱིའི་སྔགས་མགོ་ཀུན་ཀྱང་འཛིན་དགོས་སོ། །འཁོར་མི་དགོས་པའི་སྲུང་བ་ལ་ཡིག་མགོ་ཕྱིར་བསྟན་ཡིག་ངོ་ནང་བསྟན་བྱ། འཕྲེང་གཅིག་གིས་ཁྲིག་གེར་མི་འཁོར་རིགས་ལ་ཨོཾ་ནས་བཟུང་ཕྱ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
དེ་འདྲ་བརྩེགས་པ་རྐྱང་པ་ཡིན་ན་དེས་ཆོག སྟེང་འོག་ཁ་སྦྱར་དགོས་རིགས་ལ། སྟེང་ནས་ཁ་ཐུར་དུ་བསྟན་ཚད་ཡིག་མགོ་ཕྱི་ཡིག་རྐང་ནང་བསྟན་བྱ་དགོས་ངེས་ཀྱི། སྟེང་འོག་གཉིས་ཀྱི་ཡིག་མགོ་ཕྱིར་བསྟན་ནམ་ནང་བསྟན་གང་རུང་ཡིན་ན་ཁ་གྱེན་བསྟན་རྐྱང་པ་ལས་སྟེང་འོག་ཁ་སྦྱར་བྱས་ན་བསྐོར་ཕྱོགས་ལོག་འདུག དེ་ཡང་ཞིབ་ཆ་ལྟེ་བ་མུ་ཁྱུད་སོགས་ཆ་ཚད་འཁོ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
རྒྱབ་ནས་བཀབ་ཤོག་བྱས་ཏེ་བྲིས་པས་འགྲིགས་སོ། །ཀ་ཁ་དབྱངས་ཡིག་ལ་སོགས་ཏེ། །ཡི་གེ་རྣམས་ཀྱི་དགོད་ཕྱོགས་སོ། །གཉིས་ཀ་རྣལ་མར་བྲིས་གྱུར་ན། །ཡབ་ཡུམ་ཆོ་རོལ་སོང་གྱུར་ཏེ། །འཁོར་ལོ་ལོག་པས་རྣལ་འབྱོར་ཕུང་། །ཞེས་དང་། ཕོ་ཡིག་ཁ་ཕྱིར་བསྟན། མོ་ནང་བསྟན་དུ་གསུངས་སོ། །བསྐོར་མི་དགོས་ན་འདི་ལྟར་བྲི་ལ་བར་དུ་ལིངྒ་འཇོག་པའང་ཡོད། འཁོ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
ཀྱི་སྔགས་འབྲུ་རྣམས་རང་རང་སོ་སོ་ཐད་ཀར་འབབ་ཀྱང་མགོ་མཇུག་བསྣོལ་བ་ཅན་དུ་འོང་འདུག འདི་དག་སྟེང་ཞབས་ཡི་གེའི་ས་ཁྱོན་འདྲ་མཉམ་བྲིས་ན་དེ་ལྟར་ཡོང་གི སྟེང་འོག་གི་སྔགས་གཅིག་ཀྱང་ས་ཆ་ཆེ་ཆུང་དུ་ཤོར་ན། རང་སྔགས་ཐད་ཀར་མི་འབབ་འདུག སྟེང་འོག་གི་འཁོར་ལོའི་སྔགས་མི་འདྲ་བ་ལ་བཞི་ནི་དེ་འདྲའི་དཔྱད་པ་མི་དགོས་པར་འདུག །མུ་ཁྱུད་ཀྱི་…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
སོགས་ལའང་འགྲིགས་པར་བྱས་འདུག །ཡང་སྔགས་ལ་འདོད་གསོལ་སྦྱར་ཆོག་པ་ལ། འདོད་གསོལ་དོན་ཚར་རྒྱས་བསྡུས་ཅི་རིགས་ཚིག་མཚམས་ཁྲིག་གེར་འཁོར་བའི་ཚོད་བྱ། དབྱངས་གསལ་རྟེན་སྙིང་བྲི་བ་ལྟ་བུ་ལའང་དེས་མཚོན་ཏེ། སྲུང་བ་སོགས་ཕལ་ཆེར་ལ་ཚར་གྲངས་བསྐྱར་བའང་འགལ་བ་མེད་པའི་སྐབས་ཡོད་ཀྱང་། སྤྱིར་ཚར་གཅིག་གིས་ཆོག །འདོད་གསོལ་བྲི་དགོས་ན་དེ་ལྟ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ།
ནང་བསྟན། འཁོར་ལོའི་རྩིབས་རྩེ་འང་ཕྱིར་བསྟན་ནང་བསྟན་གཉིས་ཀ་ཡོད་པ་ལྟ་བུའི་དམིགས་བསལ་ཅན་རྣམས་ནི་སོ་སོའི་གཞུང་དང་དཔེའུ་རིས་བཞིན་མ་ནོར་བར་བྲི་བ་དང་། མུ་ཁྱུད་མ་ཆད་རྩེ་མ་རྡུག །བསྐོར་ཕྱོགས་མ་ལོག་པ། ལ་སོགས་པའི་མན་ངག་ཐམས་ཅད་ཀྱང་ཁོང་དུ་ཆུབ་པར་བྱ་དགོས་སོ། །དུས་འཁོར་གྱི་འཁྲུལ་འཁོར་ལས་ནི་ཞི་རྒྱས་དབང་དྲག་གི་འཁྲུལ་འ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བཟོ་གནས་ཉེར་མཁོའི་ཟ་མ་ཏོག
བཟོ་གནས་ཉེར་མཁོའི་ཟ་མ་ཏོག་བཞུགས་སོ། །
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བཟོ་གནས་ཉེར་མཁོའི་ཟ་མ་ཏོག
བྱེད་པོ་སེམས་ཅན་ཀུན་དོན་བྱེད། །འཇམ་དཔལ་དེ་ལ་ཕྱག་བྱས་ནས། །བཟོ་གནས་རྒྱ་མཚོ་ཆེན་པོ་ལས། །ཉེར་མཁོའི་ཆུ་ཐིགས་འགའ་ཙམ་བཀོད། །སྤོས་སྦྱོར་ལ་སྤོས་ཐམས་ཅད་ཀྱི་གཞི་མ་ཤུག་ཕྱེ་ཡིན་པས། ཤུག་པའི་སྡོང་རྒན་དྲི་ཞིམ་པོ་དེ་ཆུ་བརྡར་བྱས་པའི་ལྡེ་གུ་ལ་ཆུ་བསྣན་ནས་ལྷོག་བཞི་ལྔ་ཙམ་བསྐོལ་བ་རས་བཟང་ལ་བཙགས་ནས། ཁུ་བ་དོར། སིག་མ་ཚགས་བྱའོ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བཟོ་གནས་ཉེར་མཁོའི་ཟ་མ་ཏོག
འདུར་སླ། ཁ་དོག་དཀར་སིང་མ་སོང་བར་འདུར། སེན་མོ་ལ་བསྐུས་ཏེ་བལྟས་པས་སིག་མ་སྤུ་རྩེ་ཙམ་ཡང་མེད་པར་ཆང་དང་དབྱེར་མེད་འོ་མ་ལྟར་འདྲེས། ཉི་མ་བཅུ་གཉིས་བར་དུ་ཞག་གྲངས་སུ་འདུར་བའི་ཉིན་ལམ་དེ་སྙེད་ལ་དྲིས་ཁྱབ་ནུས་པར་བཤད་དོ། །གུ་གུལ་ནི་རྡོ་གཞོང་དུ་ཆང་དང་སྦྱར་ལ་གྲང་འདུར་བྱས་པས་རོ་མ་མེད་པར་འོ་མ་ལྟར་འདུར་ཐུབ་ནས་ཁ་དོག་དཀར་པ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བཟོ་གནས་ཉེར་མཁོའི་ཟ་མ་ཏོག
པོ་བསྣན་ལ་སླར་ཡང་འདམ་འཐག་སྔ་མའི་ཡུན་ཙམ་བྱའོ། །སྨན་གཞན་རྣམས་དར་ཚགས་ལ་དྲངས་ནས་ཞིབ་འདུལ་བྱ་བ་གལ་ཆེ། དམ་རྩི་དབང་ལག་སྐམ་བཏགས་ཞིབ་ཆེས་པ་དེ་ཉིད་སྤོས་ལ་བསྲེ་རན་དུས་ཆུར་སྦྱང་འདམ་འཐག་ཡུན་རིང་བྱས་ནས་བསྲེ།དེ་ནས་སྤོས་སྨན་ཐམས་ཅད་སྐམ་པོར་བསྲེ་འདུལ་ལེགས་པར་བྱས་དེ་རྗེས་ཆང་བཟང་གིས་ཆང་བའི་རྗེས་དོད་ཐུབ་ཙམ་འདམ་འཐག་བྱས་ལ…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བཟོ་གནས་ཉེར་མཁོའི་ཟ་མ་ཏོག
ལ། ཐང་མ་སྒྲོན་ཤིང་ངམ། གྲོ་ག་སོགས་ཀྱི་ཤུན་པ་སྐམ་པོར་མེ་སྦར་ལ་ཁོག་མ་དྲ་བ་ཅན་དུ་མེ་ལྕེ་བཏོན་པའི་དྲེག་པའམ། མར་མེ་དང་དཔལ་འབར་སོགས་ཀྱི་དྲེག་པའམ། ཐ་མ་སླང་དྲེག ཕ་བ་སྒོ་སྒོ་སྐམ་པོ་ཞལ་འདག་གིས་གཡོགས་ནས་བསྲེག་པ་ལྟ་བུ་དེ་དངོས་རྒྱུའོ། །དེ་ལ་སྤྱིན་གྱི་དྭངས་མ་བསྐོལ་པ་གྲང་ནས་ཆགས་ཚེ་ལྕེས་མི་ཕིགས་ཙམ་སྦྱར་བ་ཐང་རྐྱལ་དུ་…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བཟོ་གནས་ཉེར་མཁོའི་ཟ་མ་ཏོག
དུས་ཕྱིར་འཇིབ་མི་འོང་བཟང་ཡང་། རླན་དང་ཕྲད་ན་རྐྱེན་ཆེར་མི་ཁྱགས་སོ། །བུལ་ཏོག་ཇ་བསྐོལ་ནང་བཏབ་ན་འཇུ་བ་དེ་སྣག་ཚའི་དམ་ཚིའི་མཆོག་གོ་ཞེས་ཀྱང་བཤད། གཞན་ཡང་སྣག་ཚ་བཟོ་བའི་རྒྱུ་དགུ་ཡང་བཤད་དོ། །དང་པོ་དྲེག་པ་ལས་སྦྱར་ཚུལ་ནི། སྣུམ་ནག་གི་དྲེག་པ་བུང་ཆེ་བར་འོང་ཡང་འདུལ་ཅུང་དཀའ། ཀྱི་ལྕེའི་དྲེག་པ་འདུལ་སླ་ལེགས་ཀྱང་འོད་ཆུང་།…
MJN010
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བཟོ་གནས་ཉེར་མཁོའི་ཟ་མ་ཏོག
ཁུར་ཧ་ལོ་སྨུག་པོ་དང་། རྒྱ་ལྕམ་མེ་ཏོག་གཉིས་སོ་སོར་སྦང་ལ་ནག་པོར་གྱུར་བ་དང་ལྷན་ཅིག་བསྲེ། དེ་ལ་ཚོས་ཁུ་དང་མཚུར་ནག་ར་ཁྲག་ཅུང་ཟད་བཏང་ནས་བྲིས་པས། དང་པོར་སྣག་ཚ་འཆིང་ཁ་སླ་འདྲེན་བདེ་བ་ཞིག་འབྱུང་།བྲིས་ཟིན་ནས་ལོ་རེ་བཞིན་དག་འགྲོ། དེ་ནི་ཚ་བུལ་སོགས་མ་བཏང་བར་མེ་ཏོག་ལ་བྱེད་ཚུལ་ལོ། །གསུམ་པ་ས་ལ་བྱེད་ཚུལ་ནི། ས་སྨྱག་གཤིན…