Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      271 results — page 10 of 14
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      འཇིག་རྟེན་པའི་ལྷ་ཆེན་པོ་འཁོར་མ་མོ་མཁའ་འགྲོ་དང་བཅས་པ་སོགས་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས། སངས་རྒྱས་བཞིན་དུ་བཀའ་ཉན་ཞིང་གཙུག་གི་ནོར་བུར་བཀུར་བས་དེ་དག་གི་སྡོང་གྲོགས་ཀྱི་མཐུས་སྟོབས་དང་ལྡན་པར་འགྱུར་རོ། །གསུམ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྲས་དང་སྤུན་དུ་དགོངས་པས་བྱིན་བས་མྱུར་དུ་འབྱུང་བ་ནི། འཁོར…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      འཕགས་པ་དགྲ་བཅོམ་པ་རྣམས་དང་། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པ་ཡིན་ནོ། །དེས་ན་སྔགས་ཀྱི་དམ་ཚིག་ནི་སྤྱོད་ཡུལ་ཁྱད་པར་དུ་འཕགས་པའོ། །ལྔ་པ་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་དུ་སྦྱོར་བས་འཇིགས་པ་དང་བག་ཚ་བ་ཐམས་ཅད་མེད་པ་ནི། འཁོར་བའི་ཆོས་ཐམས་ཅད་གདོད་ནས་དག་མཉམ་ཆེན་པོར་གནས་པའི་ཕྱིར་བླང་དོར་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ལྷུན་གྱིས་གྲུབ་པའི་ཚུལ་དུ་འདུས་ཤིང་རྣམ་པར་དག་པ་ནི་གོང་དུ་བསྟན་པ་བཞིན་ནོ། །བདུན་པ་ཉམས་པར་གྱུར་ཀྱང་སྐོང་བའི་ཐབས་ཀྱིས་སོར་ཆུད་པར་འགྱུར་བ་ནི། ཉན་ཐོས་ཆོས་རྣམས་ལ་དངོས་པོར་ཞེན་པའི་དབང་དང་། ལུས་ངག་གི་ལས་ཀྱི་དངོས་པོ་གཙོ་བོར་བཟུང་བས། ཉམས་ན་རྫ་གྱོ་མོ་ཆག་པ་ལྟར་སླར་གསོ་ཐབས་མེད་ལ། བྱང་སེམས་ཆོས་ཀུན་དངོས་པོར་མ་ཞེན་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཡིན་ལ། བཞི་པ་དང་ལྔ་པ་ངོ་བོ་དང་བྱེད་ལས་ཀྱི་ཚུལ་དུ་གཅིག་ཏུ་བསྡོམས་ཏེ་ཡོན་ཏན་ལྔར་བྱས་ནའང་རུང་ངོ་། །མདོར་ན་དམ་ཚིག་ནི་མི་འདའ་བ་སྟེ། ལྟ་བའི་དོན་ལས་མི་གཡོ་བ་དང་། དཀྱིལ་འཁོར་ལ་གནས་པ་དང་། དབང་གི་དོན་རྒྱུད་ལ་འཛིན་པ་དང་། སྒོམ་པ་དང་སྤྱོད་པ་དང་སྒྲུབ་པ་དང་། མཆོད་པ་དང་ཕྲིན་ལས་དང་སྔགས་དང་ཕྱག་རྒྱ་རྣམས་ལས་མི་འདའ་བ་ནི…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      དག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམ་ཚིག་གི་སྐབས་བསྟན་ཏོ། །བདུན་པ་སྒྲུབ་པ་ལ། ངོ་བོ། དབྱེ་བ། སྒྲུབ་ཚུལ། དགོས་པ་བཞི་ལས། དང་པོ། ལེ་ལོ་སྒྱིད་སྙོམ་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབས་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་འཐོབ། །ཅེས་དང་། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཡོད་ལ། ཐུན་མོང་ལའང་ལས་ཕྲ་མོ་དང་ཆེན་པོ་གཉིས་དང་། མཆོག་ལའང་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་གཉིས་ཡོད་དོ། །དེ་ཡང་རོ་ལངས་ཚེ་དང་པྲ་སྒྲུབ་སོགས་གསུངས་པ་ཐུན་མོང་དང་། རྡོ་རྗེ་སེམས་དཔའ་དང་ཚོགས་སྒྲུབ་དང་སྨན་སྒྲུབ་སོགས་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་རྟེན་གྱི་སྒོ་ནས་དབྱེ་ན་ཕྱི་རོལ་གྱི་ཡོ་བྱད་སྣ་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      དང་སྒྲུབ་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཕྲིན་ལས་ཀྱང་སྒྲུབ་པའི་ཁོངས་སུ་གཏོགས་མོད་ཀྱི་སྒྲུབ་པ་ཐབས་དང་ཕྲིན་ལས་ཐབས་བྱུང་གི་ལྡོག་པ་ནས་མི་འདྲ་ལ། དེ་བཞིན་དུ་དེ་གཉིས་ཀའང་སྤྱིར་སྤྱོད་པའི་ཁོངས་སུ་གཏོགས་མོད་ཀྱང་སྤྱི་དང་བྱེ་བྲག་གི་ཁྱད་ཡོད་པ་སོགས་སོ་སོའི་འདུ་ཚུལ་དང་དབྱེ་ཚུལ་ཤེས་པར་བྱའོ། །གསུམ་པ་ངོ་བོས་དབྱེ་ན་བསྐྱེད…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      པར་ཐོབ་ནུས་པའོ། །གསུམ་པ་ཟག་པ་མེད་པ་རིག་འཛིན་གྱི་གོ་འཕང་འགྲུབ་པའོ། །དེ་ལྟ་བུའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ནི། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲངས་པས། འབྲས་བུ་རིག་འཛིན་རྣམ་བཞིའི་གོ་འཕང་ཞག་སོ་དྲུག་སོགས་དུས་མྱུར་བར་འགྲུབ་པ་ཡིན་ནོ། །དེ་ལ་ཕུན་སུམ་ཚོགས་པ་ལྔ་ནི། གནས་དུས་སྟ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      པའི་ལྷ་ཡི་གྲངས་དང་མཉམ་པའོ། །ལྔ་པ་འཚོ་བ་ཟས་ནད་ཟློག་སྨན་དགོས་པ་ཡོ་བྱད་སྒྲུབ་པ་རྫས་དང་བཞི་མ་ཚང་བ་མེད་པར་འདུ་བྱའོ། །དེ་ལྟ་བུར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒོ་ནས་སྒྲུབ་པ་ཟབ་མོ་ལ་བསྙེན་སྒྲུབ་བཞིའི་ཚུལ་གྱིས་འཇུག་པ་ནི། ཐོག་མར་ལྷ་མཉེས་པའི་ཚུལ་གྱིས་བསྙེན་པ་དང་། དེ་ལས་དངོས་གྲུབ་འགྲུབ་པ་ལ་མངོན་དུ་ཕྱོགས་པར་གྱུར…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཅིང་དབང་ནོད་པ་རྗེས་ཏེ་དེ་ཡན་ཆད་ནི་བསྙེན་པའོ། །དེ་ནས་སྒྲུབ་པའི་གཞུང་ཚུལ་བཞིན་བསྲངས་ནས་བཟླས་སྒོམ་ལ་འབད་པས་དངོས་གྲུབ་ཉེ་བའི་མཚན་མ་མཐོང་བ་ནི་ལྷ་ཉེ་བར་བསྙེན་པའོ། །དེ་ནས་ཞི་བ་ཡིན་ན་ཁྲོ་བོར་གནས་བསྒྱུར་བའམ་སྔ་མ་བསྒྲུབ་པའི་ཞི་ཁྲོ་གང་ཡིན་པ་དེའི་འཕྲོ་འདུའི་དམིགས་པ་དང་། བཟླས་བརྗོད་ལ་འབད་ཅིང་བཟའ་བཏུང་རྒྱན་གོས་སོ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      པའི་ས་ལ་གནས་པར་འགྱུར་ཞིང་། རྟོགས་པ་སྔ་མ་སྔ་མ་ཐོབ་ཟིན་པ་ཡིན་ན་ཕྱི་མ་ཕྱི་མ་མི་སློབ་པའི་ཟུང་འཇུག་གི་བར་དུ་གོང་ནས་གོང་དུ་འཕེལ་བར་བྱེད་པས་ན་རིག་འཛིན་རྣམ་པ་བཞིར་འགྲུབ་པར་འགྱུར་རོ། །གསུམ་པ་སྒྲུབ་ཚུལ་ལ། ཇི་ལྟར་བསྒྲུབ་པའི་ཚུལ་དང་། དེ་ལྟར་བསྒྲུབས་པའི་འབྲས་བུ་གཉིས། དང་པོ་ལའང་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལས། དང་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཏེ་དབབ་གཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་ལྷན་སྐྱེས་མངོན་དུ་བྱེད་པ་སྒྲུབ་པ་སྟེ་གཉིས་སུ་ཡོད་ལ། དེ་རེ་རེ་ལའང་ཐབས་དང་ཐབས་བྱུང་གི་དབྱེ་བས་བསྙེན་སྒྲུབ་བཞིར་ཡང་འགྱུར་ཞིང་།རང་ལུས་ཐབས་ལྡན་ལའང་གདམས་ངག་ཐོབ་པ་དང་། དེ་ལ་གོམས་པར་བྱ་བ་དང་། གོམས་པ་བརྟན་པ་དང་། མཐར་ཕྱིན་པའི་རིམ་པས་བསྙེན་སྒྲུབ་བཞི་དང་། གཞན་ལུས་ལའང་གདམས་ངག་ཤེ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      འོད་གསལ་རྫོགས་པ་ཆེན་པོ་སྟེ་མཚན་བཅས་ཀྱི་ལམ་མཐའ་དག་ཀྱང་འདི་རྟོགས་པའི་ཐབས་ཙམ་དུ་ཟད་ལ། རིམ་གྱིས་ལས་ལམ་དེ་དག་གི་ཐབས་གོམས་པ་ལས་གདོད་འདི་ལ་འཇུག་ནུས་ཤིང་། གཅིག་ཆར་བའམ་རྫོགས་ཆེན་གྱིས་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྣོན་པོ་དག་ནི་ཐབས་ཞུ་བདེ་སོགས་ལ་མི་ལྟོས་པར། བླ་མའི་མན་ངག་དང་བྱིན་རླབས་འཕོ་བ་ཁོ་ནའི་སྟོབས་ལས་ཚུལ་འ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      མཐའི་ཞེ་འདོད་ཀྱི་འཛིན་པ་ཞིག་སྟེ་རྫོགས་པ་ཆེན་པོའི་དོན་ལ་གདེང་ཐོབ་པ་ནི་སྒྲུབ་པ་ཆེན་པོ་སྟེ་དཀྱིལ་འཁོར་དུ་དབང་བསྐུར་བ་ལྟ་བུའོ། །དེས་ན་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ནི་མཚན་མ་རྫས་སོགས་ཀྱི་སྒོ་ནས་འཇུག་མི་ནུས་ཏེ་རང་རིག་པ་རྩལ་གྱིས་འཇུག་པ་ཡིན་ནོ། །དེ་ལ་མ་བཅོས་པར་འཇོག་པ་ནི་བཞག་ཐབས་ཡིན་ལ། དེ་ལས་རང་བ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      གསལ་མཐོང་བའོ། །གསུམ་པ་ནི་ཆོས་ཀུན་གྱི་གནས་ལུགས་དབྱིངས་རིག་ཟུང་དུ་འཇུག་པ་དེ་རང་གི་སེམས་ཉིད་ཀྱི་སྟེང་དུ་རང་གསལ་མ་བཅོས་ལྷུག་པར་མྱོང་བས། བཅོས་མས་བསྐྱེད་པ་དང་ཐབས་ཀྱི་འབད་རྩོལ་དང་བྲལ་བར་གནས་པ་རྫོགས་པ་ཆེན་པོ་སྟེ་གསུམ་མོ། །དེ་གསུམ་ཀྱང་དག་པ་དང་མཉམ་པ་དབྱེར་མེད་པའི་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་ཆ་ནས་བཞག་ཀྱང་། ང…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཡང་དེ་ལྟར་སྣ་ཚོགས་སུ་གསུངས་པ་རིག་པར་བྱའོ། །དེ་ལྟ་བུའི་སྒྱུ་ལུས་སོགས་ཡེ་ཤེས་གསུམ་པོ་འདི་ལ་ཉམས་དང་རྟོགས་པའི་ཁྱད་པར་དང་། ཉམས་ལའང་བརྟན་མི་བརྟན་སོགས་སྣ་ཚོགས་ཡོད་ལ། དབྱེ་སྒོ་གཞན་ཡང་ཕར་ཕྱིན་ཐེག་པ་དང་མཐུན་པའི་ཚིག་དོན། བསྐྱེད་པའི་རིམ་པ་དང་མཐུན་པའི་སྤྱི་དོན། མཚན་བཅས་རྫོགས་རིམ་དང་མཐུན་པའི་སྦས་དོན། མཚན་མེད་རྫོག…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      བདག་ཉིད་ཅན་ནི། སེམས་དང་ཡེ་ཤེས་གཉིས་ཀྱི་ཟླས་ཕྱེ་བའི་ཡེ་ཤེས་ཡིན་གྱི་སེམས་མ་ཡིན་ལ། ཆོས་ཉིད་ཡིན་གྱི་ཆོས་ཅན་མིན་ཏེ། རིམ་པ་ལྟར་དབྱིངས་དང་རོ་གཅིག་པ་གཟུང་འཛིན་མེད་པའི་རིག་གདངས་ཡིན་པའི་ཕྱིར་དང་། སེམས་ཀྱི་གནས་ལུགས་སྣང་སྟོང་ཟུང་འཇུག་བརྗོད་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །སྐབས་འདིར་བརྗོད་བྱ་དགོས་པ་མང་ཡང་གཞན་དུ་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །སྐབས་འདིར་གཞི་བདེན་པ་དབྱེར་མེད་ཟུང་འཇུག་གི་དོན་ལ་གོ་བ་རྣལ་མ་མ་ཆགས་ན་གཞི་འོད་གསལ་གཏན་ལ་དབབ་མི་ནུས་ཏེ། འོད་གསལ་ཞེས་པ་སྟོང་པ་མེད་རྐྱང་ཙམ་གྱི་ཆ་ནས་བཟུང་ན་ནི་སེམས་སེམས་བྱུང་མཐའ་དག་ལོག་པའི་ཚེ་ན་སེམས་གཏན་མེད་ལ། སེམས་མེ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      རང་རྩལ་གྱི་ཡེ་ཤེས་མ་གཡོས་ན་ནི་འཁྲུལ་བའང་མིན་ལ་གྲོལ་བའང་མིན་ཏེ་གཞི་ཙམ་དུ་གནས་སོ། །རང་རྩལ་ལས་གཡོས་པ་དེ་ཉིད་རྐྱེན་ལས་གོལ་ཏེ་གཞི་དང་མི་མཐུན་པར་གཟུང་འཛིན་ཅན་དུ་སོང་ན་སེམས་ཞེས་བྱ་སྟེ་འཁྲུལ་བ་ཡིན་ཞིང་འཁོར་བའི་བག་ཆགས་ཐམས་ཅད་ཀྱི་གཞི་འཛིན་པ་རྩྭ་སོག་གི་གཟི་བ་ལྟ་བུའོ། །ཕྱིན་ཅི་མ་ལོག་པར་ཤར་ན་ཡེ་ཤེས་ཞེས་བྱ་སྟེ། ཇ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      བཞིན་རིག་པ་གཉིས་ཀྱི་ཁྱད་ཡོད་ལ། གཟུང་འཛིན་ཅན་གྱི་རྣམ་ཤེས་ལོག་ཀྱང་འདི་མི་ལྡོག་པར་ཤེས་པར་བྱ་སྟེ། གཞི་སེམས་ཅན་གྱི་སྐབས་ནའང་ཆབ་རོམ་དང་ཆུ་བཞིན་ནོ། །དེ་ལྟར་འཁྲུལ་ཀྱང་འོད་གསལ་གྱི་ངང་ནས་འཁྲུལ། སླར་གྲོལ་ཀྱང་འོད་གསལ་གྱི་ངང་དུ་གྲོལ་ཚུལ་ཤེས་པ་འདི་ཤིན་ཏུ་གལ་ཆེ་སྟེ། དུས་ཀྱི་འཁོར་ལོ་ལས། ཕྱི་རོལ་པའི་བསྟན་བཅོས་སོགས་ད…