Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      271 results — page 8 of 14
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      དང་། རབ་ཏུ་གནས་པར་བྱ་བ་དང་། དེར་མཆོད་པ་སྣ་ཚོགས་སྦྱིན་སྲེག་གི་མཐར་ཐུག་པར་བྱ་བ་དང་ལྔས་དངོས་གྲུབ་ཀྱི་གཞིར་རུང་བར་བྱ་བའོ། །གསུམ་པ་དེ་ལྟ་བུའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་སློབ་མ་ལ་དབང་བསྐུར་བ་ལ་སོགས་ལས་ཀྱི་རིམ་པ་ཐམས་ཅད་བྱ་བའོ། །བཞི་པ་ཆོས་ཐམས་ཅད་དབྱེར་མེད་པ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གནས་པའི་རང་བཞིན་ག…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      པ་ནི། འདི་ལྟར་དཀྱིལ་འཁོར་ཞེས་བྱ་བ་འདིས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་དོན་ཐམས་ཅད་བསྡུས་པས་ན། ཤེས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། །ཐོབ་པར་བྱ་བའང་ཡིན་ཏེ་གཞི་རང་བཞིན་གྱི་དཀྱིལ་འཁོར་ཤེས་པར་བྱ་བ་དང་། ལམ་བསྒོམ་པའི་དཀྱིལ་འཁོར་ཉམས་སུ་བླངས་ནས་བསྒྲུབ་པར་བྱ་བ་དང་། འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐོབ་པར་བྱ་བ་ཡ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      གནས་པའི་ཕྱིར་ད་ལམ་གྱིས་བསྒྲུབ་མི་དགོས་ལ་བསྒྲུབ་པར་བྱ་བའི་ཆོས་ཀྱང་བརྟགས་ན་དབེན་པའི་ཕྱིར་བསྒྲུབ་ཏུ་མེད་པ་ཡིན་ནོ། །ཡེ་ནས་ལྷུན་གྱིས་གྲུབ་པས་གསར་དུ་ཐོབ་པ་མེད་ལ་དོན་དམ་པར་ཐོབ་པར་བྱ་བའི་ཆོས་མི་དམིགས་པའི་ཕྱིར་ཐོབ་པ་མེད་པའང་ཡིན་ནོ། །དེ་ལྟ་ན་སྣང་ཚུལ་ཐ་སྙད་ལ་བསྒྲུབ་པ་དང་གནས་ཚུལ་དོན་དམ་ལ་བསྒྲུབ་པ་མེད་པར་གནས་པའི…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      བ་དམ་ཚིག་ཡིན་པའི་ཕྱིར་བསླབ་པའི་གནས་ཀུན་ལ་ཁྱབ་པར་འགྲོ་ཞིང་། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ངང་དུ་བྱ་རྩོལ་མེད་པར་རྫོགས་པ་ན་མཐར་ཕྱིན་པ་སྟེ། རྒྱུད་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      དུས་ཀྱི་གནས་སྐབས་བཞི་ཡི་དྲི་མ་སེལ་ཞིང་། ལམ་བཞི་བསྒོམ་པ་དང་། འབྲས་དུས་སྐུ་བཞི་ཐོབ་པའི་དོན་གྱིས་དབང་རྣམ་པ་བཞི་སྟེ། ལུས་དང་རྩ་སྤྲུལ་སྐུར་དག་པར་བྱེད་པ་བུམ་པའི་དབང་། ངག་དང་རླུང་ལོངས་སྐུར་དག་པར་བྱེད་པ་གསང་བའི་དབང་། ཡིད་དང་ཐིག་ལེ་ཆོས་སྐུར་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། སྒོ་གསུམ་ཆ་མཉམ་དུ་ངོ་བོ་ཉིད་སྐུ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      དབུ་རྒྱན་ལ་སོགས་པ་བཅུ་དང་། ཁྲོ་བོའི་ཕན་དབང་ལ་གདན་དང་ལྷ་དབང་ཕྱག་མཚན་ལ་སོགས་པ་ནང་གསེས་ཉེར་བརྒྱད་དུ་གྲགས་པ་རྣམས་ནི་ཕན་པར་བྱེད་པ་ཡིན་ཀྱང་། ད་ལྟ་ནས་སྔགས་འཆད་ཉན་སྒྲུབ་པ་སོགས་ཀྱི་ལས་བྱེད་ནུས་པར་དབང་བསྐུར་བ་མིན་པས་ན་ཕན་པའི་དབང་ཞེས་བྱ་ལ། གསང་བ་ཉན་པའི་དབང་དང་། དངོས་གྲུབ་སྒྲུབ་པའི་དབང་གཉིས་གཙོ་ཆེར་བདག་དོན་ནུས་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཉམས་སུ་ལེན་པ་ལ་ཐོག་མའི་འཇུག་སྒོ་མེད་དུ་མི་རུང་བ་སྟེ། དེ་ཡི་རྒྱུ་མཚན་ཤིན་ཏུ་རྟོགས་པར་དཀའ་བ་དག་མཉམ་བདེན་པ་དབྱེར་མེད་གཞི་ཡི་དཀྱིལ་འཁོར་ཡེ་ནས་རང་ལ་གནས་པ་ཉིད། དབང་བསྐུར་བའི་ཆོ་ག་ཟབ་མོས་བཙན་ཐབས་སུ་འཆར་བར་བྱེད་པ་སྟེ། རྡོ་རྗེ་བཞི་ཡི་ཡེ་ཤེས་སྨིན་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་སྨིན་པར་བྱེད…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      དབང་བསྐུར་དུ་རུང་བའི་སྣོད་ལྡན་གྱི་སློབ་མ་དད་པ་དང་ཤེས་རབ་ཅན་ནི་རྒྱུའི་རྐྱེན། སྔགས་ལམ་གྱི་ནུས་པ་རྙེད་པས་སློབ་མའི་རྒྱུད་བྱིན་གྱིས་རློབ་པའི་དབང་བསྐུར་ནུས་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་བདག་པོའི་རྐྱེན། ནུས་པའི་ཁྱད་པར་དང་ལྡན་པའི་རྫས་དང་སྔགས་དང་ཏིང་འཛིན་ནི་དམིགས་པའི་རྐྱེན། དབང་དང་ཆོ་ག་སྔ་མ་སྔ་མས་གོ་ཕྱེ་ནས་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་དབང་ལ་བརྟེན་ནས་རྡོ་རྗེ་བཞི་ཡི་དོན་ལ་གོ་མྱོང་རྟོགས་པ་ཅི་རིགས་སྐྱེས་པ་དེ་ཉིད་གོང་ནས་གོང་དུ་སྤེལ་བའི་ལམ་ལ་ཚུལ་བཞིན་འབད་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ནུས་ལ། ཚེ་འདིར་ལམ་ལ་ཆེད་དུ་མ་འབད་ཀྱང་དམ་ཚིག་མ་ཉམས་ན་རིང་པོར་མི་ཐོ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་ལྟ་བུའོ། །དབང་མ་ཐོབ་ན་གསང་རྒྱུད་ཟབ་མོ་རྣམས་ཀྱི་གླེགས་བམ་བལྟ་བ་དང་ཉན་པ་ཙམ་ཡང་མི་རུང་ན་སྒྲུབ་པ་སོགས་ལྟ་ཅི་སྨོས་ཏེ་རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། དབང་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      འཐོབ་སྟེ། རྒྱུད་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་ཞིང་། གཞན་ཡང་དཀྱིལ་འཁོར་མཐོང་བ་ཙམ་ལའང་ཕན་ཡོན་ཚད་མེད་ཡོད་པ་རྒྱུད་རྣམས་ནས་གསུངས་པ་བཞིན་ནོ། །མདོར་ན་རྡོ་རྗེ་ཐེག་པའི་ལམ་གྱི་ཐོག་མའི་འཇུག་སྒོ་གཅིག་པུར་གྱུར་པ་ད…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཚུལ་ཉིད་དུ་ནི་དབང་ཐམས་ཅད་མཐར་ཕྱིན་པ་ཡིན་ནོ། །དེ་ལྟར་ཡང་རྒྱུད་ལས། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་གསུངས་པ་བཞིན་ནོ། །དེ་དག་གིས་ཡེ་ཤེས་རྒྱུད་ལ་འཇོག་པ་ལ་སྟོབས་མཆོག་དང་ལྡན་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབང་གི་སྐབས་བསྟན་ཏོ། །དྲུག་པ་དམ་ཚིག་ལ། ངོ་བོ། དབྱེ་བ། དེ་དག་གི་གནད་ཀྱི་ཚུལ། དགོས་པའོ། །དང་པོ། བླ་མེད་མཆ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      སྔགས་བླ་མེད་ཀྱི་དམ་ཚིག་གི་གཞི་འམ་ཡན་ལག་ཏུ་གྱུར་པས་ཐུན་མོང་སྤྱིའི་དམ་ཚིག་ཞེས་ཀྱང་བྱའོ། །ཁྱད་པར་གྱི་དམ་ཚིག་ནི་སྔགས་བླ་མེད་རང་ལ་གྲགས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཏུ་གསུངས་པ་རྣམས་སོ། །ཡང་སྤྱི་ནི་སོ་བྱང་སྔགས་ཀྱི་སྡོམ་པ་ཐམས་ཅད་གང་ཟག་སྤྱི་ཡི་བསྲུང་བྱ་ཡིན་པས་སྤྱི་དང་། རྣལ་འབྱོར་པ་བློ་ཡི་རྩལ་འཕང་མཐོ་དམན་སོ་སོ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      པས། འདིའི་ཚུལ་ཤེས་པ་དང་། དེ་ལས་མ་འདས་ན་དམ་ཚིག་མ་ཉམས་པ་ཡིན་པས་འདིའི་གནད་ཤེས་ཤིང་བསྲུང་བ་གལ་ཆེའོ། །དེ་ལ་རྩ་བའི་དམ་ཚིག་ལྔ་ནི། བླ་མེད་མི་སྤང་བ་དང་། བླ་མ་བཀུར་བ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་དང་། ཡང་དག་པའི་ལམ་དུ་ཞུགས་པ་ལ་བྱམས་པ་དང་། གསང་བའི་དོན་སྣོད་མིན་ལ་མི་བཤད་པ་སྟེ་ལྔའོ། །ཡན་ལག་བཅུ་ནི་དུག་ལྔ་མི་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      རིག་པ་འཛིན་པ་དང་སངས་རྒྱས་དང་དེ་དག་གི་ཐུགས་རྒྱུད་ལ་མངའ་བའི་ཆོས་ཀྱང་སྤོང་བ་མི་སྲིད་པ་དང་། དེས་ཆོས་ཉིད་ཀྱི་ཚུལ་དུའང་གཞི་དང་ལམ་དང་འབྲས་བུའི་དཀོན་མཆོག་གསུམ་བསྡུས་ཏེ། གཞི་དུས་ན་སེམས་ཅན་གྱི་སེམས་ཉིད་སངས་རྒྱས་པའི་ངོ་བོར་གནས་པ་དང་། དེ་དང་འབྲལ་མེད་དུ་ཆོས་ཀྱང་ཉི་མ་དང་ཟེར་བཞིན་ཡོད་ལ་ངག་ཡི་གེའི་འཁོར་ལོར་གནས་པ་དང…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      གྱུར་པ་གནས་ལུགས་དོན་གྱི་དཀོན་མཆོག་སྟེ་དེར་ཐམས་ཅད་མཉམ་པར་རྫོགས་པས་ན། བླ་མེད་ཉིད་བཟུང་བས་དེ་ཀུན་བཟུང་བ་ཡིན་ལ། འཛིན་ཚུལ་ཀྱང་ངེས་པ་མ་རྙེད་ནའང་ལུང་ལས་བྱུང་བ་ལྟར་མོས་པས་འཛིན་པ་དང་། ལྟ་བའི་དོན་ལ་ཡིད་ཆེས་རྙེད་ནས་དེ་ལྟར་ཡེ་ནས་ཡིན་པའི་ཕྱིར་དེ་སྤང་དུ་མེད་པར་ཤེས་པ་ན་ངེས་པས་འཛིན་པ་སྟེ་གཉིས་སུ་ཡོད་ལ། ཕྱི་མ་ལ་ནི་ཕ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      འཁོར་བར་སྐྱོ་བ་ལ་སོགས་པ་དམན་ལམ་ཡིད་བྱེད་ཀྱི་དྲི་མ་ཀུན་གཏན་ནས་ཁེགས་པ་ཡིན་ཏེ། རྒྱུད་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་རྒྱུ་ལམ་གྱི་སྟོབས་ཁོ་ནས་འབྲས་བུ་སངས་རྒྱས་གདོད་འགྲུབ་པར་འདོད་པ་རྣམས་ཀྱིས…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      བོའི་ས་ནས་ཀྱང་ཐོབ་པ་ཡོད་པ་དེའི་ཕྱིར། སྔགས་ཀྱི་དེ་ཁོ་ན་ཉིད་ལ་ཞུགས་པའི་གང་ཟག་ལས་དང་པོ་པའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པར་བསྟན་པ་ཡིན་ནོ། །དེ་ལྟར་བླ་ན་མེད་པ་སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཆོས་ཉིད་དོན་གྱི་ལྷ་ཡིན་ལ། དེ་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བའི་ལྷ་ཐམས་ཅད་ཀྱང་འདིའི་སྒོ་ནས་མི་སྤོང་བར་གྲ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      མཉམ་པ་ཆེན་པོ་མ་ཡིན་པར་འཛིན་པའི་རྩ་ལྟུང་གཉིས་ནི་སྔགས་ཀྱི་ལྟ་བ་ལ་རྒྱབ་ཀྱིས་ཕྱོགས་པས་ན། སྔགས་ཀྱི་དེ་ཁོ་ན་ཉིད་རང་གི་རྒྱུད་ལ་སྐྱེ་བ་དང་ཤིན་ཏུ་ཡང་འགལ་བའི་ཕྱིར་རྩ་ལྟུང་ཡིན་ལ། ཕུང་པོར་གདུང་བ་བསྐྱེད་པ་དང་། དམ་རྫས་དང་དུ་མི་ལེན་པ་དང་། བྱང་སེམས་ཀུནྡ་ལྟ་བུ་སྤང་བ་དང་བུད་མེད་ལ་སྨོད་པ་དང་། བསྒྲལ་བྱ་མི་སྒྲོལ་བ་རྣམས་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      བྱུང་བའི་སྔགས་ཉིད་དང་འབྲེལ་བ་ལས་ཡུལ་དེ་དག་ཀྱང་དེ་ལྟར་གཉན་པར་གྲུབ་པས་དེ་རྣམས་ལ་གཅེས་སྤྲས་སུ་མ་བྱས་ན། སྔགས་ཆུད་འཛའ་བའི་ཕྱིར་རྩ་ལྟུང་དུ་བཞག་པ་ཡིན་ནོ། །དེས་ན་སློབ་དཔོན་བཀུར་བ་དང་། སྔགས་གསང་བར་གདམས་པ་ལ་སོགས་པ་འདི་དག་ཚུལ་བཞིན་མ་བསྲུངས་ན་ཉེས་དམིགས་ཆེ་བས་སྔགས་རྒྱུད་རྣམས་ན་བཀས་བཅད་དེ་གསུངས་པའི་ཕྱིར། དེ་དང་འག…