Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      491 results — page 25 of 25
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      འཁོར་བ་རྣམས་ཀྱི་ཡང་ལྷར་གྱུར་པ་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་ཁྱོད་བདག་ལ་དགོངས་སུ་གསོལ། ཞེས་པའོ། །འཁོར་བདེ་བར་གཤེགས་པ་རང་ཉིད་ཀྱིས་ཡེ་ཤེས་ལས་སྤྲུལ་པ་རང་བཞིན་གཉིས་སུ་མེད་པའི་འཁོར་དང་རིག་པ་ཁྱད་པར་ཅན་གྱི་འཁོར་གཉིས་ཏེ། སངས་རྒྱས་རང་སྣང་གི་འཁོར་རྒྱ་མཚོ་དང་། གོ་ཕྱེ་བ་གདུལ་བྱ་གཞན་སྣང་གི་འཁོར་ཐུན་མོང་དབུགས…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      བསྒྲུབ་པ་མ་ལགས་ཏེ། གང་དོན་དུ་གཉེར་ན་འགྲོ་བ་ལ་སྙིང་བརྩེ་བ་ཁོ་ནས་འགྲོ་བའི་དོན་ལ་བརྩོན་པ་ཡིན་པས། འདི་ལྟ་བུའི་བདག་གི་ཀུན་སློང་གི་སེམས་རྒྱུ་མེད་པ་འདི་ལ་ཀུན་མཁྱེན་ཆེན་པོ་ཡེ་ཤེས་སྒྲིབ་པ་མེད་པ་ཁྱོད་ནི་དཔང་པོར་མཛད་དུ་གསོལ་ཞེས་རང་སེམས་ཟོལ་ཟོག་མེད་པའི་གནས་ལ་ཀུན་མཁྱེན་དཔང་དུ་བཞག་ཆོག་པས་སོ། །གཉིས་པ་ནི། མགོན་པོ་ཡ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      དོན་སྒྲུབ་པ་ཁོ་ནའི་སེམས་ཡིད་ལ་གཅགས་པའམ་བཞག་ནས་རྣལ་འབྱོར་གྱི་སྤྱོད་པ་ཆེན་པོ་རྫོགས་སྨིན་སྤྱང་གསུམ་ཐམས་ཅད་ཐབས་མཁས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་བདག་གིས་སྤྱད་ཅེས་གཞན་དོན་ཁོ་ནའི་ཕྱིར་རྩོམ་པའི་དམ་བཅའ་ནན་ཏན་དུ་བྱ་བའམ། ཡང་ན་ཤོ་ལོ་ཀ་གསུམ་གྱི་དང་པོ་སྤྱི་དཔང་དུ་གསོལ་ནས། གཉིས་པ་དམ་བཅའ་བ་ལ་དཔང་གསོལ་དང་། གསུམ་པ་ད…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      ཀྱང་། བྱང་ཆུབ་ཀྱི་སེམས་མཆོག་ལྷག་པའི་བདེན་པ་དབྱེར་མེད་དང་། དེ་ལྟར་རྟོགས་པའི་རྒྱུ་ཤེས་རབ་དམིགས་པ་མེད་པ་དང་། ཐབས་སྙིང་རྗེ་ཆེན་པོ་དང་གསུམ་ནི་བླ་མེད་མི་སྤང་བའི་དོན་ཡིན་ལ། རང་གི་བསྒྲུབ་བྱ་དཀྱིལ་འཁོར་གྱི་གཙོ་བོ་ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་སུ་མི་སྤང་ཞེས་སྤྱིར་ཡི་དམ་དུ་བཟུང་ཙམ་ལ་ནི་བྱ་བར་ཡི་དམ་དེ་ཉིད་ཀྱི་སྐུ་ག…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      ཁོངས་སུ་ཡན་ལག་གི་དམ་ཚིག་ཐམས་ཅད་འདུ་བས་སྔགས་ཀྱི་དམ་ཚིག་ཡོད་དོ་ཅོག་རྣམ་གྲངས་ལྔ་པོ་དེར་བསྡུས་ཏེ་བཟུང་བ་ཡིན་ནོ། །གསུམ་པ་ལ་གསུམ། གྲུབ་པའི་ཕྲིན་ལས་སྤྱིར་སྙིང་སྟོབས་ཆེན་པོ་ནས་གཞན་དོན་གྱི་གོ་ཆ་བགོ་བ་དང་། བྱེ་བྲག་ཏུ་ལྷག་བསམ་ཆེན་པོས་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཟུང་བ། ཁྱད་པར་དམ་ཚིག་ཆེན་པོས་རིག་པ་འཛིན་པ་རྣམས་ཀྱི་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      ཕན་སྙིང་རྗེ་ཆེན་པོ་ཁོ་ནའི་དབང་གིས་སྨོན་ལམ་དང་ཏིང་ངེ་འཛིན་གྱིས་བསམ་བཞིན་དུ་རང་དབང་དུ་སྐྱེ་བ་བླང་བར་བགྱིའོ། །ཞེས་གསུངས་ཤིང་། དེ་ལྟར་འཁོར་བ་ཡོངས་སུ་མི་གཏོང་བ་དེ་ཆགས་པའི་དབང་གིས་མ་ཡིན་ཏེ། བདག་ནི་འཁོར་བ་པ་རྣམས་ཀྱིས་འཁྲུལ་སེམས་ཀྱིས་ཡོངས་སུ་བཟུང་བའི་མི་བདེན་པ་སྒྱུ་མ་ལྟ་བུའི་འཇིག་རྟེན་ནམ། ཞི་བ་ཕྱོགས་གཅིག་པའ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      མེད་པར་མ་གྱུར་གྱི་བར་དེ་སྲིད་དུ་བདག་གིས་སྐྱོ་བའི་སེམས་མི་བསྐྱེད་ཅེས་དུས་རིང་པོས་མི་སྐྱོ་བར་སྟོན་པའོ། །འཁོར་བ་འདི་དག་ནི་སྡུག་བསྔལ་གྱི་རང་བཞིན་མེ་ཡི་འོབས་ལྟ་བུར་གདའ་བས་དངོས་པོར་ངན་པའི་དབང་གིས་མི་སྐྱོ་སྟེ། ཆགས་ཐོག་བྲལ་བའི་ཤེས་རབ་ཆེན་པོའི་སྒོ་ནས་གང་འདུལ་ཐབས་མཁས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་བགྱིད་པ་དེ་ཡི་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      འཇིག་རྟེན་ལྟ་བུ་ཡང་ཡིད་དུ་འོང་བ་ལྷའི་མེ་ཏོག་གི་དགའ་ཚལ་བཞིན་དུ་བལྟ་བར་བགྱི་སྟེ། འཇིག་རྟེན་གྱི་ཁམས་དེ་དག་ཏུ་མི་དགའ་མི་འདོད་སྐྱོ་བཞིན་དུ་མ་ཡིན་པར་དང་དུ་ལེན་པ་དྲག་པོའི་ཚུལ་གྱིས་འཇུག་པའོ། །གཉིས་པ་ནི། འགྲོ་ལ་ཐུགས་བརྩེ་སོགས་ཀྱིས་བསྟན་ཏེ། སྤྱིར་རྒྱལ་བའི་སྲས་ཀྱི་སྨོན་ལམ་གང་གཱའི་ཀླུང་གི་རྡུལ་སྙེད་དང་མཉམ་པ་ཐམས…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      གི་བར་དུ་དམ་པའི་ཆོས་མི་ནུབ་པར་བཟུང་བའམ་རྒྱུན་སྐྱོང་བའོ། །གསུམ་པ་ནི། བླ་མེད་བྱང་ཆུབ་སོགས་ཀྱིས་བསྟན་ཏེ། ཐོག་མར་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བྱང་ཆུབ་མངོན་དུ་བྱེད་པའི་སླད་དུ་བསྒྲུབ་པ་མཆོག་སྟེ་ཐེག་པ་ཆེན་པོའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་ཞུགས་པའི་སྐྱེ་བོ་ལ། ཚེ་རབས་ཀྱི་ཕྲེང་བ་རྣམས་སུ་རང་ལ་མཐུ་རྩ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      ཐམས་ཅད་ལ་ཕན་པའམ་སྨན་པའི་སླད་དུ་བྱང་ཆུབ་ཀྱི་སྙིང་པོ་བདག་གིས་ཚེ་འདི་ལ་མངོན་དུ་རྟོགས་པར་བགྱི། ཞེས་སོ། །གཉིས་པ་ནི། བདག་ནི་འཕགས་མཆོག་སོགས་ཏེ། གལ་ཏེ་ཚེ་འདི་ལ་གང་གི་གོ་འཕང་མངོན་དུ་བྱེད་མ་ནུས་པར་སྐབས་མེད་ཅེས་འཆི་བའི་དུས་ལ་མ་སླེབ་པར་གློ་བུར་དུ་འཆི་བའི་དུས་བྱུང་བའི་ཚེ་ན། བདག་གི་འཕགས་མཆོག་ཕྱག་རྒྱར་ཡི་དམ་གྱི་ལྷ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དམ་བཅའ་ཉི་ཤུ་པའི་ཟིན་བྲིས་ཤིན་ཏུ་བསྡུས་པ།
      ཀྱི་ཐེག་པའི་དམ་བཅའ་ཐམས་ཅད་འདིར་འདུ་བ་ཉིད་དོ། །དེ་ལྟར་དམ་བཅའ་ལས་མི་ལྡོག་པ་རྩེ་གཅིག་པའི་ལྷག་བསམ་བརྟན་པོས་དམ་བཅས་པ་མཚོན་བྱེད་སྙིང་གར་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅའ་བར་བྱའོ། །ཟབ་དོན་རྒྱ་མཚོ་ལྟ་བུའི་མཛད། །བདག་བློས་ཇི་བཞིན་རྟོགས་མིན་ཀྱང་། །བླ་མའི་དྲིན་ལས་ལེགས་བཤད་ཆ། །ཡོད་ན་དགེ་དེ་འགྲོ་བར་བསྔོ། །དེ་ལྟར་ད…