Author
About 40% of texts have an author recorded — this list will grow as more are attributed.
440 results
— page 17 of 22
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
སྲུང་ཆེན་པོས་དེ་དག་ལ་ཁྱེད་ཅག་ཡོ་བྱད་བསྙུང་བའི་གཏམ་བརྗོད་པའི་ཚེ་སྟན་ལས་ལངས་ཏེ་གར་འདོང་། དེ་དག་གིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པའི་ཡོ་བྱད་བསྙུང་བའི་གཏམ་དེ་ལྟ་བུ་སྲིད་པར་དཀའ་བ་ལགས་པས། བདག་ཅག་འདི་སྙམ་དུ་བདག་ཅག་ནི་ཡོ་བྱད་བསྙུང་བའི་ཡོན་ཏན་དེ་དག་མི་སྣང་བས་བདག་ཅག་ཁྱིམ་དུ་འདོང་གོར་མ་ཆག་སྟེ་ཅིའི་ཕྱིར…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
ཅག་གིས་ཇི་ལྟར་སྦྱར་བར་བགྱི་ལགས། འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དག་ཁྱེད་ཀྱིས་ཇི་ལྟ་ཇི་ལྟར་སྦྱོར་བ་དང་འབད་པ་དང་རྩོལ་བར་བྱེད་པ་ན། ཆོས་འགའ་ཡང་སྦྱོར་བར་མི་བྱེད། འགའ་ཡང་འབྱེད་པར་མི་བྱེད། དེ་བཞིན་དུ་ཆོས་འགའ་ཡང་སྐྱེད་པ་དང་འགོག་པ་དང་ཐོབ་པ་དང་སྤོང་བ་དང་འབྲི་བ་དང་འཕེལ་བར་མི་བྱེད་པ་དེ་ལྟར་སྦྱོར་བར་གྱིས་ཤིག །དགེ་…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
སྤོབས་པ་ཕུན་སུམ་ཚོགས་ཤིང་ཤིན་ཏུ་རྣམ་པར་ངེས་པའི་ཚིག་གིས་ཆོས་སྟོན་པ་སོགས་ངོ་མཚར་རོ། །འདིས་ད་ལྟར་ང་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པས་བསྟོད་པར་མ་ཟད་དེ། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ་བཅུར་ཚངས་པ་དེའི་ཚེ་ན་དེ་བཞིན་གཤེགས་པ་སྣང་བས་རྣམ་པར་རོལ་བ་མངོན་པར་ཤེས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བའི་ཚེ། བྱང་ཆུབ་སེམས་…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
གསུངས་པ་དང་། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་འདི་ཡུན་རིང་པོ་དེ་སྲིད་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལགས་ན་ཅིའི་སླད་དུ་བླ་མེད་བྱང་ཆུབ་ཏུ་སངས་མ་རྒྱས། བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀོད་པ་དང་ཡོངས་སུ་བཟུང་བ་ནི་གཉིས་པོ་འདི་དག་སྟེ། གང་ཞེ་ན་སེམས་ཅན་བཀོད་པ་ད…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
སོགས་ཆོས་བཅུ་ལ་གནས་ནས་མྱུར་དུ་བླ་མེད་བྱང་ཆུབ་ཏུ་སངས་རྒྱས་པ་སྟེ། སྔོན་རྒྱལ་བུ་ནོར་ཐམས་ཅད་སྦྱིན་པ་ཞེས་བྱ་བར་གྱུར་པ་ན་ནད་པ་ལ་རང་གི་ལུས་ཀྱི་ཁྲག་ཐམས་ཅད་བྱིན་ཏེ་ནད་ལས་གསོས་པ་སོགས། རྒྱ་མཚོ་བཞིའི་ཆུའི་ཕུང་པོ་ཚད་གཟུང་དུ་ཡོད་ཀྱི་ངས་སྔོན་བྱང་ཆུབ་ཀྱི་ཕྱིར་ཁྲག་བྱིན་པ་ལ་ནི་ཚད་མེད་དོ། །རྒྱལ་བུ་གཞོན་ནུ་མེ་ཏོག་ཅེས་བ…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
དེ་གང་ལགས། བཀའ་སྩལ་པ། བྱམས་པས་སྔོན་སྤྱད་པ་སྤྱོད་པའི་ཚེ་ཉིན་མཚན་ལན་གསུམ་དུ་གུས་པ་དང་བཅས་པས་སངས་རྒྱས་ཐམས་ཅད་མངོན་སུམ་བྱས་ཏེ་སྨོན་ལམ་བཏབ་པའི་ཚུལ་གསུངས་སོ། །བྱང་ཆུབ་སེམས་དཔའ་བྱམས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་རྣམས་དུག་གསུམ་ཆུང་བ་དང་དགེ་བ་བཅུའི་ལས་ལམ་དང་ལྡན་པར་གྱུར་ལ། ཕྱིས་བདག་ཉིད་…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
རྒྱལ་པོའི་ཕོ་བྲང་དུ་འཁོར་རྣམས་སུ་ཞུགས་ཏེ་ཆོས་སྟོན་པ་ན། ང་ལ་ཁ་ངན་ཟེར་ཞིང་གཤེ་རྒྱ་སྟེ་ཚོགས་པར་མི་དབྱུང་པ་རྩུབ་པ་བརླང་པོས་སྨྲ་བར་བྱེད་དོ། །ཀུན་དགའ་བོ་ང་ལ་ཆད་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །རྟག་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །འཁོར་འདོད་པ་མང་ངོ་ཞེས་ཀྱང་གླེང་ངོ་། །འདོད་པ་ཆེའོ་ཞེས་ཀྱང་གླེང་ངོ་། །ཁྱིམ་གྱི…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
བ་རྒྱལ་མཚན་ཆེན་པོ་ཞེས་བྱ་བའི་ནང་ན། ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་བརྒྱན་གྱིས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་དགེ་རྩ་རྣམ་པར་སྨིན་པ་ལས་གྲུབ་པ་དེ་ན་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་སྐྱེ་བའི་ས་ལ་གནས་པའི་མི་རྣམས་རྗེས་སུ་བཟུང་ཞིང་བྱང་ཆུབ་སེམས་དཔའ་རྣམས་སྨིན་པར་བྱ་བའི་དོན་དུ་འདུག་གི་དེ…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
དེ་ལས་བྱུང་བ། དེས་བསྐྱེད་པ་ལ་སོགས་པ་ཡིན་པའི་ཡོན་ཏན་བསྔགས་པ་མང་པོ་བརྗོད་ནས། དེས་ན་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་བསྙེན་པར་བྱ་བའི་ཕྱིར། ཁུར་ཐམས་ཅད་བཀུར་བས་མི་སྐྱོ་བས་ལྟ་བུའི་སེམས་ལ་སོགས་པས་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་རྒྱ་ཆེར་བསྟན་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ནོར་བཟངས་ཀྱིས་དགེ་བའི་བཤེས་ག…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
སུ་དགོངས་ཤིང་རྣམ་པར་སྤྱོད། །རྒྱལ་བའི་སྲས་པོ་གྲགས་པ་ཆེན་པོ་མངའ་བ་རྣམས། །ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་རྣམ་ཐར་བཞུགས་པ་དང་། །གང་རྣམས་ཆོས་དབྱིངས་ཀུན་ཏུ་ཐོགས་མེད་རྣམ་རྒྱུ་བ། །དཔེ་ཟླ་མེད་པ་དེ་དག་གནས་ནི་འདི་འདྲ་ཡིན། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས་བྱམས་པ་མཐོང་བར་དགའ་ཞིང་སྡོད་སྡོད་པ་ལས། བྱང་ཆུབ་སེམས་དཔ…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
དང་ནན་ཏན་དུ་བགྱི་བ་ཞུ་བའི་དོན་དུ། འཕགས་པ་བྱམས་པ་ནི་སྐུ་ཚེ་གཅིག་གིས་ཐོགས་པར་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་འགོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ། བྱང་ཆུབ་སེམས་དཔའ་སྐྱོན་མེད་པར་རབ་ཏུ་ཞུགས་པ། ཕར་ཕྱིན་ཐམས་ཅད་དང་བཟོད་པའི་སྒོ་དང་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་དང་རྣམ་པར་ཐར་པའི་སྒོ་ཐམས་ཅད་…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་ནན་ཏན་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་ཞིང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པ་དང་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པར་འགྱུར་བ་བཀའ་སྩལ་དུ་གསོལ་ཞེས་ཞུས་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བལྟས་ཏེ་ཚོང་དཔོན་གྱི་བུ་ནོར་བཟང་བསྟན་ནས་འ…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
བརྒྱན་པའི་སྙིང་པོ་འདི་ཉིད་ཀྱི་ནང་དུ་སོང་སྟེ་ལྟོས་ཤིག་དང་དེར་ཤེས་པར་འགྱུར་རོ་ཞེས་གསུངས་ནས། ཁང་བརྩེགས་དེའི་སྒོར་སེ་གོལ་གྱི་སྒྲ་མཛད་པས་སྒོ་རང་ཕྱེ་བའི་ནང་དུ་ཞུགས་པ་དང་། དེ་ནོར་བཟང་གིས་ནམ་མཁའི་ཁམས་ལྟར་ཡངས་པའི་ཁང་པ་བཟང་པོ་རྒྱན་གྱི་བཀོད་པ་ཚད་མེད་པས་བརྒྱན་པ། དེའི་ནང་ན་ཡང་ཁང་བརྩེགས་གཞན་བརྒྱ་སྟོང་མང་པོ་སྔ་མ་ལ…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
ཐོབ་པ་གང་ནས་བྱམས་པ་ཞེས་བྱ་བའི་མིང་ཐོབ་པ་དང་། དེ་བཞིན་དུ་ཁང་བརྩེགས་ལ་ལར་གང་དུ་སྤྱད་པ་སྤྱོད་པ། ལ་ལར་ཕར་ཕྱིན་རྫོགས་པ། ལ་ལར་བཟོད་པ་ལ་ཞུགས་པ། ལ་ལར་ས་ནོན་པ། ལ་ལར་སངས་རྒྱས་ཀྱི་ཞིང་གི་རྒྱན་བཟུང་བ། ལ་ལར་སངས་རྒྱས་ཀྱི་བསྟན་པ་བཟུང་བ། ལ་ལར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། ལ་ལར་རྫོགས་བྱང་དུ་ལུང་བསྟན་པ་ལ་སོགས་པ་དང་…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
ཚོགས་ནས་དེ་བཞིན་གཤེགས་པའི་སྐུའི་བར་གྱི་སྤྲིན་ཆེན་པོ་འབྱུང་བ་དང་། ཆོས་ཀྱི་སྒོ་སྣ་ཚོགས་མཐའ་ཡས་པ་འབྱུང་བ་དང་། ལ་ལར་ཞིང་དང་སྐུ་ལ་སོགས་པ་རྣམ་པ་ཐ་དད་པའི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་མཐའ་ཡས་པ་མཐོང་ངོ་། །ཁང་བརྩེགས་དེའི་ནང་ན་ཁང་པ་བརྩེགས་པ་གཅིག་ཅིག་གཞན་ལས་ཡངས་ཤིང་རྒྱན་ཁྱད་པར་འཕགས་པ་ཅན་ལ་སྟོང་ཆེན་པོའི…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
ནས་སངས་རྒྱས་ཤིང་བསྟན་པ་གནས་ཀྱི་བར་དུ་སྤྱོད་པ་སྣ་ཚོགས་པའི་ཚུལ་སྣ་ཚོགས་པ་མ་ལུས་པ་བརྗོད་པའི་སྒྲ་ཐོས་པས། ནོར་བཟང་གིས་གཟུངས་དང་སྤོབས་པ་ལ་སོགས་པའི་ཡོན་ཏན་གྱི་སྒོ་ཐ་དད་པ་མང་པོ་ཐོབ་པར་གྱུར་ཏོ། །ཁང་པ་བརྩེགས་པའི་རྒྱན་རྣམས་ལས་ཀྱང་འདི་ལྟར་མེ་ལོང་གི་དཀྱིལ་འཁོར་ལས་ནི་དག་པ་དང་མ་དག་པའི་འཇིག་རྟེན་སྣ་ཚོགས་ཆགས་འཇིག་གན…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
ཤིང་ལས་སྣ་ཚོགས་དུ་མ་མི་འདྲ་བའི་མཆོད་པ་ཐོགས་པའི་སེམས་ཅན་གྱི་ལུས་མི་འདྲ་བ་ལུས་ཕྱེད་ཙམ་བྱུང་བ་ལ་སོགས་པ་སྣ་ཚོགས་མཐོང་ངོ་། །ཟླ་གམ་རྣམས་ལས་ཉི་ཟླ་གཟའ་སྐར་གྱི་གཟུགས་བརྙན་གྲངས་མེད་པ་འཐོར་ཏེ་ཕྱོགས་བཅུར་སྣང་བར་བྱེད་པ་དང་། གཞལ་མེད་ཁང་དང་ཁང་བརྩེགས་ཀྱི་རྩིག་ངོས་ཐམས་ཅད་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རིམ་པས་མཐ…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
མྱོང་བ་རྨིས་པ་ན་དེར་ནམ་རིང་ཐུང་ཇི་ཙམ་ཡིན་པ་དང་གཉིད་ཡིན་པར་ངོ་མི་ཤེས་ཀྱང་སད་པ་ན་དེ་ཐམས་ཅད་རྗེས་སུ་དྲན་པ་ལྟར་སྤྱོད་ཡུལ་དེ་དག་མཐོང་བ་དང་། བྱང་ཆུབ་སེམས་དཔའི་ལས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པས་དཔེར་ན་མི་ནད་པ་ཞིག་གི་ལས་ཀྱི་སྣང་བར་སྲིད་པ་འདི་ནས་འཕོས་ཤིང་ལས་མི་དགེ་བའི་སྲིད་པ་མངོན་དུ་གྱུར་ཏེ་སེམས་ཅན་དམྱལ་བའི་གནས་…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
བཞིན་དུ་ཁང་པ་བརྩེགས་པའི་རྒྱན་དེ་དག་གིས་ཀྱང་མ་འདྲེས་པར་སྣང་བར་བྱེད་པ་དང་། ཇི་ལྟར་ན་དགེ་སློང་ཟད་པར་རམ་ཁྱབ་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་དེ་གང་དུ་འདུག་གམ་འགྲེང་ཡང་རུང་ཇི་ལྟར་སྙོམས་པར་ཞུགས་པ་བཞིན་དུ་བསམ་གཏན་གྱི་ཡུལ་བསམ་གྱིས་མི་ཁྱབ་པ་མཐོང་ཞིང་ཉམས་སུ་མྱོང་བ་བཞིན་དུ་ནོར་བཟང་གིས་ཀྱང་ཡུལ་གང་ལ་ཞུགས་པའི་ཚུལ་…
MJN014
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
ཉམས་སུ་མྱོང་བ་དང་དཔྱད་ནས་མཚན་མར་བྱས་ཏེ་དམིགས་ཀྱིས་རྟོགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ཁང་པ་བརྩེགས་པ་དེའི་ནང་དུ་སོང་སྟེ་བྱིན་རླབས་དེ་དག་བརྟུལ་ནས་ནོར་བཟང་ལ་སྨྲས་པ། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་ཆོས་ཐམས་ཅད་ནི་རྣམ་པར་བསྒྲུབས་ན་འགྲུབ་པའི་མཚན་ཉིད་ཅན་ནོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་…