Author
About 40% of texts have an author recorded — this list will grow as more are attributed.
657 results
— page 19 of 33
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
ཨོཾ་སྭ་སྟི། རྒྱལ་བ་ཀུན་གྱི་མཁྱེན་རབ་ནི། །གཅིག་བསྡུས་རྒྱལ་སྲས་གཞོན་ནུས་ཚུལ། །འཇམ་དབྱངས་སྨྲ་བའི་སེང་གེ་ལ། ཀུན་ནས་གུས་པས་ཕྱག་བགྱིས་ཏེ། །བློ་གསལ་རྩིས་ལ་འཇུག་འདོད་ཀྱི། །རྣམ་རྟོག་སྤྲོ་བའི་ས་བོན་དུ། །གཙུག་ལག་སྒོ་འབྱེད་སྔོན་འགྲོ་ནི། །རབ་གསལ་མེ་ལོང་ལྟ་བུ་བྲི། །དེ་ཡང་བརྩི་བྱ་རྩི་བྱེད་དང་། །བརྩི་ཐབས་གསུམ་ལས་དང…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
གསུམ་གྱིས་མཚོན་པར་བལྟ། །གནས་པའི་རུས་སྦལ་ཆོས་ཀྱི་དབྱིངས། །ཡན་ལག་མེད་པ་རྩིས་ལས་འདས། །དེ་ཉིད་ཇི་བཞིན་རྟོགས་པ་ན། །སོ་སོ་རང་རིག་མི་གཡོ་བའོ། །ཆགས་པའི་རུས་སྦལ་ཞེས་བྱ་བ། །མཁའ་ལས་འབྱུང་བཞི་རིམ་པར་ཆགས། །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སེམས་ཅན་ལས་ཀྱི་བཀོད་པར་སྣང་། །དེ་ནས་སྲིད་པའི་རུས་སྦལ་ཞེས། །སྣ་ཚོགས་གཟུགས་ཅན་ས…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །རྒྱལ་སྲས་འཇམ་དབྱངས་བརྫུས་ཏེ་འཁྲུང་། །སྲིད་པའི་རུས་སྦལ་ཇི་བཞིན་དུ། །སྤྲུལ་པའི་རུས་སྦལ་བརྡས་མཚོན་ནས། །ལྷ་ཀླུ་ལྷ་མིན་སྡེ་བརྒྱད་མིའི། །འཁོར་ལྔར་གཙུག་ལག་སྒོ་མོ་གསུང་། །བཟང་ངན་ཤེས་ཤིང་དུས་ཤེས་པས། །དོན་ཀུན་གསལ་ཡང་དགོས་དབང་གིས། །སླར་ཡང་གཏེར་དུ་སྦས་པའི་ཚེ། །གྲུ་…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
ནུབ་སྨད་བྱ། །ནུབ་བྱང་ཁྱི་ལ་བྱང་སྟོད་ཕག །བྱང་སྨད་བྱི་བ་བྱང་ཤར་གླང་། །བྱི་སྟག་འབྲུག་རྟ་སྤེལ་ཁྱི་ཕོ། །དེ་ལྷག་དྲུག་པོ་མོ་ལོ་ཡིན། །ལོ་ཡི་ཐོག་མ་བྱི་བ་སྟེ། །ཟླ་བའི་ཐོག་མ་དཔྱིད་ར་སྟག །དུས་ཚོད་ཐོག་མ་ནམ་ལངས་ཡོས། །དེ་རྣམས་འབྱུང་བ་ལྔ་དང་ལྡན། །སྤར་ཁ་ཕྱོགས་སུ་གནས་ཚུལ་ནི། །ལི་མེ་ཁོན་ས་དྭ་ལྕགས་དང་། །ཁེན་གནམ་ཁམ་ཆུ་ག…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
བསྟན་པ་ནི། །གླང་ལུག་རྟ་བྱི་ཟིན་ནས་བརྩི། །ཁྱི་འབྲུག་ཕག་སྦྲུལ་དྭ་ནས་བརྩི། །སྟག་ཡོས་བྱ་སྤྲེལ་ཁམ་ནས་བརྩི། །ལྕགས་ཆུ་མེ་ས་ཤིང་དུ་བགྲང་། །དབང་ཐང་ལུས་གཉིས་བབས་ས་བསྟུན། །ཀླུང་རྟའི་ལྡེ་མིག་བསྟན་པ་ནི། །སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ལྕགས། །ཕག་ལུག་ཡོས་གསུམ་ཀླུང་སྦྲུལ་མེ། །བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་། །བྱ་གླང…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
འཁོར། །གཅིག་དཀར་བཞི་ལྗང་བདུན་དམར་གསུམ། །བྱི་རྟ་བྱ་ཡོས་བཞི་ལ་དབང་། །གསུམ་མཐིང་དྲུག་དཀར་དགུ་སྨུག་གསུམ། །ཁྱི་འབྲུག་གླང་ལུག་བཞི་ལ་དབང་། །གཉིས་ནག་ལྔ་སེར་བརྒྱད་དཀར་གསུམ། །སྟག་སྤྲེལ་ཕག་སྦྲུལ་བཞི་ལ་དབང་། །ཤིང་ཕོ་བྱི་བའི་གཅིག་དཀར་ནས། །ཆུ་མོ་ཕག་གི་གཉིས་ནག་བར། །དྲུག་ཅུ་སྐོར་གསུམ་བརྒྱ་བརྒྱད་ཅུས། །སྨེ་ཕྲེང་གསུམ་…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
དོ། །ཟླ་བ་གང་འཕྲད་དེ་ཉིན་གྱི། །སྐར་མའོ་གང་ཉ་དེའི་ཟླ་བ། །སྨིན་སོགས་སྐར་དྲུག་ཤར་ཤིང་ཁམས། །མཆུ་སོགས་དྲུག་ནི་ལྷོ་མེ་ཁམས། །ལྷ་མཚམས་སོགས་དྲུག་ནུབ་ཕྱོགས་ལྕགས། །མོན་དྲེ་སོགས་དྲུག་བྱང་ཆུ་ཁམས། །བྲ་ཉེ་སྐག་དང་ས་ག་དང་། །བྱི་བཞིན་བཞི་ནི་ས་ཡི་ཁམས། །ཟླ་སྐར་དང་ནི་དེ་བཞིན་དུ། །སྤར་སྨེ་ཞག་སོགས་འཆར་ཤེས་བྱ། །གཟའ་བཞིའི་ཀ…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
དབང་ནས་གྱེན་དུ་ལོ་གྲངས་བར། །བཀན་ནམ་མགྱོགས་པར་བརྩི་འདོད་ན། །གནམ་ལོ་ཕོ་ལོ་ཤར་བའི་ཚེ། །གཅིག་བཅུ་རང་ལ་གཉིས་གསུམ་མ། །བཞི་ལྔ་དགྲ་ལ་དྲུག་བདུན་གྲོགས། །བརྒྱད་དགུ་བུ་རུ་ཤེས་པར་བྱ། །དེ་བཞིན་མོ་ལོ་དྲུག་ཤར་ཚེ། །གཅིག་གཉིས་རང་ལ་གསུམ་བཞི་མ། །ལྔ་དྲུག་དགྲ་ལ་བདུན་བརྒྱད་གྲོགས། །དགུ་བཅུ་བུ་རུ་ཤེས་པར་བྱ། །དེ་ལྟར་དབང་ཐང་ང…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
རུང་། །ཕོ་ལོ་དབུས་ནས་ཤར་ཐོན་ཏེ། །བྱང་ཤར་མཚམས་ཕྱིན་ཤར་ལྷོ་ནས། །དབུས་འཇུག་མོ་ལོ་གཡས་བསྐོར་ཏེ། །དབུས་ནས་ཤར་ཐོན་ཤར་ལྷོར་འགྲོ། །བྱང་ཤར་ནང་དུ་འཇུག་པར་བྱ། །ལོ་རེས་སྨེ་བ་རེ་ལ་འགྲོ། །མགྱོགས་འདོད་བཅུ་མཚམས་བགྲེས་ཚུལ་དཔྱད། །སྤར་ཁའི་བཟང་བཞི་ངན་བཞི་ནི། །གནམ་ནས་ས་བལྟས་ལྕགས་རི་བསྐོར། །རླུང་གིས་ཤིང་བསྐྱོད་མེས་ཆུ་བསྐ…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
དུ་སྦུབ། །བརྩི་བྱའི་དབང་གི་མེ་སྤྲེལ་ནས། །བུད་མེད་གྱེན་དུ་བཀེན་པ་ཡི། །གར་བབས་ལོ་དེར་ལོག་མིན་བརྟག །དེ་ནས་དར་གུད་བཅུ་གཉིས་ནི། །ཤིང་དབུགས་སྤྲེལ་ལ་མེ་དབུགས་ཕག །ས་ཆུ་སྦྲུལ་ལ་ལྕགས་དབུགས་སྟག །འབྱུང་ཁམས་རང་རང་ལོ་དེ་ནས། །དབུགས་རྒྱུ་མངལ་གནས་ལུས་རྫོགས་དང་། །བཙས་པ་ཁྲུས་བྱེད་གོས་གྱོན་དང་། །ལས་བྱེད་དར་བ་རྒུད་པ་དང་…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
གོས་སོགས་གསུམ་དཀར་གཉིས། །ཁྲུས་སོགས་གཅིག་ལ་རྒུད་སོགས་གསུམ། །ནག་གཉིས་ལྷག་གསུམ་གཅིག་བྱའམ། །དཀར་གསུམ་བྱེད་སོགས་གཞུང་ལྟར་བྱ། །སྲོག་ལ་སྲོག་སོགས་གནས་མཚུངས་འཐབ། །ཁ་དམར་རྡེའུ་བཞག་དུས་སུ། །དཀར་པོ་གསུམ་ཡོད་མ་ཕྲད་ཀྱང་། །གསུམ་ལ་མི་རྩི་དཀར་པོ་གཅིག །དེ་མཚུངས་གནས་དེ་དཀར་ནག་ལས། །རྡེའུའི་རང་གྲངས་བརྩི་མི་དགོས། །སྲོག་ས…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
ལྟར་སྦྱར་བར་བྱ། །ཡང་ནི་མན་ངག་དག་གི་ལུགས། །སྤར་ཁའི་སྲོག་ལུས་དབང་ཐང་དང་། །ཀླུང་རྟ་བླ་གཟའ་ལྔ་པོ་ནི། །སྲོག་རང་ལུས་དགྲ་དབང་ཐང་མ། །ཀླུང་རྟ་བུ་ལ་བླ་གཟའ་གྲོགས། །དེ་གསུམ་གང་རིགས་བྱ་དགོས་པས། །འདི་ལྟར་བྱ་བ་རང་གཞུང་གི། དམིགས་བསལ་ཡོད་དམ་མེད་པ་ལ། །དེང་སང་ཡོངས་སུ་གྲགས་པ་ནི། །བར་མ་དེ་ཡི་དང་པོའོ། །སྨེ་བ་ལ་ཡང་ལུགས་གས…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
འདེད་དེ། །གསུམ་པ་མན་ཆད་བུ་དེད་ཡིན། །ཞག་ནི་གསེར་རྩིས་རང་སྐང་བྱ། །དུས་སྡོང་ཉི་དབང་གཞིར་བཞག་ལ། །ཤིང་ཕོ་ས་མོར་ཤིང་བྱི་དང་། །ཤིང་མོ་ལྕགས་ཕོར་མེ་བྱི་སྟེ། །མེ་ཕོ་ལྕགས་མོར་ས་ཕོ་བྱི། །ས་ཕོ་ཆུ་མོར་ཆུ་བྱིར་བཞེད། །མེ་མོ་ཆུ་ཕོར་ལྕགས་བྱིའོ། །དེ་ཡང་གཉིས་གཉིས་སྦྲགས་བུ་དེད། །ཞུབ་པར་གསེར་རྩིས་རི་མོས་ཤེས། །ལོ་ཟླ་ཞག་དུ…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
པའི་དར་གུད་བཅུ་གཉིས་ཡོད། །དེ་ལྟར་མ་ནོར་རིག་པས་དཔྱད། །ཀུན་རྫོབ་རྟེན་འབྱུང་བསླུ་མེད་དངོས། །བཅུ་གཉིས་རྟེན་འབྲེལ་ལོ་སོགས་ཏེ། །རྣམ་ཤེས་ཚོགས་བརྒྱད་སྤར་ཁའི་ལྷ། །བུ་ག་དགུ་ཡི་སྨེ་བ་དང་། །འབྱུང་ལྔའི་ཡོན་ཏན་རྒྱལ་པོ་ནི། །ཐབས་ཀྱི་རང་བཞིན་གཟའ་མཆོག་དགུ། །ཤེས་རབ་ཉེར་བརྒྱད་རྒྱུ་སྐར་མོ། །ཇི་སྙེད་ལས་ལ་དབང་བ་ཡི། །དྲེགས…
MJN011
· འཇམ་མགོན་མི་ཕམ་རིན་པོ་ཆེ།
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
བས་མོ་ཧོར་དགོན་གྱི་རི་ཁྲོད་དུ་ཤར་མར་བྲིས་པ་ལ་ཕྱིས་སུ་ས་གླང་གི་ལོར་ཅུང་ཟད་བཅོས་བསྣན་བགྱིས་ཏེ་ལེགས་པར་གྲུབ་པ་དགེའོ།། །།སྔོན་འགྲོ་འདི་རྩིས་ལ་སྦྱང་འདོད་རྣམས་ཀྱིས་ཐོག་མར་བྱང་ཆུབ་པ་གལ་ཆེའོ། །མངྒ་ལཾ།། །།
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐར་རྩིས་སྣ་ཚོགས།
སྐར་རྩིས་སྣ་ཚོགས་བཞུགས། །
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐར་རྩིས་སྣ་ཚོགས།
དོན་གཡའ་སེལ་བཞིན་ཚིག་རང་གི་སྦྱར་བའོ། །གཡའ་སེལ་ལས། བརྟགས་བྱའི་དནྜིའི་ཚད་ཤེས་ཕྱིར། །དེ་ཡི་གྲིབ་མ་མཐོང་ས་སོང་། །གང་ཡོད་ཨང་ཀུ་བྲིས་པའི་མགོ། གང་འདོད་ཤིང་གི་རང་ཚད་དང་། །དེ་འོག་དེ་ཡི་གྲིབ་མ་བྲི། །གསུམ་པོ་ཤེད་མཚུངས་རིག་མདའ་སྦྱར། །དེ་གསུམ་པོ་ལས་མཐོ་གང་ཡིན་གྱི་ཚོད་གཅིག་ཏུ་བྱ། །སོར་ཟེར་བ་མཐོ་སོགས་བརྩི་ལུགས་བྱ།…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐར་རྩིས་སྣ་ཚོགས།
བསྲེ་དེ་ནས་ལྔ་སོགས། མདའ་༥ དང་ཐུབ་༧ པས་བགྲང་། །ལྷག་མ་གསུམ་པོ་སྨོས་བཅུག་ལ། །ལྷག་གསུམ་རིམ་བཞིན། མཁའ་༧༠རི་ཟླ་མིག་༢༡ཚེས་ཀྱིས་༡༥བསྒྱུར། །དབང་མཁའ་གཟུགས་དོར་ལྷག་གྲངས་ཤེས། །ཡང་ན་དྲུག་ཅུ་བཅུ་བཞིས་བགྲང་། །༡ ༡ ༦ ༠ ༠ ཐིག་ཆུ་གཟུགས་དང་ཞེ་གཉིས་དང་། སུམ་ཅུས་རིམ་པར་བསྒྱུར་བ་དེ། ༡༤༣༠ ༤༢༥ མཁའ་གཟུགས་མིག་༢༡༠བགོས་ཐོབ་པ་ནི…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐར་རྩིས་སྣ་ཚོགས།
ལས། སྐྱེས་པའི་ལོ་གྲངས་ལ་བཅུ་གཉིས་ཀྱིས་བགོ ལྷག་མར། ༡ ༢ འབྱོར་པ། ༡༥༡ རུས་གཅོད། ༧༨བྱེ་བྲལ། ༩གནམ་སྒོ། ༡༠ ས་སྒོ། དེ་གཉིས་གནད། ༣ གནམ་སྒོ། ༤ ས་སྒོ། དེ་གཉིས་འཇམ། ༦༠ ཕུང་གྱོད། ཡང་བུད་མེད་ལོ་གྲངས་ལ་བཅུ་གཉིས་ཀྱིས་བགོ། ༡༦ བྱེ་བྲལ། ༢༨ཕུང་གྱོད། ༢༩ རུས་གཅོད། ༥ གནམ། ༤ ས་གནད། ༡༠ ས་༡༡ གནམ་འཇམ། ༦༧ འབྱོར་པའོ། །གནམ་རྒྱང…