Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      109 results — page 5 of 6
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      སོ།། ༈ །།ཅོག་བཞག་བཞི་ལྡན་ཁྲེགས་ཆོད་དགོངས་པ་དང་། །མངོན་སུམ་འོད་གསལ་ཐོད་རྒལ་ཉམས་ལེན་གཉིས། །ཟུང་འཇུག་རྡོ་རྗེ་སྙིང་པོའི་ལམ་མཆོག་གིས། །ཚེ་འདིར་གདོད་མའི་གཏན་སྲིད་ཟིན་པར་ཤོག །ཟླ་༡༡ ཚེས་༡༣ ལ་དྷཱིས་སོ། །མངྒ་ལཾ།། ༈ །།བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      འདོད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཚེ་རིང་ནད་མེད་བདེ་སྐྱིད་བཀྲ་ཤིས་ཤོག །ཆོས་སྲིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་པའང་མི་ཕམ་པས་སོ།། ༈ །།འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ། །ལས་གང་ཞིག་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །ཨོཾ།…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆ…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པར་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ་༥ ཚེས་༣ གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་ག…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      དུ་གསོལ་ཞེས་ཞུས་པ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་གྲགས་ལྡན་ཞེས་བྱ་བ་ལ་སོགས་པ་ན་བཞུགས་པའི་སངས་རྒྱས་བརྒྱད་པོ་འདི་དག་གི་མཚན་བཀའ་སྩལ་ཏེ། སོ་སོར་འདོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །ཞེས་སོགས་སུ་ཤེས་པར་བྱ་ལ། འདིར་ན…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཡུལ་ལས་འདས་པ་དང་། ཟིལ་གྱིས་མི་གནོན་པ་དང་། ཞི་བ་དང་། ཡོངས་སུ་གདུང་བ་མེད་པ་དང་། འཇིགས་པ་མེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །སྤྱིར་བསྐལ་པ་བསམ་གྱིས་མི་ཁྱབ་པར་རང་སངས་རྒྱས་མང་པོ་ལ་གནས་དང་ཡོ་བྱད་ཐམས་ཅད་དང་། ལྷ་ཡི་ཟས་ལྟ་བུའི་ཞལ་ཟས་སྦྱིན་པ་ལ་ས…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      ལས་ཀྱང་ཕན་ཡོན་ཆེ་བ་དང་། དེ་འདྲ་བར་ཕྱག་ན་རྡོ་རྗེའི་མཚན་ཀྱང་ཕན་ཡོན་ཆེ་ཚུལ་མདོ་དང་རྒྱུད་རྣམས་ན་ཡོད་ལ། བྱང་སེམས་ཉེ་སྲས་བརྒྱད་པོ་རེ་རེའི་བསྔགས་པ་ལ་བལྟས་ན་ཆེས་ངོ་མཚར་བ་དུ་མ་ཞིག་མདོ་རྣམས་ལས་གསུངས་པ། བདག་གིས་ཕྱོགས་གཅིག་རྟོགས་བརྗོད་དུ་བསྡུས་པ། ཉེ་སྲས་བརྒྱད་ཀྱི་རྟོགས་པ་བརྗོད་པ་རིན་པོ་ཆེའི་དོ་ཤལ་དུ་གཟིགས་པས་འཐ…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      པ་སོགས་ཀྱི་ལྷ་ཐམས་ཅད་དོན་འདི་དག་ཡིན་པར་རྒྱུད་ལས་གསལ། གུ་རུ་མཚན་བརྒྱད་དང་ངོ་བོ་གཅིག་ཡིན་པར་པདྨ་འབྱུང་གནས་ཉིད་ཀྱིས་གསུངས། སྐབས་འདིར་སེམས་མ་བརྒྱད་པོ་དེ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དུ་སྣང་བ་སྟེ། གང་ཞིག་དེ་ལས་གང་རུང་གཅིག་དྲན་པ་ཙམ་གྱིས་ཀྱང་བཀྲ་ཤིས་ཤིང་རྒུད་པ་མ་ལུས་པ་ཞི་བར་བྱེད་ལ། ཁྱད་པར་བཀྲ་ཤིས་གདུགས་ཀྱི་ལྷ་མ…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      ཞབས་བཀྲ་ཤིས་པ་དང་། ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པ་སོགས་ཀྱི་བཀྲ་ཤིས་པར་སྔོན་གྱི་ལུང་དག་ལས་གྲུབ་བོ། །ཚངས་པ་དང་དབང་ཕྱུག་ཁྱབ་འཇུག་གསུམ་ནི་སངས་རྒྱས་ཀྱི་རྡོ་རྗེ་གསུམ་གྱི་རྣམ་པར་འཕྲུལ་པར་གསང་འདུས་རྒྱུད་ལས་གསུངས་ཤིང་། རིགས་གསུམ་མགོན་པོ་འཇིག་རྟེན་སྐྱོང་བའི་ཚུལ་དུ་བསྟན་པ་ཡང་ཡིན་ལ། རྣམ་པའི་ཚུལ་དུ་ཡང་སངས་རྒྱས་ཀྱ…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      ཞིང་གཙོ་བོ་འདི་དག་གི་མཐུ་དཔལ་ལ་བརྟེན་ནས་འཇིག་རྟེན་པ་རྣམས་བདེ་ཞིང་བཀྲ་ཤིས་པར་བྱེད་པའོ། །དེ་ནས་བཀྲ་ཤིས་བརྒྱད་པ་འདིར། དེ་བཞིན་གཤེགས་པ་བརྒྱད་དང་། བྱང་ཆུབ་སེམས་དཔའ་བརྒྱད་དང་། བྱང་ཆུབ་སེམས་མ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དང་། འཇིག་རྟེན་སྐྱོང་བ་བརྒྱད་པོ་འདི་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱང་དོན་གྱིས་མ་འདུས་མེད་པ་ལྟ…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      ཡོད་མ་ཡིན། །དེ་དག་ཐམས་ཅད་ཡོན་ཞེས་སྦྱོང་བར་མཛད། །ཀུན་ལ་ཕུལ་བའང་འབྲས་བུ་ཆེ་བར་འགྱུར། །དེ་ཀུན་ཆོས་ཉིད་དག་ལ་མཉམ་པ་བརྙེས། །སངས་རྒྱས་རྣམས་ལ་ཐ་དད་བྱ་བའང་མེད། །ཅེས་གསུངས་པ་བཞིན་ནོ། །དེས་ན་མདོར་བསྡུས་པ་འདི་ཙམ་རེ་ཞིག་སྤྱན་ལམ་དུ་གཟིགས་འབེབས་ཙམ་དུ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ་ལོ།། ༈ །།བཀྲ་ཤིས་ཀྱི་ཆོ་ག་དཔལ་གྱི་…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      ཡེ་ཤེས་འོད་ཟེར་སྣང་བས་མཁའ་ཁྱབ་གསལ། །ཨེ་མ་ཧོ། རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་པ་མཚུངས་མེད་རྡོ་རྗེའི་སྐུ། །མ་ལུས་འགྲོ་བའི་གཏན་གྱི་མགོན་གྱུར་པ། །སྐྱབས་མཆོག་དམ་པ་བདག་ལ་དགོངས་སུ་གསོལ། །ཁྱོད་ནི་རང་བྱུང་ཡེ་ཤེས་བདེ་བ་ཆེ། །མ་ལུས་ཆོས་ཀུན་ཁྱོད་ཀྱི་ངང་གྱུར་ཀྱང་། །མི་ཤེས་རྒུད་པས་མནར་བ་བད…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་པའང་རབ་ཚེས་མེ་སྤྲེལ་ཟླ་༧ ཚེས་༧ ལ་མི་ཕམ་འཇམ་དཔལ་དགྱེས་པས་མངྒ་ལཾ།། ༈ །།བཀྲ་ཤིས་མཆོག་གྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ། དབུས་ཀྱི་ཕྱོགས་ན་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །དཔལ་ལྡན་རྣམ་པར་སྣང་མཛད་ཡེ་ཤེས་གངས་ཆེན་མཚོ། །རྟག་ཏུ་ཏིང་འཛིན་མི་གཡོ་ཕྱག་ན་འཁོར་ལོ་བསྣམས། །དེས་ནི་དེང་འདིར…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །ཕྱག་ན་ཨུཏྤལ་བསྣམས་པ་ཡིད་འོང་དོན་གྲུབ་པ། །གཞོན་ནུའི་སྐུ་སྟེ་ཉེས་པའི་དྲི་མ་ཐམས་ཅད་སྤངས། །འཇིག་རྟེན་ཀུན་ན་དཔལ་གྱུར་ཐམས་ཅད་ཀུན་གྱི་དཔལ། །འཇམ་དཔལ་གཞོན་ནུས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་པདྨ་བསྣམས་པ་ས་གསུམ་མགོན་གཅིག་པུ། །འཇིག་དང་སྡུག་བསྔལ་ཀུན་སེལ་ཀུན་ཏུ་བད…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      དཔལ་གྱུར་སྐུ། །ཕུན་ཚོགས་བདེ་བའི་འབྱུང་གནས་ཡོན་ཏན་ཀུན་ཀྱི་ས། །མ་ལུས་འདོད་པ་ཐམས་ཅད་ཡིད་བཞིན་སྩོལ་མཛད་པ། །ས་ཡི་སྙིང་པོས་ཁྱོད་ལ༴ ཕྱག་ན་ཟླ་བ་བསྣམས་པ་ཉོན་མོངས་གདུང་སེལ་ཞིང་། །སྲིད་པའི་རབ་རིབ་ཀུན་འཇོམས་སྒྲིབ་པའི་དྲི་མ་སེལ། །ཡེ་ཤེས་སྣང་བ་རབ་སྦྱིན་ཆོས་ཀྱི་ཆར་འབེབས་པ། །སྒྲིབ་ཀུན་སེལ་བས་ཁྱོད་ལ༴ ཕྱག་ན་ཉི་མ་བསྣམ…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      པ་མཆོག་གྱུར་ཅིག །རིགས་ཀྱི་སེམས་དཔར་མཆོག་ཏུ་ཡིད་འོང་བ། །བཀྲ་ཤིས་ལྷ་མོའི་ཚོགས་ཀྱིས་དགའ་བའི་གླུ། །འཇིག་རྟེན་ཀུན་ཏུ་ཁྱབ་པར་བསྒྲགས་པ་ཡིས། །དེང་ཁྱོད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དུས་མཐའི་མེ་ལྟར་རབ་འབར་ཁྲོ་བོའི་ཚོགས། །འཇིགས་པའི་ང་རོ་དང་བཅས་གར་བྱེད་ཅིང་། །འབར་བའི་ལྟ་བས་བགེགས་རྣམས་མཐར་བྱེད་པས། །དེང་འདིར་ཁྱོ…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      བཞུགས་སོ། །ཨོཾ་སྭསྟི་བི་ཛ་ཡནྟུ། ཆོས་དབྱིངས་ནམ་མཁའི་ཁྱོན་ཀུན་ཡང་ཁྱབ་པ། །རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཡི་ཚོགས། །ཏིལ་གྱི་གོང་བུ་བཞིན་དུ་བཞུགས་པ་ཡི། །རྒྱལ་བའི་དབང་པོ་རྣམས་ཀྱིས་དགོངས་པ་མཛད། །ཡུམ་རྣམས་རིན་ཆེན་བུམ་པས་དབང་བསྐུར་ཞིང་། །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་མེ་ཏོག་འཐོར། །ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དབྱང…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      སངས་རྒྱས་སྟོང་ལ་སོགས། །མཁའ་ཁྱབ་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །དུས་གསུམ་བདེ་བར་གཤེགས་པའི་བཀྲ་ཤིས་དེས། །དེང་ཁྱོད་སོགས། རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་མཆོག་གཅིག །སྒྲུབ་པ་སྡེ་བརྒྱད་བདུད་འདུལ་ཁྲོ་བཅུ་སོགས། །ཞི་དང་ཁྲོ་ཚུལ་སྒྱུ་འཕྲུལ་དྲྭ་བའི་གར། །རབ་འབྱམས་ཡི་དམ་ལྷ་ཡི་བཀྲ་ཤིས་དེས། །དེང་ཁྱོད་སོགས། སྡེ་སྣོད…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      བཀའ་སྐྱོང་བ། །རྡོ་རྗེའི་ཆོས་སྐྱོང་ཚོགས་ཀྱི་བཀྲ་ཤིས་དེས། །དེང་ཁྱོད་སོགས། བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དང་། །བསྟན་པའི་སྦྱིན་བདག་རྣམས་དང་འགྲོ་བ་ཀུན། །བདེ་སྐྱིད་གོང་འཕེལ་ཆོས་ལྡན་བསམ་དོན་འགྲུབ། །ས་གསུམ་དཔལ་དང་ལྡན་པའི་བཀྲ་ཤིས་ཤོག །སྣང་སྲིད་རྣམ་དག་བདེ་བ་ཆེན་པོ་ལ། །མི་ཤིས་རྒུད་པ་ཡེ་ནས་མི་མངའ་བའི། །བད…
      MJN027 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།
      སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །ཨོཾ་སྭ་སྟི། ༡ མཁྱེན་བརྩེའི་ཆུ་གཏེར་མནྡཱ་རས། །བསྲུབས་པས་སྣ་ཚོགས་ཤིང་རྟ་དང་། །འོད་དཀར་ཅན་ཡང་མཁའ་ལ་འཆར། །དེ་ཚེ་འོད་ཟེར་བྱེ་བ་བརྒྱས། ༢ །བློ་གྲོས་པདྨ་ཀུ་མུད་ཚལ། །མཆོག་ཏུ་རྒྱས་པའི་འཛུམ་ཕྲེང་གཡོ། །འཇམ་དཔལ་དབྱངས་དང་མི་ཕམ་མགོན། །རྣམ་རྒྱལ་རྒྱ་མཚོའི་དཔལ་ལ་ཆགས། ༣ །གང་དེའི་ལེག…