Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 43 of 500
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
མཛད་པ། །ཁྱོད་མིན་རིགས་རྣམས་ཀུན་གྱི་བྱེད་པོ་སུ། །ཁྱོད་ནི་རྟག་ཏུ་མཉམ་པའི་ཆོས་ཉིད་ལ། །ཀུན་རྟོག་ལས་ང་འཕོ་བའི་ངང་ཚུལ་དང་། །གྲུབ་མཐའི་ཞེ་འདོད་དྲྭ་བས་ཡང་དང་ཡང་། །བསྒྲིབས་པར་གྱུར་གང་དེ་ནི་བཤགས་བགྱིའོ། །འདིར་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས་བཅོམ་ལྡན་འདས་ལོངས་སྤྱོད་ཀྱི་བདག་པོ་ཆེན་པོ་རྣམས་ཀྱིས་རྒྱུད་ལུང་མན་ངག…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
དཀྱིལ་འཁོར་གསུམ་དུ་ལྟ་བས་ཤེས་ཤིང་བསྒོམ་པས་ཉམས་སུ་ལེན་པ་བསྐྱེད་པ་མ་ཧཱ་ཡོ་ག་ནི་བུམ་དབང་དང་འབྲེལ་བའི་ལམ་སྣང་སྟོང་ཟུང་འཇུག་ཉིད་གཙོ་བོར་སྟོན་ལ། ཇི་ལྟར་ཕྱི་རོལ་གྱི་ཆོས་ཐམས་ཅད་ནང་གི་རྩ་རླུང་ཐིག་ལེའི་འཕོ་བའི་དབང་གིས་ཡིན་པར་ཤེས་པའི་བློ་ཅན་རྣམས་ལ་སྣོད་བཅུད་ཐམས་ཅད་བདེ་སྟོང་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་བྱང་…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་ཉིད་ལམ་དུ་བྱེད་པར་འདྲ་ཡང་། སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བསྟན་པ་རྡོ་རྗེ་ཐེག་པ་སྤྱི་གནད་སྟོན་པ་རྒྱུད་མ་ཧཱ་ཡོ་ག་དང་། ཕྱི་བསྐྱེད་རིམ་སོགས་ཚེགས་ཆེན་པོ་ལ་མི་ལྟོས་པར། ནང་གི་རྩ་རླུང་ཐིག་ལེའི་བྱེད་པ་ཁྱད་པར་ཅན་ལ་བརྟེན་ནས་འབྲས་བུ་བདེ་བླག་ཏུ་བྱེད་པས་ན་རྒྱུད་དོན་གསལ་བར་ཕྱེ་བ་ལྟ་བུའི་…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
རྒྱུད་ལས་རྒྱུད་དོན་ལུང་གི་ཚུལ་གྱིས་གསལ་པོར་ཕྱེ་བ་དང་། ལུང་དོན་མན་ངག་གི་གནད་དུ་བརྡེག་པ་ལྟ་བུ་ཡིན་པས་ན་རྒྱུད་ལུང་མན་ངག་གསུམ་ཞེས་རྣམ་པར་བཞག་སྟེ། གཞི་དངོས་པོ་གཤིས་ཀྱི་གནས་ཚུལ་གཏན་ལ་འབེབས་པའི་ལམ་གྱི་གནད་ཇེ་བས་ཇེ་ཟབ་ཏུ་སོང་བས་ན། བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ལ་ངེས་པ་ཇི་ཙམ་རྙེད་པ་དེ་ཙམ་དུ་ལམ་གོང་མ་གོང་མ…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
མན་ངག་རྫོགས་ཆེན་ལྟར་བཤགས་པ་གསུམ་མོ། །དང་པོ་ལ། གཞི་ལམ་འབྲས་གསུམ་ལས། དང་པོ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྣང་སྟོང་ཟུང་དུ་འཇུག་པ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་དེ་ལ་ནི་འདས་སོགས་དུས་གསུམ་གྱི་མཚན་མའི་སྤྲོས་པ་ཐམས་ཅད་མེད་པ་ཡིན་ལ། དེ་ལྟ་བུར་ཕྱོགས་དུས་ཀྱི་དངོས་པོ་མཚན་མའི་ཆོས་གང་གི་ཡང་རང་བཞིན་དུ་མི་གནས་པའི…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
རང་གྲོལ་དུ་བཤགས་པའོ། །གཉིས་པ་ལམ་ནི། འདི་ལྟར་ཕྱི་སྣོད་ཀྱི་འབྱུང་བ་ཆེན་པོ་ལྔ་ནི་རང་བཞིན་གྱིས་ཡུམ་ཆེན་མོ་ལྔའི་བདག་ཉིད་དུ་བཞུགས་པ་ཅན་གྱི་བྷ་ག་གང་ཞིག་དབྱིངས་དེར་ནི་རྒྱལ་བ་རབ་འབྱམས་ཀྱི་ཚོགས་རྟག་ཏུ་ཟག་མེད་ཀྱི་བདེ་བས་དགྱེས་པར་གྱུར་པའི་ཕོ་བྲང་དུ། ནང་བཅུད་ཀྱི་སེམས་ཅན་གྱི་ཕུང་པོ་ལྔ་ནི་ཡབ་རྒྱལ་བ་རིགས་ལྔར་གནས་པ་…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
འདོད་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་སྟོན་པའི་རྒྱུ་རྒྱུའི་ཏིང་ངེ་འཛིན་ཏེ། དེ་ལྟར་ཏིང་འཛིན་རྣམ་པ་གསུམ་གྱིས་ཐོག་མེད་ནས་གོམས་པའི་དངོས་ཞེན་དང་འགྲོགས་པ་རང་རྒྱུད་ཀྱི་བློ་ཡི་གདར་ཤ་བཅད་དེ་ཇི་ལྟར་འཁྱགས་རོམ་ཆུ་བོ་ལ་ཞུ་བ་བཞིན་དུ་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་རྟོགས་གོམས་མཐར་དབྱུང་ནས། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
དང་སྲོག་སྟེ་རྩ་བ་དང་ཡན་ལག་གི་རླུང་དང་། ཙིཏྟ་ནི་སྙིང་པོ་སྟེ་རྩ་དང་རླུང་ལ་བརྟེན་ནས་སེམས་ཀྱི་རྟེན་དུ་གྱུར་པའི་ཐིག་ལེ་དང་། དེ་གསུམ་གྱི་བྱེད་པ་ལ་བརྟེན་ནས་རགས་པའི་ལུས་ངག་ཡིད་གསུམ་པོ་འདི་དག་ནི། གུ་ཧྱ་གསང་ཆེན་ཏེ། གསང་བའི་གསང་བ་ཆེན་པོ་ཞེས་འཇིག་རྟེན་ཕལ་པ་རྣམས་ལྟ་ཅི་ཉན་རང་ལ་སོགས་པས་ཕྱོགས་ཙམ་མི་ཤེས་པའི་སྐུ་དང་ག…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
དེ་བཞིན་དུ་ངག་རླུང་ཁམས་གྲགས་སྟོང་གསུང་གི་རྡོ་རྗེ། ཡིད་ཐིག་ལེ་གསལ་སྟོང་ཐུགས་ཀྱི་རྡོ་རྗེར་གནས་ཀྱང་དེ་ལྟར་མི་ཤེས་པའི་སེམས་ཅན་རྣམས་ཀྱི་ངོར་རང་བཞིན་གྱིས་གབ་ཅིང་སྦས་པ་ལྟར་གྱུར་པས་ན་གསང་བའི་གསང་བ་ཞེས་སོ། །དེ་ལྟར་ན་ཕྲ་རགས་ཀྱི་སྒོ་གསུམ་པོ་གཉུག་མའི་གསང་བ་གསུམ་དང་དབྱེར་མེད་པར་བཞུགས་པས་ན། དེ་དག་གི་སྣང་ཆ་བདེ་བ་ཀ…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
ལ་སོགས་པ་བཞིས་ཕྱེ་བས་མི་ཤིགས་པ་རྡོ་རྗེ་ཡེ་ཤེས་ཀྱི་ཀློང་དགུ་ཡི་རོལ་བ་དཔལ་ཆེན་ཧེ་རུ་ཀ་དགུར་ཤར་བ་དང་། མ་དག་པའི་སྐབས་ན་བསམ་གཏན་བཞི་གཟུགས་མེད་བཞི་འདོད་པ་སྟེ་ཁམས་གསུམ་གྱི་ས་དགུ་པོ་གཉིས་གཉིས་སུ་མེད་པར་བཤགས་ཞེས། འཁོར་འདས་དབྱེར་མེད་དུ་ལྟ་བས་བཤགས་སོ། །གཉིས་པ་ལམ་ནི། སུས་ཀྱང་བཅོས་བསྒྱུར་མེད་པར་རང་བཞིན་གྱིས་ཇི་ལ…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
བཞིན་མཉམ་པ་ཉིད་དུ་མཉམ་པར་གནས་པ་ཉིད་རྟོགས་ཤིང་གོམས་པས། རྣལ་འབྱོར་གྱི་ལམ་ལྔ་པོ་མཐར་ཕྱིན་ནས་མཐོ་རིས་དང་ངན་སོང་གི་འཁོར་བའི་རྒྱུ་ཀུན་འབྱུང་དང་། འབྲས་བུ་སྡུག་བསྔལ་གྱི་ཆོས་རྣམ་པ་གཉིས་པོ་སྟེ་མདོར་ན་ཀུན་ཉོན་འཁོར་བས་བསྡུས་པ་ཐམས་ཅད། གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་མ་སྤངས་རང་སར་དག་སྟེ་འབྲས་བུ་མཐར་ཕྱིན་པར་ཤོག་ཅེ…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཇི་ལྟར་སྣང་བ་འདི་དག་ཐམས་ཅད་ནི། སྤྱོད་ཡུལ་ཐམས་ཅད་དུ་མ་དག་པ་མེད་པའི་ཀུན་ཏུ་བཟང་པོ་རྣམ་པར་རྟོག་པའི་འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོའི་གནས་ཉིད་ཡིན་ལ། དེ་ནི་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་འདི་དང་འདི་ལྟ་བུའོ་ཞེས་ཡིད་ཀྱིས་དམིགས་ནས་མཚན་མའི་སྤྱོད་ཡུལ་ཅན་གྱི་ཚིག་གི…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
ཉིད་ལ་སྒྲིབ་པར་གྱུར་པའི་བདག་ཉིད་གང་ཡིན་པ་དེ་ཉིད། རྟོག་པས་བཅོས་ཤིང་གཉེན་པོ་གཞན་གྱིས་སྤོང་བ་ལྟ་བུ་མིན་པར། མ་སྤངས་རང་གྲོལ་དུ་རྟོགས་པའི་ངང་དུ་བཤགས་ཞེས། གནས་ཚུལ་ལ་སྤང་གཉེན་འདག་གྲོལ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོར་གནས་པས་ན། ཀུན་ཏུ་རྟོག་པའི་བློས་སྤང་བྱ་དང་གཉེན་པོ་སོགས་སུ་ལྟ་བའང་གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲི…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
རང་བཞིན་གྱིས་འཁོར་འདས་ཡོངས་ལ་ཁྱབ་པས་འཁོར་འདས་ཀུན་གྱིས་འདོ༷ད་རྒུར་བསྒྱུར་བ་ཡིན་པ་ནི་འདི་ལྟར། རྣམ་པ་ཐམས་ཅད་དུ་ཇི་བྱས་ཅིར་སྣང་ཡང་དེའི་ངང་ཚུལ་ལས་སུ་ཡང་མི་འདའ་བར་
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
གནས་པ་ཁོ་ན་ཡིན་པས། ད་ཅུང་ཟད་ཀྱང་སྒྲུབ་ཅིང་རྩོལ་བ་མི་དགོས་ཏེ། ཐམས་ཅད་ནམ་མཁའི་ངང་དུ་རོལ་ཞིང་རྒྱུ་བ་བཞིན་ནོ། །དེས་ན་བདག་ཏུ་འཛིན་པ་སོགས་ཕྱིན་ཅི་ལོག་གི་རྟོག་པ་ཐམས་ཅད་ཀྱང་བཅོས་བསྒྱུར་མེད་པར་རང་བཞིན་གྱིས་བྱང་ཆུབ་ཆེན་པོ་ཉིད་ཀྱི་ལམ་ལས་གཞན་མིན་པ་ཉིད་དུ་ཤེས་པས་བཤགས་ཞེས་པ་སྟེ། འདིར་བྱང་ཆུབ་དང་དེའི་ལམ་ཞེས་རྒྱུ་འ…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
པའི་ཞེ་འདོད་སྣ་ཚོགས་ནི་དོན་ལ་འཆིང་བ་ཡིན་ཏེ་དེ་མ་ཟད་བར་དུ་གྲོལ་བ་མཐར་ཐུག་པ་མི་ཐོབ་ཀྱང་རང་གནས་ཀྱི་ཆོས་སྐུ་རང་སོར་ངོ་འཕྲོད་པའམ་རྟོགས་པར་བྱེད་པའི་མན་ངག་དང་རྟོགས་བྱའི་དོན་ཟུང་དུ་མི་ལྡན་པ་སྟེ་གནད་དུ་མི་འབྱོར་བར། གནས་ལུགས་བསམ་གྱིས་མི་ཁྱབ་པ་བསལ་བཞག་མེད་པའི་དོན་ལ་རང་ཉིད་ཡིད་ཆེས་གདིང་དུ་མ་གྱུར་ན། ཚིག་གིས་མཚོན…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
གྲིབ་ཐམས་ཅད་ཡེ་ནས་མ་སྤངས་རང་དག་ཏུ་རྟོགས་པས་བཤགས་ན། བཤགས་པ་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ་སྟེ། འདིས་ནི་འཁོར་གསུམ་གྱི་རྣམ་པར་རྟོག་པ་ཤེས་བྱའི་སྒྲིབ་པ་ཐམས་ཅད་དང་།
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
ཉོ༷ན་མོངས་པ་དང་ལས་ངན་པ་སྟེ། མདོར་ན་སྒྲིབ་པ་གཉིས་དང་དེའི་དབང་གིས་ལས་བསགས་པ་ཐམས་ཅད་མ་སྤངས་རང་སར་དག་ནས་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་བོ་ཞེས་འཁོར་གྱི་ནང་དུ་མི་འཇིགས་པ་སེང་གེའི་སྒྲ་བསྒྲགས་པའི་ཚུལ་གྱིས། བཅོམ་ལྡན་འདས་ཡོན་ཏན་གྱི་ཆོས་ཀུན་ལ་མངའ་དབང་འབྱོར་པའི་ལོངས་སྤྱོད་ཀྱི་བདག་པོ་ཆེན་པོ་རྣམས་ཀྱིས་མ…
MJN001
· འཇམ་མགོན་མི་ཕམ་རིན་པོ་ཆེ།
རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང།
གནང་བ་དེ་མ་ཐག་ཏུ་ཚིག་དོན་ལ་བཀའ་འདྲི་ཞུས་པ་བཞིན་བཤད་ལུང་ཞིག་ཀྱང་གནང་བའི་བཀའ་དྲིན་ལ་བརྟེན་ནས་ཨ་ཛི་ཏ་བི་ཛ་ཡས་རང་བློས་གང་དཔོག་ཅུང་ཟད་རྣམ་པར་བཤད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། ༈ །།དོན་ཟབ་བཤགས་པའི་འགྲེལ་ཆུང་འདི། །པུཎྱེའི་མིང་ཅན་ཞུ་དག་པས། །ཆོས་སྦྱིན་ཕྱི་མོར་བཞེངས་པའི་དགེས། །རྣལ་འབྱོར་དམ་ཚིག་རྣམ་དག་ཤོག །ཤ…
MJN002
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན།
ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །