Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 464 of 500
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      མྱོས་རུང་། མ་མྱོས་རུང་། མཐོང་ཆོས་བདེར་གནས་ལས་ཉམས་འགྱུར་གྱི་སྐལ་པ་ཅན་མིན་པའོ། །དེ་བཞིན་གཤེགས་པ་ནི་དགའ་ལྡན་ན་གནས་པ་ནས་བཟུང་སྟེ་མྱང་འདས་པར་སྟོན་པའོ། །མོས་སྤྱོད་བཟོད་པ་ཆུང་འབྲིང་ཆེར་གནས། ལྷག་བསམས་བཅུ་ལ་གནས་པ། མཚན་བཅས་སྤྱོད་པ་ས་དང་པོ་ནས་དྲུག་པའི་བར། བསྒྲིམ་ནས་མཚན་མེད་ས་བདུན་པར་གནས་པ། མངོན་པར་འདུ་བྱེད་མེད…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      གོ་རིམ་བཞིན་ནོ། །བར་མ་གཉིས་ལ་མི་གདགས་ཏེ། དེ་ནི་བདེན་པ་མཐོང་བས་བསྒོམ་པས་སྤང་བྱ་འདོད་པ་ན་སྤྱོད་པ་ཉིད་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཅིག་ཆར་ངེས་པར་འབྱིན་པའི་དབང་དུ་བྱས་ནས། རྣམ་པར་འབྱེད་པའི་མདོ་ལས། རྒྱུན་ཞུགས་ཀྱི་འབྲས་བུའི་འོག་ཏུ་དགྲ་བཅོམ་པའི་འབྲས་བུ་རྣམ་པར་བཞག་པ་ཡིན་ནོ། །ཕལ་ཆེ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      ཆོས་རྣམས་ཁོ་ན་ལ། བདེན་པ་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆེན་པོ་ཐོབ་པ་སྟེ། བཟོད་པ་དེ་ཡང་ཚུལ་བཞིན་ཡིད་བྱེད་ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོ་དང་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བའོ། །དེ་ཁོ་ན་མངོན་རྟོགས་མཐོང་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་ཐོབ་པའོ། །མཐོང་ལམ་ལ་དེར་ནི་བདེན་པ་བཞི་འདི་དང་འད…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      བྱའོ། །བྱང་ཆུབ་སེམས་དཔའི་མངོན་རྟོགས་ནི་ཉན་ཐོས་དང་རང་སངས་རྒྱས་འདུལ་བའི་ཐབས་ལ་མཁས་པར་བྱ་ཕྱིར། བདུན་པོ་དེ་མངོན་རྟོགས་བདུན་པོ་དེ་དག་ཉིད་ལ་བྱང་སེམས་ཀྱི་ཡང་དག་པར་འགྲུབ་པའི་བཟོད་པ་གང་ཡིན་པ་དེ། སེམས་ཅན་ལ་ལྟ་བས་དེ་ཐེག་དམན་ལས་ངེས་པར་མི་འབྱུང་བའི་ཕྱིར་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །ཡང་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་དང་། ཇི་སྐད་དུ། རྣམ་པར་དག་དང་ཡོངས་དག་དང་། ལུས་དང་ལོངས་སྤྱོད་རྫོགས་པ་དང་། །ལས་ཀྱི་སངས་རྒྱས་ཆོས་རྣམས་ཀྱི། །ཁྱད་པར་ཡོངས་སུ་བརྗོད་པ་ཡིན། །ཞེས་པ་ལྟར།བག་ཆགས་བཅས་པའི་ཉོན་མོངས་རྣམ་པར་དག་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། ལུས་ཆོས་སྐུ་འགྲུབ། རྟག་ཏུ་བྱང་སེམས་རྣམས་དང་ལྷན་ཅིག་ཐེ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      དག་ནི་ཐམས་ཅད་དང་། ངན་སོང་དང་ནི་ཐབས་མིན་དང་། འཇིག་ཚོགས་ཐེག་པ་དམན་པ་ལས། །དེ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་པ་ལྟར། ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་གྱིས་ཀྱང་རིག་པར་བྱའོ། །ཚད་མེད་བཞི་སོགས་ཡོན་ཏན་ཁྱད་པར་ཅན་འདི་དག་མངོན་རྟོགས་གང་གིས་བསྡུས་ཤེ་ན། འཕགས་པ་ཉན་ཐོས་རྣམས་ཀྱི་བསྒོམ་ལམ་དང་། མི་སློབ་པའི་ལམ་ལ་མངོན་པར་གྲ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      དང་མི་ལྡན་པ་ཚུལ་བཞིན་མ་ཡིན་པར་དྲི་བའི་གནས་སུ་གྱུར་པའི་ཕྱིར་རོ། །ཅིའི་ཕྱིར་ཚུལ་མིན་པས་འདྲི་ན། འཕགས་པའི་བདེན་བཞི་ལས་བརྩམ་ནས་འདྲི་བ་སྟེ། རྒྱུ་དང་འབྲས་བུ་དང་། ཀུན་བྱང་ལ་སེམས་པ་མིན་པ་དེ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཚུལ་བཞིན་བདེན་བཞི་ལས་བརྩམས་ན་དེའི་རྟོག་པ་ཆོད་དོ། །བྱང་སེམས་ས་དང་པོར་སྐྱོན་མེད་པར་ཞུགས་པ། རྒྱ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      པ་མ་ཡིན་པའི་རྣམ་པར་རྟོག་པ་ལ་མཁས་པ་དང་། རྣམ་པར་མི་རྟོག་པ་ལ་མཁས་པར་བྱའོ། །དུས་དུས་སུ་དབང་པོ་རྣམས་གོང་ནས་གོང་དུ་སྦྱང་བར་བྱའོ། །ཤེས་བྱ་གང་ཞེ་ན། དྲུག་སྟེ། གཟུང་འཛིན་དུ་མངོན་པར་ཞེན་པ་འཁྲུལ་བ་དང་། འདུ་བྱེད་ཀྱི་རྒྱུ་ཙམ་ཡང་དག་མིན་རྟོག་གང་ལ་བྱིས་པ་རྣམས་མངོན་པར་ཞེན་པ་འཁྲུལ་བའི་གནས་དང་། དེ་བཞིན་ཉིད་མ་འཁྲུལ་བའི་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      རྩ་བའི་རྣམ་རྟོག །ལུས་དབང་པོ་གཟུགས་ཅན་གནས་སྣོད་ལོངས་སྤྱོད་གཟུགས་སོགས་ཀྱི་རྣམ་རིག་མཚན་མའི་རྣམ་རྟོག་བཟུང་བའི་མཚན་མའོ། །མིག་ཤེས་སོགས་མཚན་མར་སྣང་བའི་རྣམ་རྟོག །ལུས་སོགས་གནས་སྐབས་གཞན་དུ་འགྱུར་བ་མཚན་འགྱུར་བའི་རྣམ་རྟོག །མིག་ཤེས་སོགས་སྔ་མའི་སྐབས་ལས་གཞན་འགྱུར་མཚན་མར་སྣང་བ་འགྱུར་བའི་རྣམ་རྟོག །དེ་ཡང་ཉེས་བཤད་ལེགས…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      ཅི་མ་ལོག་བའི་རྣམ་པར་མི་རྟོག་པ། བྱང་སེམས་ཀྱིས་ཆོས་ཐམས་ཅད་ལ་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པའོ། །འདི་དག་སོ་སྐྱེ་ཉན་ཐོས་བྱང་སེམས་རྣམས་དང་གོ་རིམ་བཞིན་ནོ། །སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ནི། གཉིད་ར་རོ་བའི་རྒྱུ་མཚན་གྱིས་ཡིད་བྱེད་མེད་པས་མ་ཡིན། བསམ་གཏན་གཉིས་པ་སོགས་རྟོག་དཔྱོད་ལས། ཡང་དག་འདས་པས་མ་ཡིན། འག…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      ངོ་བོ་ནི་ཀུན་བཏགས་སོགས་ངོ་བོ་ཉིད་གསུམ་མོ། །རྒྱུ་ཡི་དོན་ནི། སྐྱེ་བ་རྐྱེན་བཞི་དང་། འབྱུང་བ་མ་རིག་སོགས་ལུགས་འབྱུང་གི་ཀུན་ཉོན་འགགས་པས་རྣམ་བྱང་དང་། མངོན་སུམ་དམིགས་པ་དང་མ་དམིགས་པ་མཚུངས་པར་བསྙད་པས་བསྡུས་པ་དེས་མ་གྲགས་པའི་དོན་སྒྲུབ་པས་འགྲུབ་པའི་རྒྱུའོ། །འབྲས་བུ་ནི། རྣམ་སྨིན་ཀུན་གཞིའི་རྣམ་ཤེས། རྒྱུ་མཐུན་སྔར་ས…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      གི་འཇུག་པ། འཕགས་ལམ་དངོས་པོ་ལ་ཕྱིན་ཅི་ལོག་མ་ཡིན་པའི་འཇུག་པ། རྣམ་པ་ཐ་དད་པ་སྟེ། འདུ་བྱེད་རྣམས་འདས་སོགས། ཕྱི་ནང་ལ་སོགས་པའི་དབྱེ་བས་རབ་ཏུ་དབྱེ་བའི་འཇུག་པའོ། །གཉིས་པ་རྣམ་པར་བཤད་པ་རྣམ་པར་ངེས་པ་ནི། གང་གིས་མདོ་སྡེ་རྣམས་ཀྱི་དོན་རྣམ་པར་བཤད་པར་བྱེད་པ་སྟེ། དེ་ཡང་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ཕུང་པོ་སོགས…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      གོ་རིམ་བཞིན་དུ། འོག་མ་ལྔ་ལྔས་བཤད་དེ། འདི་ལྟ་སྟེ། མི་ཉིད་དང་། ཡུལ་དབུས་སུ་སྐྱེས་སོགས་དང་། སངས་རྒྱས་འབྱུང་བ་དང་དམ་པའི་ཆོས་སྟོན་པ་དང་སོགས་བཞིན་དང་། གོང་ནས་གོང་དུ་མངོན་པར་སྒྲུབ་པའི་སྒོ་ནི། འོག་མ་གོང་མར་སྒྲུབ་པའི་གནས་ཏེ། དད་ན་བརྩོན་འགྲུས་རྩོམ། བརྩོན་ན་དྲན་པ་ཉེར་འཇོག་སོགས་དང་། སྤོང་པའི་སྒོ་ནི། འདི་ལས་བརྩམ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      པར་སྐྱེས་ཀྱི་མདོ་ལས་གསུངས་པ། རབ་ཏུ་ཆུད་ཟ་བ་ནི་ཕྱི་ནང་གི་རྫས་ལ་ལྷག་པར་ཆགས་པའོ། །དེ་ལ་ཕྱིའི་རྫས་ནི། ཁྱིམ་དང་ཆུང་མ་ལ་སོགས་པའི་མཚན་ཉིད་དོ། །ནང་གི་རྫས་ནི་ཉེར་ལེན་ཕུང་ལྔའོ། །རབ་ཏུ་ཆུད་མི་ཟ་བ་དེ་གཉིས་ལ་ལྷག་པར་ཆགས་པ་དང་བྲལ་བའོ། །རབ་ཏུ་ཆུད་ཟ་བའི་ཐབས་ནི། རབ་ཏུ་མི་འབྱུང་བ་དང་། བྱུང་ནས་ཀྱང་ཟག་པ་ཟད་པར་བྱ་བ་ལ་བག་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      ནང་གི་རྫས་ཡོངས་སུ་སྤངས་པ་ཡང་བསྟན་པའོ། །རྒྱུ་དང་འབྲས་བུ་ཟད་པའི་སྐབས་ཡིན་པས་ཀྱང་འདི་བསྟན་པར་བལྟའོ། །འདི་ལས་བཟློག་པ་ནི་རབ་ཏུ་ཆུད་ཟ་བའི་བར་དུ་དབྱེ་བ་བསྙད་པར་ལྟ་བར་བྱའོ། །གང་ཟག་རྣམ་པར་བཞག་པའི་སྒོ་ནི། གང་དུ་གང་ཟག་འདི་སྙེད་ཀྱི་དབང་དུ་བྱས་ནས་འདི་གསུངས་སོ་ཞེས་པས་སྟོན་པ་སྟེ། དཔེར་ན་ཆུ་ལས་གྱུར་པ་ལྟ་བུའི་མདོ་ལས…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      དག་པར་རྗེས་སུ་བལྟ་བའོ། །མུ་གསུམ་པ་ནི། གཟུགས་མི་རྟག་སོགས་ཕྱིན་ལོག་ཏུ་སྒྲོ་མ་བཏགས་པར་ཡོངས་སུ་ཤེས་བྱ་སྤང་བྱར་རྗེས་སུ་ལྟ་བའོ། །མུ་བཞི་པ། ཚོར་སོགས་ལ། གང་ལས་བཟློག་པའོ། །གཟུགས་ལ་མུ་བཞི་ཇི་ལྟ་བ་དེ་བཞིན་ཚོར་སོགས་ཐམས་ཅད་ལ་རྒྱས་པར་སྦྱར་བར་བྱའོ། །གང་བྱ་བ་བྱས་པ་དེ་ཐམས་ཅད་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ཡིན་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      ལ་སོགས་པའི་སྒོ་ནི། དེ་ཁོ་ན་ཉིད་ལས་བརྩམ་ནས། དེ་ཁོ་ན་ཉིད་ཡོངས་ཤེས། སྤོང་བ། མངོན་སུམ་བྱེད། བསྒོམ་པ། དེ་རྣམས་ཀྱི་རྣམ་པའི་རབ་དབྱེ། གནས་དང་། གནས་པར་འབྲེལ་བའི་མཚན་ཉིད། ཡོངས་ཤེས་ལ་སོགས་པའི་བར་གཅོད། རྗེས་སུ་མཐུན་པའི་ཆོས། ཡོངས་སུ་མ་ཤེས་པའི་ཉེས་དམིགས། ཤེས་པའི་ཕན་ཡོན་བསྟན་པ་དང་། སྟོབས་དང་སྟོབས་མ་ཡིན་པའི་སྒོ་ནི།…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      མཆེད་དང་ལྡན་ནམ། ཅི་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་དེ་མིག་གི་སྐྱེ་མཆེད་དང་ལྡན་ནམ་ཞེས་པ་ཚིག་གོང་མར་སྦྱར་ཏེ་དྲི་བའོ། །གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་རྣ་བའི་སྐྱེ་མཆེད་དང་ལྡན་ནམ་ཞེས་དྲི་ན་ཡང་འདི་ལ་མུ་བཞིའོ། །ཡིད་ཀྱི་སྐྱེ་མཆེད་དང་ལྡན་ནམ་ཞེས་པའི་བར་མུ་ཅི་རིགས་སུ་སྦྱར་རོ། །ཆོས་ཀྱི་སྐྱེ་མཆེད་དང་ལྡན་ནམ་ཞེས་པ་ཚ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      གཟུང་བ་འཛིན་པ་མ་ཡིན་པའང་ཡོད་དེ། གཟུགས་སོགས་ཡུལ་ལྔ་པོ་དེ་དང་། མཚུངས་ལྡན་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་དོ། །མུ་གཉིས་པ། གཉིས་པོ་དེ་ལས་གཞན་མེད་པའོ། །མུ་གསུམ་པ། མུ་གསུམ་ལས་བཞི་པ་མེད་པའོ། །མུ་བཞི་པ་ནི་བཞི་ཀ་ཡོད་པའོ། །ལྔ་པ་མེད་དེ་ཆོས་གཉིས་ལས་བརྩམ་པས་སོ། །ཅི་ཞེས་དྲི་བ་ལ། ལན་བསྟན་པ་ནི། སུ་ཞིག །ཅི། གང་གིས། ཅི…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
      ཐམས་ཅད་མི་དམིགས་པ། སྟོང་པ་ཉིད་མི་དམིགས་པ། ངའོ་སྙམ་པའི་ང་རྒྱལ་དང་བཅས་པ། ངའོ་སྙམ་པའི་ང་རྒྱལ་མེད་པ། ཚོགས་མ་བསགས་པ། ཚོགས་བསགས་པ་སྟེ། མི་དམིགས་པ་འདི་དག་གོང་གི་གོ་རིམ་བཞིན་དུ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ནང་དང་། ཕྱིའི་དང་། རགས་པ་དང་། ཕྲ་བ་དང་། ངན་པ་དང་། བཟང་པོ་དང་། རྒྱང་རིང་བ་དང་། ཐག་ཉེ་བ་ར…