Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      258 results — page 5 of 13
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      རྨད་བྱུང་ཆེ་བ་དྲུག་ལྡན་སྔ་འགྱུར་པའི།། རིང་ལུགས་འཛིན་མཁས་རྫོགས་ཆེན་གཡག་ཟེར་པ།། ཐུབ་བསྟན་ལུང་རྟོགས་ནོར་བུའི་དགའ་ཚལ་ཆེའི།། བསྟན་པ་འཕེལ་རྒྱས་ཕྱོགས་མཐར་ཁྱབ་གྱུར་ཅིག། ཅེས་སྔ་འགྱུར་བསྟན་པ་འཛིན་པའི་བསྟི་གནས་གཡག་ཟེར་པའི་འཚོགས་འདོན་སྟབས་བདེའི་བསྟན་རྒྱས་སྨོན་ལམ་དང་འབྲེལ་བཤད་གྲྭ་གླིང་བཞིར། ཤར་ཆོས་འཁོར་གླིང་། ལྷ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། རྨེ་ཡུལ་ཁྲི་དར་རྒྱས་གླིང་དགོན་པའི་བསྟན་རྒྱས་སྨོན་ལམ་བསྡུས་པ།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པ།། དེ་ཡི་བཤད་དང་སྒྲུབ་པའི་འབྱུང་གནས་ཆེ།། མདོ་ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི།། བསྟན་པ་སྲིད་མཐར་རྒྱས་པའི་བཀྲ་ཤིས་ཤོག། རྨད་བྱུང་གསང་ཆེན་སྙིང་པོའི་དགོངས་པའི་བཅུད།། ཚེ་གཅིག་རྫོགས་སངས་རྒྱས་པའི་མྱུར་ལམ་ཅན།། རྫོགས་ཆེན་ཐར་ལམ་དཀར་པོའི་ཆོས་ཀྱི་གླིང་།། མི་ནུབ་ཡུན་དུ་གནས་…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། མི་རྟག་སྟོན་པའི་དུས་བརྡ།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      ཡངས་པའི་ས་ཆེན་ཟླུམ་པོ་བར་མེད་དུ།། འཁོར་ལས་དུས་གསུམ་དུས་ཀྱང་དེ་བཞིན་ཏེ།། ཉིན་མཚན་ཆ་ཡིས་དབྱེ་བའི་འཇིགས་བྱེད་དགྲས།། བསྐལ་ཆེན་དུ་མའི་སྲོག་ཀྱང་འཇོམས་པར་བྱེད།།
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། དུས་དེབ་ཅིག་ལ་མིང་གསར་བཏགས་པ་དང་འབྲེལ་བའི་འགོ་བརྗོད།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      སྔར་བྱོན་མེས་པོའི་ཡིད་གཟུགས་གསོན་པོ་ཡིས།། ཕྱི་ཐག་འཆང་བའི་ན་མཉམ་རིགས་མཐུན་ཁྱུར།། ཉི་ཟླའི་མིག་ཟུང་ཕྱོགས་པའི་ལོ་ཟླའི་འགྲོས།། རྒ་བའི་རྐང་སྟེགས་ངལ་བར་འགོད་བགྱིད་དམ།། ཞེས་དུས་དེབ་ཀྱི་མིང་ལ་མེས་པོའི་བླ་ཡིད་བསྙེགས་པའི་གངས་རིའི་འོད་མདངས་ཞེས་བཏགས་ཏེ་བྲིས།།
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། བུམ་གཏེར་ཞིག་གི་ཁ་བྱང་།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      རིགས་བཞིའི་ཛམ་ལྷ་རྒྱལ་ཆེན་རྣམ་ཐོས་སྲས།། དཔལ་ཆེན་མོ་དང་ནོར་རྒྱུན་ལྷ་མོ་ཡིས།། བརྟན་གཡོ་སྲིད་དང་ཞི་བའི་ལེགས་ཚོགས་ཀུན།། འདིར་ཁུག་འདིར་སྡུས་ནུབ་མེད་འཕེལ་གྱུར་ཅིག།
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། རྩོམ་ཐུང་རྒྱུག་བྲིས་མ།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      རྒྱལ་ཀུན་ཡབ་གྱུར་གཞོན་ནུའི་སྐུ།། འཇམ་དཔལ་རྡོ་རྗེའི་རྣོན་པོ་ཡིས།། མི་ཟད་སྤོབས་པའི་གཏེར་བསྩལ་ནས།། ཟླ་མེད་མཁས་པའི་དབང་པོར་ཤོག།
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། སྨོན་ཚིག་བསྟན་དར་མ།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      མཆོག་གསུམ་ཟླ་བ་བདུད་རྩིའི་ཐིག་ལེ།། མི་འབྲལ་གདུལ་བྱའི་མཁའ་ལ་ཤར་ནས།། འོད་དཀར་ཕན་བདེའི་སྣང་བ་དམ་པས།། འགྲོ་ཀུན་བདེ་བའི་བཀྲ་ཤིས་འཕེལ་ཤོག། ལུགས་ཟུང་དགའ་བ་གཡས་སུ་འཁྱིལ་བའི།། གདེངས་ཅན་འཇོག་པོའི་གཙུག་གི་ནོར་བུ།། བསིལ་ལྡན་ཡངས་པའི་མགྲོན་དུ་ཁུག་ནས།། མ་སྨད་བསོད་ནམས་དཔལ་གྱིས་འབྱོར་ཤོག། སྔ་འགྱུར་རྫོགས་ཆེན་ཤྲཱི་སེང…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། འཚམ་འདྲི་ཞིག་གི་ཐུགས་གསོས།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      མཁའ་དང་ས་གཞིའི་བར་ཐག་རྒྱང་རིང་ཞིང་།། མདོ་དབུས་ཤར་ནུབ་དེ་བཞིན་འགྱང་མོད་ཀྱང་།། རིགས་མཐུན་གྲོགས་ཀྱི་ལྷག་བསམ་སྣོད་གཅིག་པས།། གམ་ན་གནས་པ་ཇི་བཞིན་ཤིན་ཏུ་ཉེ།།
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། སྲུང་མའི་སྙན་ཤལ་འདོད་གསོལ།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      བདག་སོགས་རྨོངས་པར་གྱུར་པའི་གཞན་དབང་གིས།། འགལ་ཉེས་འཁྲུགས་པར་གྱུར་པའི་ལས་བསགས་པ།། དམིགས་མེད་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་།། རོ་གཅིག་དག་མཉམ་ཆེན་པོར་བཤགས་བགྱིད་ན།། གཉིས་མེད་ཚངས་པའི་དགྱེས་ཞལ་ད་ངོམ་ལ།། བྱང་ཆུབ་བར་དུ་བུ་བཞིན་སྐྱོང་མཛོད་ཅིག། ཅེས་པེ་ཧར་དཀོར་མཛོད་གླིང་དུ་སྲུང་མའི་འཁུ་ལྡོག་ཞི་ཕྱིར་སྙན་ཤལ་ཞིག…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། ཡང་ལེ་བེར་གྱི་སྙན་ཤལ་འདོད་གསོལ།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      པདྨ་དབང་གི་བཀའ་ཉན་དྲེགས་པའི་རྗེ།། གནོད་སྦྱིན་རྒྱལ་པོ་ཙིའུ་དམར་པོ་ཡིས།། དམ་ལྡན་སྐྱོང་ལ་དམ་མེད་སྙིང་རྗེས་སྒྲོལ།། རྣམ་བཞིའི་ལས་ཀུན་ཐོགས་མེད་མ་གཡེལ་ཞིག།
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། མ་གཟའ་རྡོར་གསུམ་གྱི་སྙན་ཤལ་འདོད་གསོལ།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      དབུ་དགུ་སྤྱན་སྟོང་གདུག་པའི་ཁ་རླངས་ཅན།། དྲང་སྲོང་གཟའ་ཡི་དགེ་བསྙེན་ཆེན་པོ་དང་།། མ་མགོན་ལྕམ་དྲལ་རྡོ་རྗེ་ལེགས་པ་ཡིས།། དམ་ལྡན་བརྒྱུད་པར་བཅས་ལ་མེལ་ཚེ་མཛོད།། ཅེས་མཚོ་སྔོན་ཕྱོགས་ནས་སྙན་དར་རེའི་ངོས་སུ་བྲིས།།
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། གྱང་འགེལ་མདོ་བྱང་གི་རྩོམ་ཐུང་འགའ།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      སྣ་ཚོགས་འཇིག་རྟེན་ལས་ཀྱིས་རྣམ་བཀོད་འགྲོ་ཁམས་གཡོ་བའི་སྲིད་པ་རུ།། ཀུན་ནས་ཡོངས་འཕྱན་ཉེས་བརྒྱའི་ཟུག་རྔུས་རྟག་ཏུ་གཟིར་གྱུར་ཉམ་ཐག་ཁྱུ།། རྣམ་གྲོལ་ཞི་བ་དགའ་ཆེན་ཡེ་ཤེས་སྒྱུ་འཕྲུལ་མངོན་རྫོགས་སྐུ་བཞིའི་སར།། མ་འབད་ཡོངས་གྲོལ་བཀྲ་ཤིས་མཆོག་རབ་ཕུན་ཚོགས་སྣང་བ་འབར་གྱུར་ཅིག ཕྱི་ལོ་ཉིས་སྟོང་བདུན་ལོར་པདྨ་སྐལ་བཟང་དེས། འད…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། ཐག་རིང་ཡུལ་ལ་བཏང་བའི་མཆིད་གཏམ་ཞིག
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      གང་ཁྱེད་སྐུ་འཚོ་བརྟན་ཐོས་ཡིད་སྤྲོ་ལྷག་པར་བརྟས། འདིར་ངོས་དང་ཆོས་གྲྭར་འཁོད་པའི་དགེ་སློབ་དག་གསར་འཚེས་དབེན་མུས་སུ་སྔར་བཞིན་གྱང་ཧྲུལ་གོག་པོའི་ཉེ་འཁྲིས་སུ་རྐང་རྗེས་རྙིང་པ་ཞིག་ཡིད་ཀྱིས་འཚོས་ནས། ས་མཐོའི་གྲང་རེག་གིས་ཐལ་སྐྱར་གྱུར་པའི་ཐལ་མོ་སྙིང་གར་སྦྱོར་བཞིན་རེ་བའི་མིག་ཟུང་མཁའ་མཐར་ཕྱོགས་ཏེ་གནས། བགྲང་བྱའི་འཁོར…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དུས་དེབ་གསར་འདོན་ལ་ཤིས་པ་བརྗོད་པའི་འཕྲིན་ཐུང་།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      གཤིས་བཟང་སྤྱོད་པས་ཡ་རབས་མགྲོན་དུ་འགུགས།། ཕུན་ཚོགས་གྲགས་སྙན་དབྱར་གྱི་རྔ་ལ་འགྲན།། མེས་པོའི་སྲོལ་བཟང་དྲ་མའི་ཕྱག་རྗེས་ཀྱིས།། གངས་རི་དཀར་པོའི་དབུ་རྣ་དགུང་དུ་བསྟོད།། སྣ་ཚོགས་ཤེས་བྱའི་རྒྱུ་སྐར་བགྲང་ཡས་ཀྱང་།། རྣམ་དཔྱོད་ཉིན་མོར་བྱེད་པས་དབང་བྱས་ཏེ།། ཇི་སྙེད་ལེགས་པའི་དཔལ་ཀུན་སྡུད་གྱུར་ན།། དེ་ཚེ་འདོད་དགུའི་བསམ་…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། པདྨ་ཐང་གི་རྡོ་རིང་ངོས་ཀྱི་ཡི་གེ་རྗེས་དྲན་མངོན་རྟགས་ཀྱི་སྣང་བརྙན།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      ཆོས་དབྱིངས་ཀ་ནས་དག་པ་ཆོས་སྐུའི་ཐུགས།། ལྷུན་གྲུབ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས།། སྣ་ཚོགས་གདུལ་བྱའི་རེ་སྐོང་སྤྲུལ་བའི་སྐུ།། སྐུ་གསུམ་རྒྱལ་བས་སྙིགས་མའི་འགྲོ་འདི་སྐྱོངས།། དུས་རིང་སྲིད་པའི་ཚ་གདུང་གྱིས་གཟིར་བའི།། སྐྱོ་སུན་ཉེས་བརྒྱས་མནར་གྱུར་ཉམ་ཐག་མགྲོན།། དབུགས་འབྱིན་ངལ་འཚོའི་གཞིར་གྱུར་པདྨའི་ཚལ།། བསམ་གཏན་ཞ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། སྐལ་བཟང་ལེགས་སྐྱེས་ཀྱི་གཟེངས་བསྟོད་རྟགས་མའི་འགྲེམ་བྱང་།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      ང་ཡི་ཟུངས་ཁྲག་དྲོན་པོ་ས་ལ་ཕོས་པའི་ཟིལ་ཐིགས། ལྷག་བསམ་ཞུན་མའི་ཕབས་ཀྱིས་ཡང་ཡང་སྦྲུས་པའི་ལེགས་སྐྱེས་ཀྱི་རང་མདངས་འདི་ཉིད། སྐྱེ་དགུའི་བདེ་སྐྱེད་ཀྱི་གཞི་རྩ་གངས་ལྗོངས་ནང་བསྟན་ཆོས་དང་རིག་གཞུང་མི་ཉམས་དར་སྤེལ་གྱི་ངོ་མཚར་མཛད་འཕྲིན་གསར་པར། བསྔགས་བརྗོད་གཟེངས་སུ་བསྟོད་པའི་ལེགས་མཚོན་དུ་ཕུལ་བ། འབྱུང་འགྱུར་ཕྱི་མའི་དུ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། གྲྭ་གཞོན་སློབ་གཅུན་གྱི་བགྲོ་གླེང་གཏམ་ཐུང་།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      ཤྲཱི་སེང་ཆོས་གྲྭར་ཞུགས་པའི་འབྲོག་རུའི་གྲྭ་གཞོན་རྣམས་ནི་གདན་ས་རང་གི་གཞི་གྲྭ་ཡིན་པས་གཞན་གྱི་མིག་དཔེར་འོས་པ་ཞིག་དགོས་སྟབས། དེ་དག་གི་རིན་བྲལ་མི་ཚེའི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་ཞིང་། བསླབ་ལ་བརྩོན་པ་ཡར་བསྐུལ་གྱི་ཆེད་དུ། ཉེ་ཆར་ཆོས་གྲྭས་དམིགས་བསལ་གྱི་འཆར་གཞི་ཞིག་བཞག་སྟེ་སློབ་དུས་རྗེས་མར་རྒྱུགས་བླངས་ཀྱི་ཚད…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། སི་ཁྲོན་ཞིང་ཆེན་བོད་སྐད་རྒྱང་གྲགས་ལས་ཁུངས་ཀྱི་༡༩༨༥ལོའི་ལོ་སར་ཀྱི་དགོས་མཁོར་བྲིས་པའི་ཤིས་ཚིག
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      ཨོཾ་སྭ་སྟི། ས་གསུམ་ན་མཆོག་ཏུ་དགེ་བའི་བཀྲ་ཤིས་ཀྱི་སྣང་བ་ཆེན་པོ་མཆོག་གསུམ་དམ་པའི་འོད་ཀྱིས་སྲིད་ཞིའི་ལེགས་ཚོགས་འཕེལ་བའི་དགེ་ལེགས་ཀྱི་ཤིས་པ་སྩོལ་ཅིག དེ་རིང་ནི་བོད་རབ་བྱུང་བཅུ་བདུན་པའི་ཐོག་མའི་ལོ་གྲངས་གསུམ་པ། དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོའི་གནམ་ལོ་གསར་པའི་འཛུམ་ཞལ་གསར་དུ་ངོམ་པའི་ཚེས་གཅིག དཀར་ཕྱོགས་ཀྱི་དག…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། གངས་ལྗོངས་མཛེས་པར་བྱེད་པའི་མྱུ་གུ་གསར་པ།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      བསིལ་ལྡན་གངས་རིས་མཚན་པའི་ལྗོངས་ཆེན་པོའི་མདོ་ཁམས་སའི་ཐིག་ལེར། གཡས་ནས་འབྲི་ཆུ་དང་། གཡོན་ནས་རྫ་ཆུ་འབབ་པའི་རི་བོ་རྩེ་མོ་གནམ་ལ་བསྙེགས་པའི་གཡོན་ཟུར་དུ། བོད་ཀྱི་གནས་ལྔ་རིག་པ་ཡན་ལག་དང་བཅས་པ་མཁས་ཚུལ་གསུམ་གྱིས་དར་བར་བྱེད་པའི་བསྟི་གནས་མཆོག་ཏུ་གྱུར་པ་ཉག་ཅིག་ཏུ་སྔར་ནས་ཡོངས་སུ་གྲགས་པ་ཞིག་ཡོད་པ་ནི། གངས་རིའི་ལྗོངས་…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་གནང་བའི་གསུང་བཤད།
      PKZ001 · རྫོགས་ཆེན་པདྨ་སྐལ་བཟང་།
      ༢༠༠༨ལོར། ད་དེ་རིང་འདི་ནས་ཁྱེད་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་སློབ་ཚང་མ་དང་མཉམ་དུ་འཛོམས་ནས་ཐུགས་འཕྲད་ཡོང་ནི་བོ་འདི་ལ་ངའི་སེམས་ནས་སྤྱིར་བཏང་དང་ཐུན་མོང་བ་མ་ཡིན་པའི་དགའ་སྤྲོ་ཆེན་པོ་ཡོད། སྤྱིར་ན་མིའི་རིགས་སུ་གྱུར་པ་སུ་དང་གང་ཅན་པོ་ཡིན་ཀྱང་རིགས་མཐུན་སྡེ་རིས་གཅིག་གི་ནང་ཚན་གྱི་འགྲོ་བ་ཡིན་ན་རིག་དགའ་མཐ…