Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      271 results — page 11 of 14
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་འཇིགས་བྱེད་མཁའ་འགྲོ་དྲྭ་བ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཆོག་གི་རྡོ་རྗེ་རིན་པོ་ཆེ་འོད་འཕྲོ།
      KRT010 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །ཤྲཱིཀཱལཙཀྲབཛྲསཏྭཧེརུཀབྷེརཝཌཱཀིནཱིཛཱལསཾངརམཧཱམཎྜལསྱསདྷཡཔཱརེབཛྲརསྨིསམནྟཛྭལནམིབིཛཧརཾ། ༄༅། །དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་འཇིགས་བྱེད་མཁའ་འགྲོ་དྲྭ་བ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཆོག་གི་རྡོ་རྗེ་རིན་པོ་ཆེ་འོད་འཕྲོ་ཞེས་བྱ་བ་བཞུགས་སོ། ། ༈ ཨོཾ་ན་མོ་གུ་རུ་བུདྡྷ་བྷོ་དྷི་ས་ཏྭེ་བྷྱ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ནར་མའི་རྣལ་འབྱོར་འཁྱེར་བདེ།
      KRT010 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ནར་མའི་རྣལ་འབྱོར་འཁྱེར་བདེ་བཞུགས་སོ། ། ༈ ཨོཾ་སྭཱསྟི། ན་མོ་གུ་ར་ཝེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། འཁོར་ལོ་བདེ་མཆོག་འཇམ་པའི་རྡོ་རྗེའི་བསྒྲུབ་དཀྱིལ་མི་ཤིགས་བདེ་བ་ཆེན་པོའི་ཐིག་ལེ་ཀུན་ཏུ་འཕྲོ་བ།
      KRT010 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །འཁོར་ལོ་བདེ་མཆོག་འཇམ་པའི་རྡོ་རྗེའི་བསྒྲུབ་དཀྱིལ་མི་ཤིགས་བདེ་བ་ཆེན་པོའི་ཐིག་ལེ་ཀུན་ཏུ་འཕྲོ་བ་ཞེས་བྱ་བ་བཞུགས་སོ། ། ༈ ན་མཿ ཤྲཱི་ཧེ་རུ་ཀ་མཉྫུ་བཛྲ་ནཱ་ཐཱ་ཡ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ།…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། བཅོམ་ལྡན་འདས་མཁའ་འགྲོ་བདེ་མཆོག་གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཆེན་པོ་དངོས་གྲུབ་བུམ་བཟང་།
      KRT010 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །བཅོམ་ལྡན་འདས་མཁའ་འགྲོ་བདེ་མཆོག་གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཆེན་པོ་དངོས་གྲུབ་བུམ་བཟང་ཞེས་བྱ་བ་བཞུགས། ། ༈ ཨོཾ་སྭསྟི། ན་མཿ ཤྲཱི་ཧེ་རུ་ཀ་མཎྜ་ལེ་བྷྱ༔ འགྱུར་མེད་བདེ་ཆེན་འོད་གསལ་མཚན་དཔེའི་ལུས། །ཀུན་ཁྱབ་སྲིད་གསུམ་མགོན་པོ་ཀུན་གྱི་བཅུད། །ཀུན་སྣང་དྲ་བ་སྡོམ་མཛད་ཀུན་ཏུ་བཟང་། །བཅོམ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་རྣམ་པར་རྒྱལ་བའི་རྔ་སྒྲ།
      KRT010 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་རྣམ་པར་རྒྱལ་བའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། ། ༈ ཨོཾ་སྭསྟི། ན་མོ་མ་ཧཱ་གུ་རུ་ཀྲོ་དྷ་རཱ་ཛ་ཡ་མཱ་རི་ཙ་ར་ཎཱ་ཡ། རྒྱལ་ཀུན་མཐུ་སྟོབས་ནུས་བྱིན་འདུས་པའི་དཔལ། །འཇམ་དབྱངས་གཟི་འོད་འབར་བའི་ཞུགས་ཆེན་གྱིས། །བདུད་ཚོགས་ཚང་ཚིང་ཅིག་ཅར་བསྲེགས་ནས་སླར། །ཕན་བདེ་ཡོངས་འདུ་བསྐྱེ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་གསོལ་འདེབས་རྡོ་རྗེའི་ཐོལ་གླུ་བདེ་ཆེན་སྤྲིན་ཕུང་།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅།། གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས། གསོལ་འདེབས་རྡོ་རྗེའི་ཐོལ་གླུ་བདེ་ཆེན་སྤྲིན་ཕུང་བྱ་བ་ཧ་ཧ། ཧྲཱིཿ བདེ་ཆེན་གཡོ་མེད་རྒྱལ་བ་འོད་དཔག་མེད༔ བདེ་གར་སྙིང་རྗེའི་མངའ་བདག་སྤྱན་རས་གཟིགས༔ བདེ་བའི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ༔ བདེ་ཀློང་ཡངས་པ་ཆེན་པོར་གསོལ་བ་འདེབས༔ བདེ་སྟེར་ཡེ་ཤེས་དབྱིངས་བདག་མཚོ་རྒྱལ་མ༔ བདེ་ལམ་མཐར་ཕ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་གསང་སྒྲུབ་བདེ་ཆེན་རྒྱ་མཚོ།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་གསང་སྒྲུབ་བདེ་ཆེན་རྒྱ་མཚོ་བཞུགས། ། ༈ ན་མོ་ཛྙཱ་ན་ཌཱཀི་ནི་ཡེ། སྤྱན་རས་གཟིས་དབང་དགྱེས་པའི་ཡུམ། །སོར་རྟོག་ཡེ་ཤེས་གསང་ཡེ་མ། །གསང་བ་ཕྱག་གཉིས་སྒྲུབ་པའི་ཐབས། །བདེ་ཆེན་རྒྱ་མཚོ་འདི་ན་འཁྱིལ། །མཿརང་སེམས་གདོད་ནས་མཁའ་འགྲོ་འདུས་པའི་དལ། །ཡེ་ཡིན་ཐག་ཆོད་ངང་ནས་སྐྱབས་སུ་མཆི། །སྣང་སྲིད་བདེ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་རྒྱུན་ཁྱེར་བདེ་ཆེན་གཏེར་མཛོད།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་རྒྱུན་ཁྱེར་བདེ་ཆེན་གཏེར་མཛོད་ནི། ན་མོ། སྣང་སྲིད་བདེ་སྟོང་ཤར་བ་གསང་ཡེའི་ཞལཿ རྟོགས་པས་སྐྱབས་མཆི་འགྲོ་ཀུན་བདག་གིས་བསྒྲལཿ ལན་གསུམ་དངཿ ཧྲཱིཿ རྣམ་ཐར་གསུམ་ལྡན་བདེ་སྟོང་དབྱེར་མེད་ངངཿ འཇའ་འོད་མེད་དཔུང་འཁྲིགས་པའི་གུར་ཁང་དབུསཿ རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་སྐུ་མདོག་དམརཿ གཅེར་བུ་རུས་བརྒྱན་ཕ…
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ན་མོ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། དེ་ཡང་མཁའ་འགྲོའི་གཙོ་མཆོག་གསང་བ་ཡེ་ཤེས་ཀྱི་ལོ་རྒྱུས་བསྙེན་སྒྲུབ་དང་འབྲེལ་བར་གླེང་བར་བྱ་སྟེ། ཁོང་ལ་ཡེ་ཤེས་ཀྱི་སྐུ་དང་། འགྲོ་བ་རྣམས་འདུལ་བའི་ཕྱིར་གང་འདུལ་དེར་སྣང་གི་སྐུ་བསམ་ལས་འདས་པ་ཡོད་པ་ལས་རགས་རིམ་ཙམ་བརྗོད་ན། སྤྲུལ་གཞི་ནི། སྨིན་གླིང་གཏེར་ཆེན་གྱི་གཏོར་བྱོན། ཡུམ་གསང་བ་ཡེ་ཤེས་ཀ…
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༁ྃ༔ སྨན་མཆོད༔ ༁ྃ༔༁ྃ༔༁ྃ༔ ཨོཾ་ཨཱ༔ཧཱུྃ༔ ཕྱི་ལྟར་དུ་རྡོ་རྗེ་རྣལ་འབྱོར་མ་མཁའ་འགྲོ་འབུམ་སྡེའི་ཞལ་དུ་སརྦ་པཉྩ་ཨམྲྀ་ཏ་ཁ་རྃ་ཁཱ་ཧི༔ ནང་ལྟར་དུ་རིགས་ཀྱི་དྷཱཀྐི་སྡེ་ལྔའི་ཞལ་དུ་སརྦ་པཉྩ་ཨམྲྀ་ཏ་ཁ་རྃ་ཁཱ་ཧི༔ གསང་བ་ལྟར་དུ་ཡེ་ཤེས་ཀྱི་དྷཱཀྐི་དྷཱུ་མ་གྷ་ཡེའི་ཞལ་དུ་སརྦ་པཉྩ་ཨམྲྀ་ཏ་ཁ་རྃ་ཁཱ་ཧི༔ དེ་ཁོ་ཉིད་རྡོ་རྗེ་ཁྲོས་མ་ནག་མོའི…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། རྒྱུན་ཁྱེར་སྙིང་པོ་བཅུད་དྲིལ་དངོས་གྲུབ་གཏེར་འབྱུང་།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༁ྃ།།༔ གསང་བ་ཡེ་ཤེས་མཁའ་འགྲོའི་སྒྲུབ་གཞུང་ལས༔ རྒྱུན་ཁྱེར་སྙིང་པོ་བཅུད་དྲིལ་དངོས་གྲུབ་གཏེར་འབྱུང་ཞེས་བྱ་བཞུགས་སོ༔ ན་མཿཛྙཱ་ན་དྷཱཀྐི་དྷུ་མ་གྷ་ཡེ་ཧྲཱིཿ དམིགས་མེད་སྟོང་ཉིད་ལྷན་སྐྱེས་ཡེ་ཤེས་མ། །ཟག་མེད་འོད་གསལ་ཞིང་སྐྱེས་དྷཱཀྐི་མ། །དམིགས་མེད་ལྷུན་རྫོགས་སྔགས་སྐྱེས་བདེ་ཆེན་མ། །འཛིན་མེད་རོ་གཅིག་གསང་ཡེ་མར་ཕྱག་འཚ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། གསང་བ་ཡེ་ཤེས་བསྙེན་སྒྲུབ་ཀྱི་ཟུར་འདེབས་ཐུན་མཚམས་འཛེས་བྱེད་པདྨའི་ཕྲེང་བ།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༁ྃ།།༔ གསང་བ་ཡེ་ཤེས་བསྙེན་སྒྲུབ་ཀྱི་ཟུར་འདེབས་ཐུན་མཚམས་འཛེས་བྱེད་པདྨའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ སྐུ་མ་གསལ་བ་ཀཱ་དིས་གསོ་ཞིང་། གསུང་མ་དག་པ་ཨཱ་དིས་ཁ་བསྐང་། ཐུགས་མ་བརྟན་པ་ཡིག་བརྒྱས་བསྐང་དགོས་ཏེ། དང་པོ་ནི། ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རྀ༔ ལྀ་ལྀ༔ ཨེཨཻ༔ ཨོ་ཨཽ༔ ཨཾ་ཨཱ༔ གཉིས་པ་ནི། ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་ཚོགས་འཁོར་བསོད་ནམས་སྤྲིན་ཆེན།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༁ྃ།། གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས༔ ཚོགས་འཁོར་བསོད་ནམས་སྤྲིན་ཆེན་ནི༔ ན་མོ་ཛྙཱ་ན་དྷཀྐི་ནི་ཡེ༔ ཚོགས་གཉིས་སྤྲིན་ཆེན་བསྡུས་པས་ལས༔ དངོས་གྲུབ་ཆར་ཆེན་འབེབས་པའི་ཐབས༔ མཁའ་འགྲོའི་གཙོ་མོ་གསང་ཡེ་མར༔ ཚོགས་འཁོར་འབུལ་བའི་རིམ་པ་ནི༔ མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་དུ༔ བདེ་སྐྱོང་སྣོད་མཆོག་ཡངས་པའི་ནང༔ པདྨའི་བཅུད་དང་རྡོ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། མཁའ་འགྲོ་ཀུན་གྱི་ཡང་སྙིང་གསང་བ་ཡེ་ཤེས་འཁོར་ལོའི་བཤགས་བསྐངས་དཀྱིལ་འཁོར་ཀུན་ཁྱབ་དགྱེས་བྱེད་དྲི་མེད་ཀློང་ཡངས་དངོས་གྲུབ་མཆོག་གི་ཆར་འབེབས།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །མཁའ་འགྲོ་ཀུན་གྱི་ཡང་སྙིང་གསང་བ་ཡེ་ཤེས་འཁོར་ལོའི་བཤགས་བསྐངས་དཀྱིལ་འཁོར་ཀུན་ཁྱབ་དགྱེས་བྱེད་དྲི་མེད་ཀློང་ཡངས་དངོས་གྲུབ་མཆོག་གི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། ། ཆོས་ཉིད་གསང་བ་དམིགས་སུ་མེད་པའི་དོན༔ ལྷན་སྐྱེས་ཡེ་ཤེས་འཕོ་འགྱུར་ཡོངས་བྲལ་བ༔ བདེ་ཆེན་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མར༔ མཉམ་ཉིད་དབྱིངས་སུ་རྟག་ཏུ་ཕྱ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་སྨིན་བྱེད་དབང་གི་རིམ་པ་གསང་བ་མཆོག་གི་གཏེར་སྒོ།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༈ གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས༔ སྨིན་བྱེད་དབང་གི་རིམ་པ་གསང་བ་མཆོག་གི་གཏེར་སྒོ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་ཛྙཱ་ན་ཌཱཀི་ནཱི་ཡེ༔ མཁའ་འགྲོའི་འཁོར་བསྒྱུར་པདྨ་འབྱུང༔ སྤྲུལ་བ་རྗེ་འབངས་གྲུབ་རིག་གྱིས༔ གཏེར་ཁ་བྱེ་བ་བསམ་ཡས་སྦས༔ དུས་ལ་བབས་ཚེ་འབྱིན་ལུང་བསྟན༔ ཁྱད་པར་བཻ་རོ་མཚོ་རྒྱལ་དང༔ ནམ་སྙིང་ཐུགས་སྲས་རྣམ་གསུམ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། ཌཱཀྐཱིའི་གཙོ་བོ་གསང་བ་ཡེ་ཤེས་ཀྱི་ཁྱད་པར་བའི་དབང་ཆོག་བདེ་སྟོང་རང་ཤར།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༈ ཌཱཀྐཱིའི་གཙོ་བོ་གསང་བ་ཡེ་ཤེས་ཀྱི་ཁྱད་པར་བའི་དབང་ཆོག་བདེ་སྟོང་རང་ཤར་བཞུགས་སོ། དྷུ་མ་གྷ་ཡེ་ན་མ། མཁའ་འགྲོའི་གཙོ་གྱུར་སྒྲུབ་འདོད་པས༔ ཐོག་མར་སྔོན་འགྲོས་རྒྱུད་སྤྱངས་ཤིང༔ དེ་ནས་སྨིན་བྱེད་འདིར་ཞུགས་ཏེ༔ སྐུ་བཞིའི་ས་བོན་ཐེབས་པར་བྱ༔ དབང་གི་དཀྱིལ་འཁོར་ཁ་ནུབ་བསྟན༔ ཕུན་སུམ་ཚོགས་པའི་གནས་སུ་བཀོད༔ སྐུ་རྟེན་ཐོད་པ་མ…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས་འཕགས་མ་སྒྲོལ་མའི་སྒྲུབ་ཐུབས།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོ་ལསཿ འཕགས་མ་སྒྲོལ་མའི་སྒྲུབ་ཐུབས་བཞུགས་སོ། ། ༈ རྒྱ་གར་སྐད་དུ། ཨཱཪྻ་ཏཱ་རཱ་ཨ་མཱ་ར་ཎི་ཡེ་སཱ་དྷ་ན་ནཱ་མ༔ བོད་སྐད་དུ༔ འཕགས་མ་སྒྲོལ་འཆི་བ་མེད་པའི་སྒྲུབ་ཐབས་ཞེས་བྱ་བ༔ བཅོམ་ལྡན་འདས་འོད་དཔག་མེད་པ་ལ་ཕྱག་འཚ་ལོ༔ སྐལ་ལྡན་ལམ་ཞུགས་བརྩོན་འགྲུས་ཅན༔ ཚེ་དང་བསོད་…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་སྙིང་པོ་དྲིལ་བ་འཆི་མེད་བདུད་རྩིའི་གཏེར་མཛོད།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་སྙིང་པོ་དྲིལ་བ་འཆི་མེད་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ༈ ན་མ་སྟྭ་རི། གང་གི་མཚན་ཐོས་པས་ཀྱང་འཇིགས་ཀུན་སྒྲོལ། །འཁོར་བའི་དུཿཁ་མ་ལུས་སེལ་མཛད་མ། །འོད་དཔག་མེད་འཆང་རྒྱལ་བ་ཀུན་སྐྱེད་ཡུམ། །འཆི་མེད་གཏེར་འཆང་འཕགས་མར་ཕྱག་འཚལ་ལོ། །དུས་དགྲའི་དཔུང་འཇོམས་མི་…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། འཕགས་མ་སྒྲོལ་མ་ལ་གསོལ་གདབ་མཆོད་པ་མཎྜལ་བཞི་པར་གྲགས་པའི་ཆོ་ག་འདོད་དོན་ཡིད་བཞིན་འགྲུབ་པའི་ལྗོན་ཤིང་།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །འཕགས་མ་སྒྲོལ་མ་ལ་གསོལ་གདབ་མཆོད་པ་མཎྜལ་བཞི་པར་གྲགས་པའི་ཆོ་ག་འདོད་དོན་ཡིད་བཞིན་འགྲུབ་པའི་ལྗོན་ཤིང་བཞུགས། ། ༄༅། །ཨོཾ་སྭ་སྟི། །རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ་གྱུར་ཅིང་། །རྒྱལ་གྱུར་ཀུན་གྱི་རིག་སྔགས་འཁོར་ལོས་སྒྱུར། །རྒྱལ་སྲས་རབ་འབྱམས་རྒྱ་མཚོའི་ཕྱག་གི་གནས། །རྒྱལ་མཛད་འཕགས་མ་སྒྲོལ་མར་ཕྱག་འཚལ་འདུད། །གང་སྐུ་…
      ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ། དམར་ནག་ཁྲོས་པ་ཕུར་བུའི་སྒྲུབ་པ་ཡང་ཟབ་རྣམས་བཞུགས་པའི་དབུ་ཕྱོགས།
      KRT011 · རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།
      ༄༅། །དམར་ནག་ཁྲོས་པ་ཕུར་བུའི་སྒྲུབ་པ་ཡང་ཟབ་རྣམས་བཞུགས་པའི་དབུ་ཕྱོགས་ལགས་སོ། ། ༈ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་སྐུར་སྟོན་མ་རུངས་ཚར་གཅོད་ཅིང་༔ ཕྲིན་ལས་དཔག་ཡས་མི་ཟད་མཁའ་དང་མཉམ༔ ཁྲག་འཐུང་ཕུར་བུའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱོགས་དུས་རྒྱལ་བ་གཅིག་བསྡུས་ཐོད་ཕྲེང་རྩལ༔ ཕྱི་ལྟར་དཔལ་ཆེན་པདྨ་ཧེ་རུ་ཀ…