Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      10000 results — page 84 of 500
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ་སངས་རྒྱས་དང་བྱང་ཆུབ་ས…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      ཁས་བླང་བའི་སྒོ་ནས་སྨོད་པའི་རྣམ་པ་ཅན་གྱི་རྣམ་པར་སུན་འབྱིན་པའི་སྟོབས་སྒོམ་པ་ནི་ཚིགས་སུ་བཅད་པ་འདི་དག་བརྗོད་ལ་བྱ་སྟེ།སངས་རྒྱས་རྐང་གཉིས་ལྡན་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      བགྱིས་དང༌། །འཕགས་མིན་སྐྱེ་བོ་འདྲེ་བ་དང༌། །ཕྲག་དོག་སེར་སྣའི་རྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ཕོངས་དང་རྒུད་པའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱིས་འཇིགས་རྒྱུ་དང༌། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །གཡོ་བའི་སེམས་ཀྱི་དབང་ཉིད་དང༌། །འདོད་དང་ཁྲོ་བའི་དབ…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      པ་མ་ལགས་བགྱིས་པ་དང༌། །ཆོས་ལའང་གུས་པ་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤོང་བ་དང༌། །ཕ་མ་རྣམས་ལ་མ་གུས་གང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པོ་དང་ནི་བྱིས་པ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      གསེར་འོད་དམ་པ་དགེ་བ་ཡིས། །བཤགས་པ་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་བགྱི། །སངས་རྒྱས་ཡོན་ཏན་སྣང་བར་བགྱི། །སྲིད་པའི་མཚོ་ལས་བསྒྲལ་པར་བགྱི། །སངས་རྒྱས་རྒྱ་མཚོ་ཆུ་བོ་དང༌། །ཡོན་ཏན་རྒྱ་མཚོ་ཟབ་མོ་དེ། །སངས་རྒྱས་ཡོན་ཏན་བསམ་ཡས་ཀྱིས། །ཐམས་ཅད་མཁྱེན་དུ་རྫོགས་པར་བགྱི། །ཏིང་འཛིན་བར…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང༌། །དེ་ལྟར་བདག་གིས་སྡིག་པ་གང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱི་སྡོམ་པར་བགྱི། །བདག་གིས་ནོངས་པ་བགྱིས་པ་གང…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་བགྱིད། །སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ན། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང༌། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས།…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      དེང་ནས་བཟུང་སྟེ་མི་བྱའོ་སྙམ་པའི་སྡོམ་སེམས་བསྐྱེད་པར་བྱ་སྟེ། དུས་རིང་པོར་སྤོང་ཐུབ་པ་རྣམས་ལ་དུས་དེ་ཙམ་དུ་མི་བྱ་བའི་བསམ་པ་དང༌། དུས་ཐུང་བ་ལས་མི་ཐུབ་པ་རྣམས་ལ་ཡང་ཀཱ་ཏྱཱ་ཡ་ནས་མཛད་པ་ལྟར་ཐ་ན་ཉིན་མཚན་རེ་རེར་ཡང་མི་བྱའོ་སྙམ་པའི་སྡོམ་སེམས་མང་དུ་བྱའོ། །དེ་ནས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། རང་དང་བཤགས་ཡུལ་དང་བཤ…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      མ་བགྱིས་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱང༌། །བླ་མེད་བྱང་ཆུབ་སེམས་ལྡན་ཤོག །སེམས་ཅན་ཐམས་ཅད་དྲི་མེད་དབང༌། །ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང༌། །སྤྱོད་པ་རང་དབང་ཡོད་པ་དང༌། །འཚོ་བ་བཟང་དང་ལྡན་པར་ཤོག །ལུས་ཅན་དག་ནི་ཐམས་ཅད་ཀྱང༌། །ལག་ན་རིན་ཆེན་ཉིད་ལྡན་ཞིང༌། །ཡོ་བྱད་ཐམས་ཅད་མཐའ་ཡས་པ། །འཁོར་བ་སྲིད་དུ་མི་ཟད་ཤོག །བུད་མེད…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      ཡོན་ཏན་དེ་དག་དང༌། །གཞན་ཀུན་གྱིས་ཀྱང་རྒྱན་ལྡན་ཏེ། །ཉེས་པ་ཀུན་ལས་གྲོལ་བ་དང༌། །སེམས་ཅན་ཀུན་མཆོག་བྱམས་པ་དང༌། །སེམས་ཅན་ཀུན་གྱི་བསམ་པ་དང༌། །དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང༌། །རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་སེལ་བར་བགྱིད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང༌། །སུ་དག་འཇིགས་པས་སྐྱོ་བ་དེ། །བདག་གི་མིང་ཙམ་ཐོས་པ…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་དེ་དག་གི་དོན་དྲན་བཞིན་པས་མ་ཡེངས་པར་བྱ་སྟེ། སྨོན་པའི་གནས་རྣམས་ལ་འདུན་པ་དྲག་པོ་ཉིན་རེ་བཞིན་ལན་གསུམ་གསུམ་བྱའོ། །དེ་ལྟ་བུའི་སྡིག་པ་སྦྱོང་ཐབས་ནི་ཇི་སྲིད་སྡིག་པ་དག་པའི་རྟགས་བྱུང་བྱུང་དུ་བྱ་སྟེ། རྟགས་ནི་རྨི་ལམ་ན་ཟས་ངན་པ་སྐྱུགས་པ་དང༌། ཞོ་དང་འོ་མ…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      ཚུལ་འདི་མངོན་མཐོའི་དཔལ་གྱིས་ཉེར་མཛེས་ཤིང༌། །རྒྱལ་བའི་བསྟན་འཛིན་རྣམས་ལ་ཤིན་ཏུ་གུས། །དཔལ་འབྱོར་བཟང་པོས་གསོལ་བ་བཏབ་པའི་ངོར། །བློ་བཟང་གྲགས་པས་བྱམས་པ་གླིང་དུ་བྲིས། །དེ་ཡི་དགེ་བས་མཐའ་ཡས་འགྲོ་བ་ཡི། །ལས་སྒྲིབ་མ་ལུས་དག་པས་ཕྱི་ནང་གི །ཉེར་འཚེ་ཀུན་དང་བྲལ་ནས་རྒྱལ་བ་ཡི། །གོ་འཕང་མཆོག་ཏུ་བདེ་བླག་བགྲོད་པར་ཤོག །འདིས་…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      ཐམས་ཅད་བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱིའོ། །སྐྱབས་སུ་འགྲོ་བ་ནི། སྤངས་རྟོགས་ཀྱི་ཡོན་ཏན་དང་ལྡན་པའི་བདེ་གཤེགས་རྣམས་ལ་དུས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་རྟག་ཏུ་དང༌། དེའི་ཡོན་ཏན་ནི་ཁྱད་པར་གསུམ་ལྡན་ཏེ། ཡིད་ཀྱི་རོལ་པ་སྟེ་དོན་དམ་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པ་ཟླ་བ་དང་འདྲ་བ་དེས་བསྒྲུབས་པའི་…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      པས་ཏེ། སྐྱེད་པའི་དཔལ་ཚོགས་གཉིས་དང་ལྡན་པ། རབ་དགའ་དང་དྲི་མ་མེད་པ་ལ་སོགས་པའི་ས་ལ་རབ་ཏུ་བཞུགས་པ། བསྟན་པ་ལ་ཞུགས་པའི་བརྟུལ་ཞུགས་ཅན་གྱི་དབང་པོ་ཚོགས་མང་པོའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལའོ། །སེམས་བསྐྱེད་པ་ནི་བསམ་པ་རྣམ་པར་དག་པ་སྨོན་སེམས་དང༌། རྒྱུ་དེའི་རྣམ་པར་སྨིན་པ་འབྲས་བུ་འཇུག་སེམས་རྣམ་པར་དག་པར་གྱུར་པའི་སེ…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      ཐོག་མ་དིན་གནས་པརབགྱིའོ།། ༈ བཅོམ་ལྡན་འདས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གུས་པས་ཕྱག་འཚལ་ལོ། །བསྲེ་བའི་གདམས་ངག་ལ། ལམ་དུས་ཀྱི་སྐུ་གསུམ་དང་བསྲེ་བ་གསུམ་སྟེ། འདི་ལྟར་ལམ་དུས་ཀྱི་ཆོས་སྐུ་དང་བསྲེ་བ་དང༌། ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་དང༌། ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་སྟེ་གསུམ་མོ། །དང་པོ་ལ་གསུམ་སྟེ་གཉིད་སད་དུས་…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      གཞན་ཡང་སྙིང་གའི་སྣ་རྩེར་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་བསྒོམས་པ་ལ་བརྟེན་ནས་དེ་བརྟན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་སྔོན་དུ་འཆར་ཞིང༌། དེའི་འོག་ཏུ་སྟོང་པ་དང་ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་ཞེས་བྱ་བ་མིང་གཞན་སྣང་བ་དང༌། སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས། སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་པ་ལ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་ལྟ་བུའི་དམར་ལམ་གྱི་སྣང་བ་འབྱུང༌། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས། སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོ་སྲོད་ཀྱི་ནམ་མཁའ་དྲི་མ་མེད་པ་ལ་མཚམས་ཀྱི་…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      ཤར་བའི་དུས་སུ་ལྟ་ཐོག་ཏུ་བཞག་ནས་སྒོམ་པ་ཡིན་ཏེ། སྤྱིར་གཞི་དུས་ཀྱི་གཉིད་དུ་འགྲོ་བའི་ཚེ་རླུང་སྙིང་གར་རང་ཤུགས་ཀྱིས་འདུས་པ་ལ་བརྟེན་ནས་སྟོང་པ་བཞི་འོལ་སྤྱི་ཙམ་ཞིག་འཆར་བ་ཡོད་ལ། དེ་ཤེས་ནས་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་གིས་ཉམས་སུ་བླངས་ན་སྟོང་པ་བཞི་འཆར་སླ་བའི་གནད་ཡོད་དེ། དེ་ཡང་གཉིད་ཀྱི་དུས་ལ་རྨི་ལམ་མི་འཆར་བ…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      སད་པ་དང་གཉིད་དུས་སུ་བསྒོམས་པའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཞིང༌། དེ་གཉིས་འཆི་བའི་འོད་གསལ་གྱི་དུས་སུ་འདྲེས་པ་ལ་འོད་གསལ་མ་བུ་འདྲེས་པ་ཞེས་ཟེར་བ་ཡིན་ནོ། །གཉིས་པ་ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་ལ་གསུམ་སྟེ། གཉིད་སད་དུས་ཀྱི་སྒྱུ་མའི་ལུས་ལོངས་སྐུ་དང་བསྲེ་བ་དང༌། གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་ལུ…
      JLD002 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། > ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།
      ཙམ་གནས་གནས་སུ་མཉམ་པར་འཇོག་གོ །སྔར་རླུང་ཐིམ་པ་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ་དེའི་མཐར་རྨི་ལམ་ཕལ་པ་གཞན་དུ་མ་ཤོར་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ནས་སྐུ་དེར་ཀྲོང་གིས་ལྡང་སྟེ། སྒྱུ་མའི་སྐུ་དེ་ལ་སེམས་…