Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 127 of 500
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
རྡོར་དྲིལ་དེ་ཁོ་ན་ཉིད་ཀྱིས་བཟུངས་པའི་ལག་པས་འཁྱུད་པའི་ཚུལ་བྱེད་ཅིང་དེ་ལྟར་བསྒོམས་པ་ལས་བྱུང་བའི་ཏིང་ངེ་འཛིན་ལ་བུམ་དབང་དུ་ངོ་སྤྲོད་པ་བྱ་དགོས་པས་དམ་ཚིག་གསུམ་གཟུང་བའི་སྐབས་སུ་སློབ་དཔོན་གྱི་དབང་ཐོབ་པར་བཞེད་པའོ། །དེ་ནས་ཆུ་དབང་གི་ཆོ་གའི་སྐབས་སུ་བཤད་པའི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས་པ་ན…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
གསུངས་སོ་ཞེས་བརྟག་གཉིས་ཀྱི་ལུང་ཤེས་བྱེད་དུ་ཕྲེང་བར་དྲངས་པ་ནི། ཕྱག་རྒྱའི་དམ་ཚིག་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་བྱས་པའི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པའི་ཤེས་བྱེད་དོ། །ལུང་འདི་ཤེས་བྱེད་དུ་མཛད་ནས་ཕྱག་རྒྱའི་དམ་ཚིག་གི་སྐབས་སུ་སློབ་དཔོན་གྱི་དབང་འཐོབ་པ་སྔར་བཤད་པ་ལྟར་མ་ཤེས་ན་སློབ་དཔོན་གྱི་དབང་གི་དངོས་གཞི…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
པའོ། །རྟེན་དང་བརྟེན་པའི་རྣམ་དག་ལ་ཡ་གནས་དང་པོ་ལ་སོགས་པའི་ཡོན་ཏན་གྱི་ཆོས་སུ་དག་ཚུལ་ཉིད་བཤད་ལ་བླ་མེད་ནས་ལམ་གྱི་དག་པ་དང་ཕུང་སོགས་ཀྱི་དག་པ་གཉིས་ཀ་གསུངས་སོ། །རྟེན་དང་བརྟེན་པ་གཉིས་མ་དག་པའི་སྣོད་བཅུད་ལྟར་དོན་གཞན་པ་ཉིད་དུ་འཛིན་པ་བཟློག་པའི་ཕྱིར་གཞལ་ཡས་ཁང་གི་རྣམ་དག་བཤད་ལ། ལྷ་རྣམས་ཀྱང་རྒྱུད་ཐ་དད་པར་འཛིན་པ་བཟློག…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
སྦྱིན་པར་གསུངས་པ་ལྟར་བྱའོ། །འདི་ཉིད་སངས་རྒྱས་ཐོད་པ་ལ་སོགས་པའི་རྒྱུད་གཞན་དང་དྲིལ་བུ་ཞབས་ཀྱིས་སྔགས་ཀྱི་དབང་དུ་གསུངས་ལ། དྲིལ་བུ་བས་རིག་པའི་དབང་ལྔའི་རྗེས་སུ་སྟེར་བར་བཤད་དོ། །རྒྱུད་རྡོར་ཕྲེང་ལས་ཀྱང༌། སློབ་མ་འདོད་ཕྱིར་སྔགས་དབང་སྦྱིན། །སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །ཅེས་དབང་དུ་གསུངས་སོ། །རྐང་པ་བཞི་པ་དེ་ལེ…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
ལན་གཉིས་སྟོན་པའི་ཆོ་ག་གསུངས་པ་ཡང་བཞེད་པས་དེ་ནི་མ་ཡིན་ནོ། །དེས་ན་མེ་ལོང་བསྟན་ནས་ཆོས་ཀྱི་མཚན་ཉིད་གཟུགས་བརྙན་ལྟར་ཤེས་པར་བྱེད་པ་ཙམ་ལ་ལན་གཉིས་སྟོན་པ་བཀག་པ་ཡིན་ཏེ་དེ་ལ་ནི་ལན་ཅིག་ལས་མ་མཛད་པ་ཀླུ་བྱང་གིས་གསུངས་པ་བཞིན་ནོ། །འོན་ཀྱང་ཀླུ་བྱང་གི་དཀྱིལ་ཆོག་ན་ཚིགས་བཅད་གཉིས་པ་མེད་ལ་ལན་གཉིས་སྟོན་པར་བཞེད་པ་ཀུན་སྙིང་དང…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་ཅིང་བྱིན་ཏེ་སློབ་མས་མངའ་འཕང་བའི་ཚེ་ན་ཡང་སློབ་དཔོན་གྱིས་དེ་ལྟར་བརྗོད་དོ། །འདིར་མདའ་ཧོཿ ལས་སྐྱེད་པ་མི་གསལ་ཡང་དཱ་རི་ཀ་པས། ཧོཿ ཡིས་སྦྱངས་པའི་མདའ་གཞུ་དག །སློབ་མའི་ལག་ཏུ་བྱིན་ནས་ནི། ཞེས་གསུངས་པས་གཉིས་ཀ་ཧོཿ ལས་བསྐྱེད་དོ། །སློབ་མས་ཀྱང་སརྦ་ཏ་ཐཱ་ག་ཏཱན་ཨ་ནུ་རཱ་ག་ཡཱ་མི་ཞེས་བར…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
ཡི་རང་གི་ངོ་བོ་ནི། །སྐུ་ཡི་རྡོ་རྗེའི་རང་བཞིན་ནོ། །ཞེས་གསུངས་པ་ལྟར་ཉིན་མོ་འབྱུང་གནས་ཀྱིས་ཀྱང་བཤད་དོ། །ཉིན་མོ་འབྱུང་གནས་ཀྱིས་བུམ་དབང་སྤྲུལ་སྐུའི་ངོ་བོར་བཤད་དེ་སྤྲུལ་སྐུའི་ས་བོན་ཁྱད་པར་ཅན་དགོང་པས་དེའི་ནུས་པ་འཇོག་པའི་ཕྱིར་སྤྲུལ་སྐུར་མོས་པར་བྱའོ། །བུམ་དབང་གི་དམ་ཚིག་ནི། རྩ་ལྟུང་བཅུ་བཞི་དང་སྦོམ་པོ་བརྒྱད་སྲ…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
དེ་ཡི་ཡན་ལག་ཆོ་ག་ཕྲ་མོ་རྣམས། །སྔགས་རིག་རྣམས་ཀྱི་བཞེད་པ་ཇི་བཞིན་དུ། །གོ་སླའི་དབྱངས་ཀྱིས་མ་འདྲེས་གསལ་བར་བྱས། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། བུམ་པའི་དབང་བསྐུར་བའི་ཆོ་གའི་རིམ་པ་བསྟན་པ་སྟེ་ལེའུ་དགུ་པའོ།། །།གཉིས་པ་གསང་བའི་དབང་ནི། དང་པོར་ཡོན་དབུལ་ཞིང་གསོལ་བ་གདབ་པ་ནི། …
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོ་རྗེས་སུ་གཟུང་བར་མཛོད། །ཅེས་གསོལ་བ་གདབ་བོ། །གསང་དབང་གི་རྫས་སྒྲུབ་པ་ནི། དེ་ནས་བླ་མ་གཙོ་བོའི་ང་རྒྱལ་དང་ལྡན་པས་ཐ་མལ་གྱི་བུད་མེད་ཀྱི་གཟུགས་སྟོང་ཉིད་དུ་བསམས་པའི་རྗེས་ལ་ལྷ་མོའི་གཟུགས་སུ་བསྐྱེད་པ་དང་རྡོ་རྗེ་དང་པད…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
རྒྱལ་འཛིན་པའི་སློབ་མའི་ཁར་མཐོང་ན་མ་དད་ཀྱིས་དོགས་པས་གདོང་གཡོགས་བཅིངས་ཏེ་དེའི་མིག་དང་ལག་པའི་ཡུལ་མིན་པར། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། །ཞེས་རྒྱུད་རྡོར་ཕྲེང་ལས་གསུངས་པ་དང༌། ༀ་ཨཱཿ བཛྲ་དྷྲིཀ་ཧཱུཾ་ལ་སོགས་པ་གཙོ་བོ་…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
པའི་སྒྲོན་གསལ་ལས། བླ་མས་ཀྱང་བྱང་ཆུབ་ཀྱི་སེམས་དུང་ཕོར་ལ་སོགས་པར་བཞག་ལ་དྲིའི་ཆུ་དང་བསྲེས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་དབང་བསྐུར་བར་བྱ་སྟེ་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཟླ་གསང་ཐིག་ལེ་ལས། བྱང་ཆུབ་སེམས་ནི་རིན་ཆེན་འབར་ཕྱུང་བས། །མ་ལུས་རྒྱལ་བ་རྣམས་ནི་ལུས་བསྐམས་ལ། །རྣམ་དག་རྡོ་རྗེ…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
གསང་དབང་བསྐུར་བར་བཤད་དོ། །གསང་དབང་གི་ངོ་བོ་ནི། ཕྱག་ཆེན་ཐིག་ལེའི་གཉིས་པ་ལས། སྦོམ་པོ་ཐ་ལྟག་སྦྱོར་བ་ཡིས། །ལོངས་སྤྱོད་ནང་དུ་གཞུག་པར་བྱ། །དེ་ཚེ་ཡང་དག་ཡེ་ཤེས་སྐྱེ། །བུ་མོའི་བདེ་བ་ཇི་ལྟ་བུ། །ཞེས་གསུངས་པས་བླ་མ་ཡབ་ཡུམ་གྱི་ཐིག་ལེ་ལྕེ་ལ་བཞག་པ་མྱངས་པ་ལ་བརྟེན་ནས་སྐྱེས་པའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བྱའོ། །དཱ…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
འགྲེལ་པར་གསང་དབང་ཐོབ་ནས་སྒྱུ་ལུས་ཀྱི་མན་ངག་སྟོན་པར་བཤད་དོ། །ཟུང་འཇུག་གསལ་བ་ལས། རང་བྱིན་གྱིས་བརླབ་པ་མཚོན་པའི་ཕྱིར་ཤེས་རབ་མཚོན་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་གསུམ་པའོ། །ཞེས་འཆད་ཀྱང་རིམ་ལྔ་ལས་གསང་དབང་བསྐུར་བའི་འོག་ཏུ་སྒྱུ་ལུས་ཀྱི་གདམས་ངག་གི་དོན་དུ་བསྟོད་པ་བྱས་ནས་སྒྱུ་ལུས་བསྟན་པ་དང༌། ཞལ་ལུང་ལས་ཀྱང༌། དེ…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
དབང་བསྐུར་བ་དང༌། དབང་གསུམ་པའི་ཡེ་ཤེས་ངོས་གཟུང་བའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དང་པོ་ནི། གསང་དབང་གི་རྗེས་དེ་ནས་སློབ་མས་བྱང་ཆུབ་རྡོ་རྗེས་ཞེས་པ་ལ་སོགས་པས་བླ་མ་ལ་གསོལ་བ་གདབ་བོ། །དེ་ནས་བླ་མས་སློབ་མ་ལ་སྔར་གྱི་རིག་མ་དེ་འམ་ཤེས་རབ་མ་གཞན་ཡང་རུང་སྟེ་དམ་ཚིག་དང་སྡོམ་པ་ལ་གནས་པའམ་གཞན་ཡང་རུང་སྟེ། གཟུགས་དང་ལ…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
མ་དང་བཅས་པའི་འཁོར་ལོའོ། །དེའི་རིམ་པས་སྦྱོར་བ་ནི། དགུག་པ་དང་གཞུག་པ་དང་རྡོ་རྗེའི་ལམ་ནས་དབྱུང་བའོ། །རྐང་པ་དྲུག་པོ་དེའི་དོན་ནི། ཞལ་ལུང་ན་ཡོད་དོ། །བདེ་བ་མྱངས་པའི་སྒོ་ནས་དབང་གསུམ་པ་ངོས་གཟུང་བ་ནི། རྡོ་རྗེ་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏོ། །རིག་མ་ངེས་ཀྱང་གུར་ཀུམ་ལ་སོགས་པས་དྲི་ཞིམ་པོར་བྱས་ཤིང་གོས་མེད་པའི་ཆུ་ས…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
བསྐྱེད་ཅེས་པ་ལས་ལྷ་ཡབ་ཡུམ་གང་དུ་སྐྱེད་ཕྲེང་བར་མི་གསལ་ལ་མི་ཐུབ་ཟླ་བས་འོད་དཔག་མེད་དུ་སྐྱེད་པར་བཤད་དེ་འདོད་ཆགས་རྡོ་རྗེ་ཡིན་པ་ལ་དགོངས་སོ། །ཟུང་འཇུག་གསལ་བ་ལས། རིན་འབྱུང་དུ་སྐྱེད་པར་གསུངས་ཏེ་འདུས་པར་རྗེས་ཆགས་ཀྱི་ང་རྒྱལ་རིན་འབྱུང་གི་སྒོ་ནས་འཛིན་པར་གསུངས་པ་ལ་དགོངས་སོ། །རཏྣ་རཀྵི་ཏས་བདེ་མཆོག་ཡབ་ཡུམ་དུ་སྐྱེད་པ…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
བླ་མའི་མན་ངག་སྟོབས་ཀྱིས་ནི། །སོར་མོས་ག་བར་བྱ་དགོས་སོ། །ཞེས་སོ། །ཚོལ་བའི་ཚུལ་ནི། མཛུབ་མོའི་རྩེ་དང་ལྕེ་རྩེ་ལ་ཡི་གེ་ཧྲཱིཿ དམར་པོ་གནས་པར་བསམས་ལ་ཤཱི་ཏཱ་བརྗོད་པ་སྔོན་དུ་འགྲོ་བས་ཡང་དག་པར་བསྐུལ་ནས་བཤད་པའི་རྟགས་བྱུང་བ་དང༌། ༀ་ཤཱི་ཤཱི་ཧ་ཧ་ཧ་སྭཱ་ཧཱ་ཞེས་པ་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། …
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
བ་མི་འཕོ་བའོ། །ཞེས་དྲངས་པ་དུས་འཁོར་གྱི་ལུགས་སུ་གསུངས་སོ། །སྔ་མ་ནི། རྡོ་རྗེའི་རྩ་བ་ནས་བརྩམས་ཏེ་ནོར་བུའི་དབུས་སུ་མ་སླེབས་པའི་བར་རྣམས་སུ་དགའ་བ་གསུམ་སྐྱེ་བའི་ལུགས་ཏེ་གནས་ཀྱིས་ཕྱེ་བའོ། །རྣམ་རྟོག་ཆེན་པོའི་ཆེན་པོ་དང་ཆེན་པོ་དང་འབྲིང་གསུམ་གྱི་རགས་པ་ཆོད་པ་ལས་དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བར་བཞག་ལ། ཆུང་ད…
JLD003
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། > ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
འོངས་པ་ན་དགའ་བ་དང་དེའི་དཀྱིལ་དུ་མཆོག་དགའ་དང་ནོར་བུར་ཆུད་པ་ན་ལྷན་སྐྱེས་འབྱུང་སྟེ་དགའ་བྲལ་གྱི་དང་པོ་མཆོག་དགའི་ཐ་མ་དེ་གཉིས་ཀྱི་བར་དུ་སྐྱེ་བར་བཤད་ལ་རྡོ་རྗེ་སྐྱིལ་ཀྲུང་ནི། ནོར་བུའི་ནང་ན་གནས་པའི་དུས་སུ་སྣ་བུག་གཉིས་ཀྱི་རླུང་རྒྱུ་བ་བཀག་ནས་གནས་པ་ལ་བཤད་དོ། །ལྭ་བ་པ་ཡང་སྐྱེ་བའི་དུས་དང་ངོ་བོ་རྣམས་སྔ་མ་དང་འདྲ་ཞིང…