Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 346 of 500
JLD007
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
དཔལ་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་དྲང་ངེས་ཀྱི་སྔགས་བཏུ་ཞིང་བྱིན་གྱིས་བརླབ་པའི་ཆོ་ག་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པ།
དང་བཅས་པའི་དམ་ཚིག་པ་རྣམས་འོད་དུ་ཞུ་བ་ལས་བཏུས་པའི་ཡི་གེ་འབྲུ་གསུམ་དང༌། བཏུ་གཞིའི་དབྱངས་དང་གསལ་བྱེད་ཀྱི་ཡི་གེའི་རྣམ་པར་གྱུར་པའི་མོས་པ་བྱས་ལ་ཡི་གེ་དེ་དག་ལ་རང་གི་ལག་པ་གཡས་ཀྱིས་རེག་ནས་སློབ་མ་རྣམས་ཀྱི་ལུས་ཀྱི་གནས་གསུམ་དང་གནས་ཀུན་ཏུ་བྱུག་ཅིང་སློབ་མ་རྣམས་བྱང་ཆུབ་མ་ཐོབ་བར་དུ་ལུས་ངག་ཡིད་གསུམ་ཕྱི་ནང་གི་ཉེར་འཚེ…
JLD007
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
དཔལ་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་དྲང་ངེས་ཀྱི་སྔགས་བཏུ་ཞིང་བྱིན་གྱིས་བརླབ་པའི་ཆོ་ག་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པ།
རྒྱུད་རྒྱལ་འདུས་པའི་ལམ་གྱི་མཆོག་བརྙེས་པ། །ཨིནྡྲ་བོ་དྷི་ཀླུ་ཡི་མཁའ་འགྲོ་མ། །བཱི་སུ་ཀལྤ་དཔལ་ལྡན་ས་ཧ་ར། །ཀླུ་སྒྲུབ་རྡོ་རྗེ་ཅན་དང་འཕགས་པ་ལྷ། །ཀླུ་བྱང་ཤཱཀྱ་བཤེས་གཉེན་མཱ་ཏཾ་ཀི། ཟླ་བའི་ཞབས་སོགས་བླ་མ་བརྒྱུད་པ་དང༌། །འཇམ་དབྱམས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །སྐུ་གསུང་ཐུགས་དང་རྣམ་དཀར་མཛད་པ་ལ། །དགེ་མཚན་ཇི་སྙེད་མཛད་…
JLD007
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
དཔལ་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་དྲང་ངེས་ཀྱི་སྔགས་བཏུ་ཞིང་བྱིན་གྱིས་བརླབ་པའི་ཆོ་ག་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པ།
ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ཀྱང་ཤིན་ཏུ་བདེ་ལེགས་ཤོག །ཞི་འགོག་བདུད་རྩི་དམ་པ་གྱ་ནོམ་གང༌། །ཤཱཀྱ་ཐུབ་པས་མཉམ་གཞག་ཐུགས་ཆུད་པ། །ཆོས་དེ་དང་ནི་མཚུངས་པ་ཡོད་མིན་ཏེ། །དེ་མངོན་བྱས་ནས་ཕྱིན་ཆད་མྱ་ངན་མེད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་གང༌། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞ…
JLD007
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
དཔལ་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་དྲང་ངེས་ཀྱི་སྔགས་བཏུ་ཞིང་བྱིན་གྱིས་བརླབ་པའི་ཆོ་ག་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པ།
སྙན་པས་ནམ་མཁའ་བཞིན་དུ་ཁྱབ་གྱུར་པས། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་པ་ནི་སྦྱིན་པ་གཏོང་ཞིང་ཞེས་སོགས་ཡོངས་སུ་རྫོགས་པའི་བར་དང༌། ཉིན་མོ་བདེ་ལེགས་དང༌། འདི་ན་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། ཞེས་སོགས་ཤིས་པ་བརྗོད། མེ་ཏོག་གི་ཆར་དབབ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་བཟའ་ཉི་མ་དང་ཟླ་བ་སྒྲ་གཅན་ལས་རྒྱལ་བ་བཞ…
JLD007
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
དཔལ་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་དྲང་ངེས་ཀྱི་སྔགས་བཏུ་ཞིང་བྱིན་གྱིས་བརླབ་པའི་ཆོ་ག་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པ།
པ་ནི་ཡོངས་སུ་རྫོགས་པའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲའོ།། །།འདིས་ཀྱང་རྗེ་བཙུན་བླ་མའི་གསུང་རབ་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་སྙིང་པོ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ། སྭ་སྟི། རྒྱལ་བསྟན་པད་ཚལ་བན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ་བཞུགས་སོ།
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
གང་གི་གསུང་གི་འོད་ཟེར་གྱིས། །རྡོ་རྗེ་འཆང་དབང་མཉེས་བྱེད་པའི། །རིམ་གཉིས་རབ་ཏུ་གསལ་མཛད་པ། །བླ་མའི་ཞབས་ཀྱི་པད་ལ་འདུད། །གང་ཞིག་ཐེག་པ་མཆོག་གི་རིགས་ཀྱི་ནུས་པ་མི་དམན་ཞིང༌། །སྙིང་རྗེས་ཡིད་གདུངས་ཏེ་སེམས་ཅན་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བ་ལ་ཆེས་རིངས་པ་དེ་དག་གིས་ནི། དཔལ་འདུས་པའི་རྒྱུད་ནས་འབྱུང་བའི་རྡོ་རྗེ་འཆང་གི་གོ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
སོར་སྣང་བར་བགྱི། ཞེས་པའི་ལན་དུ་རིམ་གྱིས་འཇུག་པར་བསླབ་པར་བྱ་ཡི་ཅིག་ཅར་ནི་མ་ཡིན་ནོ་ཞེས་ཤེས་བྱེད་ཀྱི་མདོ་དང་བཅས་པ་དྲངས་ནས་དེའི་རིམ་པའང་འདི་ཡིན་ཏེ། ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ། །གང་གི་ཚེ་དེ་ལ་མོས་པ་དེའི་ཚེ་ཐེག་པ་གསར་པ་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །ཞེས་སོགས་གསུངས་ཏེ་རི…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
གནང་བ་ཐོབ་དགོས་པར་བསྟན་པ་ནི། དང་པོར་བསྐྱེད་རིམ་ཐོས་བསམ་གྱིས་ཤེས་པར་བྱེད་པ་ལ་མི་དགོས་ཀྱང༌། ཕྱིས་ཤེས་ནས་བསྒོམ་པའི་ཚེ་དགོས་པར་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ནས་གསུངས་ཤིང༌། འགྲེལ་པ་རིན་ཆེན་ཕྲེང་བ་ལས་ནི་གནང་བ་ཞུ་ཚུལ་དང་བཅས་པ་གསུངས་སོ། །གཉིས་པ་ནི་ལམ་གྱི་དངོས་གཞི་ལ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དང་པ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
ལྷུག་པའམ། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་སྒྲུབས། ཞེས་པ་ནས། སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །ཞེས་པའི་བར་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱའོ། །འདིར་སྒྲུབ་ཐབས་དངོས་གཞིའི་སྔོན་འགྲོ་ལ་མཐུན་རྐྱེན་བསྟེན་པའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། འགལ་རྐྱེན་སྤང་བའི་ཕྱིར་སྲུང་འཁོར་བསྒོམ་པ་གཉིས་ཡོད་པ་ལ། སྔ་མ་ནི་…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
རྡོ་རྗེ་ནི་འཇམ་དཔལ་ལོ། །ཞེས་བཤད་པས་ཡིད་དབང་ནི་བྱམས་པ་ལ་གོ་བར་བྱའོ། །བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་འཆང་ངོ་། །རྒྱ་ཆེན་ནི་སྣང་བ་ལྷའི་འཁོར་ལོར་འཆར་པའོ། །གཏི་མུག་རྡོ་རྗེའི་རིགས་རིག་པའི་སྦྱོར་བ་ལས་བྱུང་ཞེས་པ་ནས། དངོས་གྱུར་པ་ཞེས་པའི་བར་དུ་སྦྱར་ཏེ་འདིས་ནི་གཤིན་རྗེ་གཤེད་བསྟན་ནོ། །དེ་བཞིན་དུ་གཞན་ལའང་སྦྱར། ཉེས་པ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
མ་དང་འདྲ་སྟེ་རྨོངས་པས་ནི་རྣམ་སྣང་དང༌། འདོད་ཆགས་ཀྱིས་ནི་འོད་དཔག་མེད་དང་སྒྲིབ་པ་ནི་ང་རྒྱལ་ཏེ་དེས་ནི་རིན་འབྱུང་དང༌། རྡོ་རྗེ་ནི་དོན་ཡོད་གྲུབ་པའོ། །བཤགས་པ་ནི་གང་ཞིག་ཐོག་མེད་ཅེས་སོགས་གསུངས་ཏེ་རྐང་པ་དང་པོ་གཉིས་ཀྱིས་ནི། གང་གང་དུ་རྒྱུ་གང་གིས་བསགས་པ་སྟེ་གསུམ་གྱིས་བཤགས་བྱའི་ཉེས་པ་བསྟན་ནོ། །ཕྱི་མ་གཉིས་ཀྱིས་ནི་ག…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
ཡུལ་གྱི་གནས་ལུགས་རྟོགས་པའི་མཉམ་གཞག་གི་ངོན་ཡུལ་དང་ཡུན་ཅན་ཆུ་ལ་ཆུ་བཞག་པ་ལྟ་བུར་གཉིས་སྣང་མེད་པ་སྟེ་རྟོགས་པའི་ཆོས་སོ། །སེམས་བསྐྱེད་པ་ནི་བསམ་དང་ཞེས་སོགས་ཏེ་བསམ་པ་རྣམ་པར་སྨིན་པ་རྣམ་པར་དག་པ་གཉིས་ཀྱིས་ནི་སེམས་བསྐྱེད་གཉིས་བསྟན་ནོ། །རྐང་པ་གཉིས་པས་ནི་དེའི་ནུས་པ་དང༌། གསུམ་པས་ནི་ཞེ་ཐག་པ་ནས་སེམས་བསྐྱེད་པར་སྟོན་ནོ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
པའི་ཚེ་ཨོཾ་དུ་འགྱུར་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མེད་པའོ། །སྭ་བྷཱ་བའི་སྒྲ་དངོས་པོ་འབྱུང་བ་རང་བཞིན་གསུམ་ལ་འཇུག་ཀྱང༌། འདིར་ནི་ཕྱི་མ་གཟུང་ངོ་། །ཤུདྡྷ་ནི་དག་པའོ། །སརྦ་དྷ་རྨ་ནི་ཆོས་ཐམས་ཅད་དོ། །སྭ་བྷཱ་བ་ཤུདྡྷ་ནི་སྔ་མ་བཞིན་ནོ། །ལ་ལར་ནི་ཨ་ཧཾ་ཞེས་ཨས་མཚམས་སྦྱར་ནས་འདོན་ཏེ་ཤུདྔྷོ྅་ཞེས་འབྱུང་ན་ཨ་གོང་…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
ཡང་མ་བྱུང་བས་མི་བྱེད་དོ་ཞེས་བཞེད་དོ། །འོན་ཀྱང་དེ་ནི་མི་རིགས་ཏེ། རྩ་བའི་རྒྱུད་ཉིད་ལས་ཀྱང་འཁོར་ལོ་སེར་པོ་དང་དེར་ལྷ་འགོད་པ་རྣམས་གསུངས་ཤིང༌། དེ་བཞིན་དུ་སློབ་དཔོན་ཐུབ་པ་དཔལ་དང་ཨ་བྷ་ཡཱས་ཀྱང་འཁོར་ལོ་བསྐྱེད་པར་བཤད་ཅིང༌། ཁྱད་པར་དུ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ་མཛད་པ་པོ་ལཱི་ལ་བཛྲ་ཞེས་བྱ་བས་ནི་སློབ་ད…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
ཞལ་གསུམ་དང་ཕྱག་དྲུག་པར་བསྐྱེད་པ་གཉིས་ནི་རྒྱས་བསྡུས་སོ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་རེག་བྱ་རྡོ་རྗེ་མ་བསྐྱེད་པ་གཉིས་འབྱུང་ཡང་འདིར་ནི་དང་པོའི་དབང་དུ་བྱས་སོ། །སེམས་དཔའ་སུམ་བརྩེག་སུ་བྱེད་པ་ནི། རྒྱུད་ལས། རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །ལོངས་སྤྱོད་བཞི་དང་ཡང་དག་ལྡན། །ཞེས་འབྱུང་བས་ཤེས་ཏེ་དེའི་དོན་ནི་ད…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
ནས་འབྱིན་ཞེས་སྨྲའོ། །འདི་ནི་དཀྱིལ་འཁོར་རྒྱལ་མཆོག་དང་མཐུན་པར་ཡབ་ཀྱི་ཐུགས་ཀ་ནས་འབྱིན་པར་བྱའོ། །ཞེ་སྡང་རྡོ་རྗེ་ནི་སྒྲོན་གསལ་ལས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོ་བ་དང་འདོད་ཆགས་ཆེན་པོ་འདྲེས་པའི་ཉམས་ཅན་ཞེས་བཤད་པས། སྒེག་པའི་ཁྲོ་བོ་ཞེས་བྱ་སྟེ། སྤྱན་དམར་ལ་ཟླུམ་པ་དང་དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་འབར་བ་ལ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
བསམ་པ་ཤེས་ཏེ་དེས་སྤྲུལ་པའི་གནོད་མཛེས་གཉིས་པ་འོངས་ནས་མདུན་དུ་འདུག་སྟེ་བདག་གིས་ཅི་ཞིག་བགྱི་ཞེས་བཀའ་ནོད་པ་ལ། བཀའ་བསྒོ་བའི་སྔགས་ནི་ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཞེས་སོགས་སོ། །འདི་ལྟ་བུའི་སྔགས་ཐམས་ཅད་ཀྱི་སྐབས་སུ་དཔལ་ལྡན་ཟླ་བས་དོན་བཞི་བཞིས་བཤད་དེ། མིང་དང་དོན་དང་བཟླས་པ་དང་སྤེལ་བའོ། །དེ་ལ་མིང་ནི་སྦྲུལ་དང་མགོ་མེ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
ཅིག་ན་རེ་ཁྲོ་བོ་རྣམས་ཀྱི་གདན་བྱེད་པ་ཡིན་ནོ་ཞེའོ། །ཕྱོགས་སྐྱོང་རྣམས་ལ་ཁྲོ་བོའི་གདན་བྱས་པ་སྐབས་འགར་འབྱུང་མོད་ཀྱི། འདིར་ནི་སློབ་དཔོན་དམ་ཚིག་རྡོ་རྗེས་ཁྲོན་པ་འབྲུབ་ཁུང་གི་རྣམ་པ་ཅན་དུ་འཇུག་པར་བཤད་པ་ལྟར་བྱ་སྟེ་རྡོ་རྗེ་ཕུར་བུ་གདབ་པ་དང་ཡང་མཐུན་ནོ། །དེ་ནས་ཡང་རང་གིས་བྱང་གི་འདུད་རྩི་འཁྱིལ་པ་ལ་བལྟས་པས་དེས་རང་གི་…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
ལྷ་མཚན་དགོད་པའི་ཚེ་བྱུང་ཡང་ཕྱག་མཚན་ལ་ཡོད་བའི་ངེས་པ་མེད་དེ། སྤྱན་མ་ལ་ལྷ་མཚན་དགོད་པའི་ཚེ་མིག་བྱུང་ཡང་ཕྱག་མཚན་ལ་མེད་པ་བཞིན་ནོ། །དེས་ན་རྡོ་རྗེ་ལྕགས་ཀྱུ་དེ་ཉིད་རྡོ་རྗེ་ཐོ་བར་གྱུར་པ་ཡིན་ནོ། །རྡོ་རྗེ་ཕུར་བུ་ཡང་རྫས་ཀྱི་རྡོ་རྗེ་མ་ཡིན་གྱི་ལྷ་ཉིད་དུ་བཀོད་ནས་བཤད་པ་ལྟར་རོ། །གྷ་གྷ་ཞེས་སོགས་ཀྱི་སྔགས་མདོ་བསྲེར་ཞེ་ས…