Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 338 of 500
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      བསྡུས་ལ། གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང༌། །རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག །ས་ཆུ་མེ་དང་རླུང་དང་ནམ་མཁའ་ཐམས་ཅད་ནི། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །གཏི་མུག་ཉེས་པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང༌། །རིག་པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར། །རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      པ་རྣམས་ཀྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ཡང་དག་གྲོལ་གྱུར་ཅིང༌། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ས་ལ་རབ་བཞུགས་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུནགྱི་བ…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། ཅེས་བརྗོད་དེ་ཚོགས་ཞིང་རང་གནས་སུ་གཤེགས་སོ། །ཚོགས་ཞིང་སྤྱན་དྲང་པ་ནས་སྡོམ་གཟུང་བའི་བར་ནི་སྙིང་རྗེ་ཆེན་པོ་ལ་དམིགས་པའི་དེ་ཉིད་ཀྱིས་མཚོན་པའི་དོན་ལ་འགྲེལ་པ་རྣམས་ཀྱིས་མན་ངག་གིས་ཁ་བསྐང་བ་ས…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དང༌། གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོའི་ཡི་གེ་གསུམ་གྱིས་མཚན་པར་བསྒོམ་མོ། །ཡབ་ཡུམ་སྙོམས…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      པོ་ན་རྡོ་རྗེ་རྩེ་དགུ་པ། ལྷག་མའི་ཕྱག་མཚན་དང་རྒྱན་ལ་སོགས་པ་སྔར་བཤད་པ་ལྟ་བུ། འོད་དམར་པོ་འབར་ཞིང་འཁྲུག་པའི་དབུས་ན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རེག་བྱ་རྡོ་རྗེ་མ་སྔོན་མོ་ཞལ་གསུམ་ཕྱག་དྲུག་པར་གྱུར་པ་དང་སྙོམས་པར་འཇུག་པའི་ཚུལ་གྱིས་བཞུགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བསམ་སྟེ། བཀའི་འཁོར་ལོའི་གཙོ་བོ་སྐྱེད་…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      གཤེད་དང་འདྲ་བ་བིགྷྣན་ཏ་ཀྲི་ཏ་ཀྱིས་དབྱུང༌། མི་གཡོ་བ་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རལ་གྲི། རྡོ་རྗེ། འཁོར་ལོ། གཡོན་ཐུགས་ཀར་སྡིགས་མཛུབ། དགྲ་སྟ་ཞགས་པ་འཛིན་པ། ཨ་ཙ་ལས་དབྱུང༌། འདོད་རྒྱལ་སྔོན་པོ་རིན་འབྱུང་གི་དབུ་རྒྱན་ཅན། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཧ…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      ཕྱག་རྒྱ་འཆིང་ཞིང༌། གཡས་ལྷག་མ་རྡོ་རྗེ། པདྨ། གཡོན་སྡིགས་མཛུབ། རལ་གྲི་འཛིན་པ་ཨུཥྞཱི་ཥ་ཙཀྲ་ཝརྟིས་དབྱུང༌། གཙུག་ཏོར་གྱི་ཕྱག་རྒྱ་ནི། ལག་པ་གཉིས་གན་རྐྱལ་དུ་མཉམ་པོར་བརྐྱང་པའི་སྲིན་ལག་གི་སེན་མོའི་སྟེང་དུ་མཐེ་བོའི་སེན་མོ་བཟུང་ནས་མཐེའུ་ཆུང་གཉིས་ཁབ་ལྟར་བྱ། གུང་མོ་གཉིས་རྩེ་སྤྲད་ལ་མཛུབ་མོ་དག་དབུས་སུ་རྭའི་རྣམ་པར་བྱ་…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      ལྟ་བུས་སྐ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་པོས་རྐང་གདུབ་བྱས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་བསམ་སྟེ། འཁོར་ཁྲོ་བོ་སྐྱེད་པའི་དེ་ཉིད་དོ། །དེ་ནས་འོག་གི་གནོད་མཛེས་ལ་བལྟས་པས་དེས་སྤྲུལ་པའི་གནོད་མཛེས་གཉིས་པ་འོངས་ནས་མདུན་དུ་འདུག་སྟེ་བདག་གིས་ཅི…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      བཞི་དང༌། སྟེང་འོག་གི་ཕྱོགས་སྐྱོང་འཁོར་དང་བཅས་པའི་མགོ་བོར་ཟུག་པར་བསམ་མོ། །དེ་ནས་རང་གིས་ཡིད་ཀྱིས་གནོད་མཛེས་ལ་ཕུར་བུ་སྐུལ་བའི་བཀའ་བསྒོས་པས་གནོད་མཛེས་ལངས་ནས། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾབཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སརྦ་བིགྷྣཾ་ཀཱ་ཡ་ཝ་ཀ་ཙིཏ…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      ཉོན་ཅིག་ཅེས་བསྐུལ་ནས། གདུག་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕུར་བུས་ཐོབ་ཅེས་པའི་དོན་དུ་བཤད་པས་བཀའ་བསྒོས་ནི་རྡོ་རྗེ་ཕུར་བུའོ། །དེས་ན་མདོ་བསྲེའི་དོན་ནི་རང་གིས་ཡིད་ཀྱིས་གནོད་མཛེས་ལ་ཕུར་བུ་རྡུང་བར་བཀའ་བསྒོས་པ་ན། དེས་གྷ་གྷ་ཞེས་སོགས་ཀྱི་སྔགས་བརྗོད་ནས་ཕུར་བུ་འདེབས་པའོ། །རྡོ་རྗེ་ཕུར་བུ་ཡང་ལྷའི་རྣམ་པ་ཙམ་གྱི་དབྱི…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      ནས། དངོས་གཞི་རྟེན་དང་བརྟེན་པའི་རྣལ་འབྱོར་གཉིས་ཀྱི་རྟེན་གྱི་རྣལ་འབྱོར་གང་དུ་འཚང་རྒྱ་བའི་གནས་སྒྲུབ་པ་ནི། སྣོད་ཀྱི་སྲིད་པ་འཇིག་པ་དང་ཆགས་པ་དང་རྗེས་སུ་མཐུན་པར་བསྒོམ་པར་བྱ་སྟེ། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། ཞེས་བརྗོད་ལ་སྣོད་བཅུ…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      བརྒྱན་པ། ཧཱུཾ་ལཾ་ཧཱུཾ་གི་ལཾ་སེར་པོ་ལས་བྱུང་བའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ་བསྐྱེད་ལ་སྤྱན་སོགས་བཞིའི་ངོ་བོར་བསམ་མོ། །དཀྱིལ་འཁོར་བཞི་པོ་གཅིག་ཏུ་འདྲེས་པ་ལས་སྣ་ཚོགས་རྡོ་རྗེར་གྱུར་པར་བསམ་སྟེ། རྡོ་རྗེ་སའི་ཆ་བསྐྱེད་པའི་དེ་ཉིད་དོ། །སྣ་ཚོགས་རྡོ་…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང༌། རྩིག་པའི་ཕྱི་ནང་གི་ཟུར་བཞིར། ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། སྒོ་བཞི་སོ་སོའི་མདུན་དུ་སྟེབས་བུ་གྲུ་བཞིའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་གསེར་དང་ཤར་བུ་རིན་པོ་ཆེ་རྟ་རྨིག…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      ཕྱི་ལྟས་ནང་གསལ་བ་ནང་ལྟས་ཕྱི་གསལ་བའི་ནང་གི་སྟེང་དང༌། འོག་གི་ས་གཞི་ཐམས་ཅད་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བར་གྱུར་པའི་ནང་དུ། སྣ་ཚོགས་པདྨའི་གདན་སུམ་ཅུ་རྩ་གཅིག །གཙོ་བོ་དང་ཁྲོ་བོ་བཅུ་ལ་ཉི་མ། རྣམ་སྣང་སོགས་ཤར་ཕྱོགས་པ་རྣམས་ལ་ཟླ་བ། མཱ་མ་ཀི་ལ་རྡོ་རྗེ། དེ་མ་གཏོགས་པའི་ལྷོ་ཕྱོགས་པ་རྣམས་པ་རིན་པོ་ཆེ། ནུབ་ཕ…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      ག་ཤལ་བྱས་ཤིང༌། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བ། མཚན་བཟང་པོ་སོ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མས་འཁྱུད་ཅིང༌། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ་མོ། །ཁྲོ་བོ་བཅུ་མ་གཏོགས་པ་ལྷ་ཕོ་རྣམས་དབུ་སྐྲ་སྔར་བཤད་པ་དང་འ…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      ཞལ་ཕྱག་དང་ཕྱག་མཚན་རྣམ་སྣང་དང་འདྲ་བ་ལ་ཁྱད་པར་དུ་གཡས་ཐ་མས་ཨུཏྤ་ལ་དཀར་པོ་འཛིན་པའོ། །ལྷོ་ནུབ་ཏུ་མཱ་མ་ཀི་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་མི་བསྐྱོད་པ་དང་འདྲ་བ་ལ། ཁྱད་པར་དུ་གཡས་ཐ་མས་ཨུཏྤ་ལ་སྔོ་དམར་འཛིན་པའོ། །རྩ་རྒྱུད་ལེའུ་བཞི་པ་ལས་ཨུཏྤ་ལ་མཐིང་ཁར་བཤད་པ་བཞིན་སྒྲོན་གསལ་ལས་ཀྱང་སྔོན་པོར་བཤད…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་གོས་དཀར་མོ་དང་འདྲ་བ་ལ། ཁྱད་པར་དུ་རྩ་ཕྱག་གཉིས་ཀྱིས་དྲིའི་དུང་ཆོས་འཛིན་པ། བྱང་ཤར་དུ་རོ་རྡོ་རྗེ་མ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་སྒྲོལ་མ་དང་འདྲ་བ་ལ། ཁྱད་པར་དུ་རྩ་ཕྱག་གཉིས་ཀྱིས་རོའི་སྣོད་འཛིན་པའོ། །ལྷ་མོ་དགུ་པོ་ཐམས་ཅད་ཤིན་ཏུ་སྒེག་…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      རབ་ཏུ་འབར་བའི་དབུས་ན་རང་རང་གི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་པར་བསམས། ཤར་སྒོར་གཤིན་རྗེ་གཤེད། ལྷོ་སྒོར་ཤེས་རབ་མཐར་བྱེད། ནུབ་སྒོར་རྟ་མགྲིན། བྱང་སྒོར་བགེགས་མཐར་བྱེད། ཤར་ལྷོར་མི་གཡོ་བ། ལྷོ་ནུབ་ཏུ་འདོད་རྒྱལ། ནུབ་བྱང་དུ་དབྱུག་སྔོན་ཅན། བྱང་ཤར་དུ་སྟོབས་པོ་ཆེ། སྟེང་དུ་གཙུག་གཏོར་འཁོར་ལོས་བསྒྱུར་རྒྱལ། འོ…
      JLD007 · རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
      དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
      ལུས་ལ་བསྡུ་བའི་དེ་ཉིད་དོ། །དེ་ཉིད་བཅུ་གཅིག་པོ་དེ་རྣམས་ནི། རྣལ་འབྱོར་དངོས་གཞིའི་སྔོན་དུ་འགྲོ་བའི་དེ་ཉིད་དོ། །དེ་ནས་ལུས་དཀྱིལ་གྱི་ལྷ་རྣམ་སྣང༌། སྤྱན་མ། སའི་སྙིང་པོ། གཟུགས་རྡོ་རྗེ་མ། བྱམས་པ། གཤིན་རྗེ་གཤེད་མི་གཡོ་བ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་རིན་འབྱུང་མཱ་མ་ཀཱི། ཕྱག་རྡོར་སྒྲ་རྡོ་རྗེ་མ། གཞན་གྱི་མི…