Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2594 results — page 22 of 130
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      གྲུབ་ཆེན་བརྒྱད་པོ་དང་། །གུ་རུ་མཚན་བརྒྱད་རྣལ་འབྱོར་བརྒྱད་བཅུ་དང་། །སྒོ་སྲུང་སྡེ་བཞི་ཡེ་ཤེས་ལས་འཇིག་རྟེན། །མཁའ་འགྲོ་ཆོས་སྐྱོང་ཡབ་ཡུམ་སྤྲུལ་འཁོར་སོགས། །དཀྱིལ་འཁོར་གཉེན་པོའི་ལྷ་ཚོགས་མ་ལུས་རྣམས། །མི་མངོན་དབྱིངས་ནས་དེང་འདིར་དགོངས་སུ་གསོལ། །རིགས་དྲུག་ལམ་རྒྱུད་ལྔ་དང་སྐྱེ་གནས་བཞིའི། །སེམས་ཅན་རྣམས་དང་ཁྱད་པར་ད…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      མཆོག །དྲི་མེད་ཀོ་ཤའི་མཚོར་འཁྲུངས་པདྨ་འབྱུང་། །དབྱེར་མེད་ཀརྨ་པ་ལ་གསོལ་བ་འདེབས། །དུས་གསུམ་མཉམ་ཉིད་སྤྲོས་བྲལ་ཆོས་ཀྱི་སྐུ། །རང་མདངས་འགག་མེད་བདེ་ཆེན་ལོངས་སྤྱོད་རྫོགས། །ཞིང་ཁམས་གང་ལ་དེར་སྣང་སྤྲུལ་པའི་སྐུ། །ཨོ་རྒྱན་ཀརྨ་པ་ལ་གསོལ་བ་འདེབས། །དུས་གསུམ་མཐའ་ཀླས་ཕྲིན་ལས་ཟབ་མོའི་མཐུས། །ནམ་ཞིག་སྒྱུ་ལུས་འཇིག་ལ་ཐུག་པའ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      ཕྱོགས་མཐར་ཁྱབ། །འབྲེལ་ཐོགས་ཇི་སྙེད་བདེ་ཆེན་དག་ཞིང་དུ། །མྱུར་བ་ཉིད་དུ་བགྲོད་པའི་རྒྱུར་གྱུར་ཅིག །ཅེས་གསོལ་འདེབས་དང་། དཔལ་ལྡན་ཀཾ་ཚང་བསྟན་པའི་མངའ་བདག་ཆེ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་བྱིན་རླབས་དང་། །མཆོག་གཉིས་དངོས་སྩོལ་ཡི་དམ་ལྷ་ཚོགས་དང་། །དམ་ཅན་ཡེ་ཤེས་ཆོས་ཀྱིས་སྲུང་མ་སོགས། །རྩ་གསུམ་རབ་འབྱམས་ཞིང་ཀུན་ཡོ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      དུ་མཆོད། །མཚན་ཙམ་ཐོས་པས་ངན་འགྲོའི་ལམ་ཁོག་ཅིང་། །བདེ་ཆེན་དག་པའི་ཞིང་དུ་སྐྱེལ་ནུས་པའི། །མཁའ་སྤྱོད་དབང་པོ་དྲི་མེད་དཔལ་ཡེ་ཤེས། །དེང་བཟུང་བྱང་ཆུབ་བར་དུ་སྤྱི་བོས་མཆོད། །མི་འབྲལ་སྙིང་གི་ཐིག་ལེའི་ཏི་ལ་ཀར། །རྟག་པར་བཞུགས་ཤིང་མཆོག་ཐུན་དངོས་གྲུབ་དང་། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བདག་རྒྱུད་ལ། །མྱུར་དུ་སྨིན་པར་བྱིན་ག…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      སྐུ་གསུམ་འབྲས་བུ་ཐོབ་པར་བྱིན་གྱིས་རློབས། །ཅེས་པའང་རོང་མོ་སྤྲུལ་སྐུའི་བཞེད་ལྟར་དགོངས་གཏེར་སྤྱི་ཡི་གསོལ་འདེབས་སུ་སི་ཏུས་སྤེལ།། ༈ །།དཔལ་ལྡན་རྒྱལ་དབང་གཉིས་པ་ཀརྨ་ཀའི། །ཕྲིན་ལས་དབང་སྒྱུར་ཏཱ་ཡི་སི་ཏུ་ཞེས། །རིམ་པར་བྱོན་པ་རྣམས་ལ་གསོལ་བ་འདེབས། །མི་ཕམ་མགོན་པོ་ཌོམྦྷི་འབངས་སྟོབས་ཆེན། །དཱ་རི་ཀ་པ་གྱིམ་ཤང་མར་པའི་ཞབས…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      ལྡན་ཞེས། །གང་འདིར་མངོན་ཤར་པདྨ་ཉིན་བྱེད་དབང་། །སྐྱབས་གནས་རྒྱ་མཚོའི་ངོ་བོར་དམིགས་བྱས་ནས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གནས་སྐབས་ཚེ་དཔལ་རབ་རྒྱས་བསམ་པའི་དོན། །ལྷུན་གྲུབ་སྒོ་གསུམ་བྱ་བཞག་མཆིས་སོ་ཅོག །ཆོས་མཐུན་མཐར་ཐུག་བླ་མེད་རྫོགས་བྱང་གི། །གོ་འཕང་དམ་པར་འབྲེལ་བཅས་སངས་རྒྱས་ཤོག །ཅེས་དད་གསུམ་མི་ཕྱ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      བདེ་བ་ཅན་ཞིང་ཡོན་ཏན་བདག་རྒྱུད་ལ། །ཡོངས་རྫོགས་རྒྱལ་སྲས་དབང་བསྐུར་ལུང་བསྟན་ཐོབ། །འགྲོ་སྒྲོལ་ཕྱིར་མི་ལྡོག་པའི་གོ་འཕང་ལ། །འགོད་པའི་བྱིན་རླབས་བདུད་རྩིས་སྨིན་གྱུར་ཅིག །ཅེས་པའང་དད་གསུམ་ལྡན་པ་དགེ་སློང་ཀརྨ་བསྟན་འཛིན་ནས་མཎྜལ་རྟེན་དང་བཅས་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་གཉན་ཆེན་ཐང་ལྷས་སྐྱོང་བའི་གངས་རི…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ན། །ཚེ་འོད་སྣང་མཐའ་ཡས་ལ་གསོལ་བ་འདེབས། །གནས་རྡོ་རྗེ་གདན་བྱང་ཆུབ་ཤིང་དབང་དྲུང་། །སྟོན་མཆོག་ཤཱཀྱའི་རྒྱལ་པོ་ལ་གསོལ་བ་འདེབས། །གནས་རི་བོ་ཏ་ལའི་ཕོ་བྲང་ན། །འཕགས་པ་སྤྱན་རས་གཟིགས་དབང་ལ་གསོལ་བ་འདེབས། །གནས་གྲུ་འཛིན་ཨུཏྤལ་ལྡིང་ཁང་ན། །ཡུམ་ཡིད་བཞིན་འཁོར་ལོ་ལ་གསོལ་བ་འདེབས། །གནས་རྒྱ་གར་ཝཱ་ར…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      མེད་རྒྱལ་ཁམས་དབེན་ས་ན། །འཆི་མེད་ཐང་སྟོང་རྒྱལ་པོ་ལ་གསོལ་བ་འདེབས། །གནས་སྐྱིད་ཕུག་བདེ་ལྡན་རི་ཁྲོད་ན། །རྗེ་ཏཱ་ར་ནཱ་ལ་གསོལ་བ་འདེབས། །གནས་པང་རི་བཀྲ་ཤིས་འོད་འབར་ན། །རིག་འཛིན་ཧཱུྃ་ནག་མེ་འབར་ལ་གསོལ་བ་འདེབས། །གནས་དཔལ་རི་རྩེ་ཡི་དབེན་གནས་ན། །རྗེ་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །གནས་བྱང་གླིང་དབང་དྲག་དགའ་ཚལ་ན། །འཛམ་ག…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      ཚོགས་ཁང་ན། །ཚེ་དབང་འཆི་མེད་དཔལ་དར་ལ་གསོལ་བ་འདེབས། །གནས་གཅིག་ཆར་དཔལ་གྱི་གཙུག་ལག་ན། །མི་ཕམ་ཆོས་ཀྱི་སྣང་བ་ལ་གསོལ་བ་འདེབས། །གནས་ཡིད་དགའ་ཆོས་འཛིན་ཕོ་བྲང་ན། །པདྨ་ཉིན་བྱེད་དབང་པོ་ལ་གསོལ་བ་འདེབས། །གནས་སྣང་སྲིད་དག་པ་རབ་འབྱམས་ཞིང་། །མགོན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །མཆོག་ཐུན་གྱི་དངོས་གྲུབ་ཆར་ལྟར་འབེབས། །ལྷ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      གྱུར་ཐུགས་རྗེ་ཆེན་པོའི་རང་གཟུགས་ལས། །སངས་རྒྱས་པད་སྐྱེས་སྒྱུ་དྲྭའི་རྣམ་པར་རོལ། །པཎ་ཆེན་ནཱ་རོ་ཏ་པའི་ཞབས་ལ་འདུད། །སྲིད་འགྲོ་ཉོན་མོངས་འཁོར་མཚོར་བྱིང་བ་རྣམས། །འདྲེན་པའི་དེད་དཔོན་གང་འདུལ་དེར་སྣང་ངོར། །ཅིར་ཡང་སྟོན་པའི་སྐྱེས་རབས་ཕྲེང་འཛིན་པ། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །གསོལ་བཏབ་ཙམ་གྱིས་གྲུབ་ག…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      ཕྱག་ན་པདྨ་ཅན། །གངས་ལྗོངས་གདུལ་བྱའི་མགོན་དུ་ཉིན་བྱེད་བཞིན། །འཇིག་རྟེན་མུན་སེལ་ཀརྨ་ཀ་དེར་འདུད། །གང་གི་རང་བཞིན་ཀུན་ཁྱབ་འོད་སྣང་ལས། །འགྲོ་རྒྱུད་མ་རིག་དྲྭ་བ་གཞོམ་སླད་དུ། །སྨིན་གྲོལ་ཆོས་ཀྱི་གདམས་ཟབ་སྤེལ་བའི་ཕྱིར། །ཤིང་རྟ་འདྲེན་པའི་གཞན་ཕན་ཕྲིན་ལས་ཀྱིས། །དྭགས་བརྒྱུད་བསྟན་པའི་དགའ་ཚལ་རྒྱས་པའི་གཉེན། །འབྲེལ་ཚད་…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      པོའི་གཟི་བྱིན་གྱིས། །འཁོར་བའི་དུ་ཁཿགཞོམ་དེར་གསོལ་བ་འདེབས། །དཔལ་ལྡན་ཐུབ་མཆོག་ཀརྨ་བཀའ་བརྒྱུད་ཀྱི། །ངེས་དོན་བསྟན་པ་གོང་ནས་འཕེལ་བའི་ཕྱིར། །ཆོས་སྤྱོད་བཅུ་དང་འཁོར་ལོ་རྣམ་གཉིས་སོགས། །ཕྲིན་ལས་ཁྱབ་པར་བརྡལ་ལ་གསོལ་བ་འདེབས། །སྲིད་འདིར་གང་ཁྱོད་མི་ཤིགས་དྭངས་མའི་སྐུར། །རྡོ་རྗེ་ཆོས་བདུན་ངོ་བོར་རྟག་བརྟན་ནས། །སྨིན་གྲ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      འཕང་མྱུར་ཐོབ་ཤོག །བླའོ་དགོན་བླ་མཆན་སྨོན་ལམ་རྒྱ་མཚོའི་ངོར་སྤེལ་བ་དགེ། །།༈ གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་མཆོག །དབྱེར་མེད་དཔལ་ལྡན་བླ་མ་རྡོ་རྗེ་ཅན། །མི་མཆོག་དུས་གསུམ་མཁྱེན་ནས་སྐྱེས་རབས་ཕྲེང་། །བཅུ་གསུམ་བདུད་ལས་རྣམ་པར་རྒྱལ་བའི་ཞབས། །དེང་བཟུང་བྱང་ཆུབ་བར་དུ་སྐྱབས་གསོལ་འདེབས། །བླ་མ་རང་སེམས་དབྱེར་མེད་ཆོས་ཀྱི་སྐུ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      མེད་མགོན་སྒྲོལ་དཀར་ལྗང་དམར་སེར། །རྒྱལ་བ་རྒྱ་མཚོ་གསང་ཡེ་རྣལ་འབྱོར་མ། །འོད་ཟེར་ཅན་དང་གྲྭ་ལྔའི་ལྷ་མོ་སོགས། །ཡི་དམ་རྒྱུད་བཞིར་གསོལ་འདེབས་གྲུབ་གཉིས་སྩོལ། །རྡོ་རྗེ་བེར་ཅན་ཕྱག་བཞི་མ་ནིང་ནག །དཔལ་ལྡན་ལྷ་མོ་རྣམ་སྲས་རྡོ་རྗེ་ལེགས། །ཞིང་སྐྱོང་ཏྲཀྴད་ཡེ་ཤེས་ལས་འཇིག་རྟེན། །ཆོས་སྐྱོང་རྣམས་ལ་གསོལ་འདེབས་བར་ཆད་སོལ། །གས…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      གཏེར་ལུང་ཟིན་དཔའ་བོ་རྗེ། །སྤྱི་གཙུག་རྒྱན་དུ་བཞུགས་ལ་གསོལ་བ་འདེབས། །ཆོས་སྐུའི་རང་ཞལ་མངོན་གྱུར་བྱིན་གྱིས་རློབས། །ཅེས་དྲུང་རམ་གྲྭ་པ་ཞིག་ངོར་སྤེལ།། ༈ །།སངས་རྒྱས་ཀུན་གྱི་ཐུགས་རྗེའི་གཏེར་ཆེན་པོ། །འོད་སྣང་མཐའ་ཡས་རྣམ་རོལ་པདྨ་འབྱུང་། །སྒྱུ་འཕྲུལ་གར་སྟོན་དཔལ་ལྡན་ཀརྨ་ཀ། བདུད་འདུལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཚ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      རྗེ་དབོན་བསྟན་པ་རབ་རྒྱས་བཞེད་ངོར་སྤེལ་བ་དགེའོ།། ༈ །།རྣམ་དག་སྤྲོས་བྲལ་ཆོས་སྐུ་ཀུན་ཏུ་བཟང་། །བདེ་ཆེན་འོད་སྣང་མཐའ་ཡས་རྣམ་པར་རོལ། །སྣ་ཚོགས་གར་སྟོན་སྤྲུལ་སྐུ་པདྨ་འབྱུང་། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་དེང་འདིར་བསྩལ་དུ་གསོལ། །དུས་གསུམ་རྒྱ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      གསེར་གྱི་ཕྲེང་བ་རིམ་བྱོན་དང་། །ཡི་དམ་ཆོས་སྐྱོང་བཅས་ལ་གསོལ་བཏབ་མཐུས། །འཕྲལ་ཡུན་ཀུན་ཏུ་ལེགས་པའི་ཡོན་ཏན་ཚོགས། །འབད་མེད་ལྷུན་གྲུབ་མཐར་ཕྱིན་གོ་འཕང་མཆོག །རིང་མིན་ཉིད་དུ་ཐོབ་པར་བྱིན་གྱིས་རློབས། །ཀར་ལྷུན་ངོར་སྤེལ།། ༈ །།སངས་རྒྱས་ཀུན་གྱི་ཕྲིན་ལས་ཡོངས་རྫོགས་པ། །ཀརྨ་ཀ་ཞེས་ས་གསུམ་འགྲན་ཟླ་བྲལ། །དྲན་པ་ཙམ་གྱིས་ཐར་པ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      མཐོང་ཤོག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་གནས་མདོ་བླ་རྒན་སྤྲུལ་སྐུ་བསྟན་པ་རབ་རྒྱས་བཞེད་ངོར་སྤེལ།། ༈ །།སྣང་སྲིད་དབང་བསྒྱུར་པདྨ་འབྱུང་གནས་དང་། །དབྱེར་མེ་གྲུབ་ཐོབ་ཀརྨ་པཀྴི་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། །རང་སེམས་ཀ་ནས་དག་པའི་ངོ་བོའི་ཀློང་། །གཉིས་འཛིན་འཁ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། > གསོལ་འདེབས་དངོས་གྲུབ་ཡོངས་འདུ།
      དཔའ་བོ་དང་ཏྲེ་ཧོ་སྤྲུལ་པའི་སྐུ། །བཀའ་གཏེར་གྱི་བསྟན་པའི་རྒྱལ་མཚན་འཛིན། །མཁས་གྲུབ་མཆོག་ཀརྨ་ཆགས་མེད་ཞབས། །བདག་འདི་བཟུང་སྙིང་པོ་བྱང་ཆུབ་བར། །འབྲལ་མེད་དུ་ཞབས་པད་བསྙེན་ལགས་ན། །གནས་སྐབས་ཀྱི་བསམ་སྤྱོད་བསྟན་འགྲོའི་དོན། །ཆོས་བཞིན་དུ་གེགས་མེད་ལྷུན་གྲུབ་ཅིང་། །མཐར་ཐུག་ཏུ་ུསྐུ་བཞིའི་གོ་འཕང་ཉིད། །བདེ་བླག་ཏུ་ཐོབ་པ…