Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2594 results — page 39 of 130
      SPN001 · སི་ཏུ་པདྨ་ཉིན་བྱེད།
      དཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད།
      བོར་ཧྃ་ཡིག་ཞུ་ནས་རྩ་འཁོར་ལོ་བཞི་ལ་བརྒྱུད། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་བའི་མོས་པ་མཛོད། དེ་ལྟར་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་སེམས་ཀྱི་སྒྲིབ་པ་དག་ནས་ལམ་དགའ་བཞིའི་ཡེ་ཤེས་འོད་གསལ་བདེ་སྟོང་དབྱེར་མེད་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      དཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད།
      གི་སེམས་ཉིད་གཞི་མེད་རྩ་བྲལ་སྤྲོས་པའི་མཐའ་དང་བྲལ་བའོ། །སྣ་ཚོགས་སུ་སྣང་ཡང་སྣང་སེམས་གཉིས་མེད་ཆོས་ཀྱི་སྐུ་ངོས་བཟུང་མེད་པར་ངོ་ཤེས་པར་གྱིས་ཤིག །ཞེས་ཅུང་ཟད་མཉམ་པར་འཇོག་བཅུག །དེ་ལྟར་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལ་བརྟེན་ནས་ལུས་ངག་ཡིད་གསུམ་ལ་བཞི་པའི་དབང་བསྐུར་བས་སྒོ་གསུམ་གྱི་སྒྲིབ་པ་མཐའ་དག་དག །ལམ་འོད་…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      དཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད།
      རྡོ་རྗེ་སློབ་དཔོན་གྱི་དབང་དང་རྗེས་གནང་བསྩལ་དུ་གསོལ། ཞེས་ལན་གསུམ། དེ་ཡང་སློབ་དཔོན་གྱི་དབང་ལ། དབང་བཞི་ལེགས་པར་བསྐུར་ཏེ་རྒྱུད་བཞི་སྨིན་པ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་དཔལ། སྒོ་གསུམ་མི་ཤིགས་པའི་བྱང་སེམས་མཆོག་གི་བྱིན་བརླབས་ཏེ་ནུས་པ་མཆོག་ཏུ་རྒྱས་པ། བླ་མེད་ཀྱི་དབང་བསྐུར་རྒྱུད་བཤད་པ། དེ་དང་འབྲེལ་བའི་ལ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      དཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད།
      ཧཱ། ཞེས་བརྗོད། དེ་ནས་དམ་ཚིག་གསུམ་སྦྱིན་པ་ནི། རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཐབས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཏུ་ཟུངས་ཤིག །དྲིལ་བུ་གཡོན་དུ་སྦྱིན་ལ། ཨཱཿལས་བྱུང་བའི་དྲིལ་བུ་ཤེས་རབ་དེ་ཁོ་ན་ཉིད་ཀྱི་དྲིལ་བུ་གསུང་གི་དམ་ཚིག་ཏུ་ཟུངས་ཤིག །འཁྱུད་པའི་ཚུལ་བྱེད་དུ་བཅུག་ལ། འཁྱུད་པས་ཡ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      དཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད།
      བའི་རྗེས་སུ་གནང་བ་ནི། རྡོ་རྗེ་བཙུན་མོས་གསང་སྔགས་འདིའི་རྗེས་ཟློས་མཛོད། ཕྲེང་བ་གཏད་ལ། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། སིནྡྷུ་ར་མགྲིན་པར་བྱུགས་ལ། བཟླས་པའི་རིམ་པ་རྣམས་དང་མ་བྲལ་བར་གྱིས་ཤིག །དེ་ནི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བའོ། །ཞེས་དང་། དེ་ནས་དམ་ཚིག་དང་། མཆོད་པ་དང་། བརྟུལ་ཞ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      དཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད།
      ང་མི་བྱ་ཚད་གཟུང་མེད། །རིག་པ་ངར་དང་བཅས་པ་ཡིས། །མི་ཕོད་བརྫི་ཞིང་ཞེན་པ་བཟློག །འཁྲི་བ་བཙན་ཐབས་དག་ཏུ་བཅད། །བརྟུལ་ཞུགས་ཐུག་ཕྲད་ལམ་དུ་ཁྱེར། །གཅེར་བུ་སྟག་གི་ཤམ་ཐབས་བྱ། །ཕྱག་རྒྱ་ལྔས་བརྒྱན་ཅང་ཏེའུ་དང་། །དྲིལ་བུ་སིལ་སིལ་ཚངས་སྐུད་དང་། །ཐོད་པ་དང་ནི་ཁ་ཊྭཱཾ་ཐོགས། །དུར་ཁྲོད་ཀུན་ཏུ་རྒྱུ་བྱ་སྟེ། །རིག་པ་བརྟུལ་ཞུགས་སྤྱ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      ན་མོ་སརྦ་བི་ད་ཡེ། བཅོམ་ལྡན་འདས་ཐམས་ཅད་རིག་པའི་སྒོ་ནས་སློབ་མ་རྗེས་སུ་བཟུང་བའི་རིམ་པ་ལ། བདག་བསྐྱེད། བུམ་བསྐྱེད། མདུན་བསྐྱེད། བདག་འཇུག་བཅས་གྲུབ་ནས་དབང་བསྐུར་བ་ལ། ཐོག་མར་ཁྲུས་དང་མཎྜལ་བཀྱེ་བསྡུ་ཟིན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ།…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      ལྡན་པ་དེས་གདུལ་བྱ་སོ་སོའི་བློ་དང་ཁམས་དང་བག་ལ་ཉལ་རྣམས་སོ་སོར་མཁྱེན་ནས་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་ཞིག་གསུངས་པ་རྣམས་ནི། རྒྱུ་ཕར་ཕྱིན་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་འདུས་ཤིང་། རྡོ་རྗེ་ཐེག་པ་དེ་ལ་ཡང་། གཙོ་ཆེ་བའི་དབང་དུ་བྱས་ན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། དམན་པ་རྣམས་ནི་བྱ་བའི་…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      དང་། འཕྲོས་པའི་རྒྱུད་བཞི་ལས་འཕྲོས་པའི་རྒྱུད་ཡིན། ལྷ་འདིའི་ངོ་བོ་ནི་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་འཐུག་པོ་བཀོད་དུ་བཞུགས་པའི་རྣམ་སྣང་གང་ཆེན་མཚོ་དེ་ཉིད་ཡིན་ལ། དེའང་རྒྱུད་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་འདས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་གསུངས་ལ། བསྟན་པ་འདི་ལ་བཅོམ་ལྡན་འདས་ཤཱཀྱ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      ལ་སོགས་པ་རྣམས་རྗེས་སུ་ཡི་རངས་ཏེ་མཆོད་པ་དང་། མཚན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་བསྟོད་ཅིང་ལྷའི་བུ་དེ་ངན་སོང་ནས་ཐར་ཏེ་བྱང་ཆུབ་ཆེན་པོའི་གོ་འཕང་ལ་བཀོད་པར་མཛད་དོ། །དེ་ལྟ་བུའི་རྒྱུད་འདི་ལྷ་ཡུལ་དུ་བཞུགས་པ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་འདས་པ་ན། རྒྱ་གར་ཤར་ལྷོའི་ཕྱོགས་གྲོང་ཁྱེར་པ་ཏི་ཀཱིརྟི་བྱ་བར་རྒྱལ་པོ་རབ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      པ་སོགས་བསྒྱུར། ཕྱི་དར་གྱི་དུས་ལོ་ཆེན་རིན་ཆེན་བཟང་པོའི་སྐུ་ཚེའི་སྟོད་ལ་པཎ་ཆེན་དྷརྨཱ་པ་ལར་ཞུས་ནས་ཡོ་ག་སྟོད་ལུགས་སུ་གྲགས་པ་དང་། སྐུ་ཚེའི་སྨད་ལ་ཀུན་སྙིང་གི་ལུགས་སུ་མཛད་པས་ཡོ་ག་སྨད་ལུགས་སུ་གྲགས་པ་བྱུང་ཞིང་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ནས་སྐུ་ལུས་མ་བཞག་པར་མཁའ་སྤྱོད་དུ་བྱོན། དེ་ནས་སྙེ་མདོ་བ་…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      དུ་རྣམ་པར་ཐར། །སྡིག་ལས་བདག་ཉིད་རྣམ་གྲོལ་ཏེ། །དག་པར་འགྱུར་བའི་ལྷ་རྣམས་ཀྱིས། །རིགས་སུ་སྐྱེ་བར་གྱུར་ནས་ཀྱང་། །དེ་ནི་རྟག་ཏུ་སངས་རྒྱས་དང་། །ཆོས་འགྲོ་བ་ནི་ཐོབ་པར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་ཕན་ཡོན་དང་བྱིན་རླབས་མཆོག་དང་ལྡན་པའི་དབང་བསྐུར་ཞུ་བར…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      བསྐོར་བ་སྤྲིན་གྱི་ཕུང་པོ་ལྟར་བཞུགས་པའི་དྲུང་དུ་ཁྱེད་རང་རྣམས་ཀྱི་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བཤགས། རྒྱལ་བ་སྲས་དང་བཅས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་འགྲོ་བའི་དོན་མཛད་པ་ལ་རྗེས་སུ་ཡི་རང་། དུས་འདི་ནས་བཟུང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ས…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      གྲོས་རྣམ་དག་ཐུགས་རྗེ་ལྡན་པ་ཡི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིད། །སེམས་ཅན་རྣམས་ནི་ཡོངས་སུ་ས…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      ཚུལ་བཞིན་དུ་བསྲུང་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། ཁྱོད་རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      མཚམས་མཛོད་སྤུ་ཕྲག་པ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་གཉིས་དང་མིག་གཉིས་དང་། །གསང་བའི་གནས་རྣམས་སུ་ཟླ་བ་རྡོ་རྗེ་རེ་རེས་བྱིན་གྱིས་བརླབ་པར་སྒོམས་ཤིག །ༀ་སརྦ་བིད་བཛྲ་ཨ་དྷིཥྛཱ་ན་ཛྙཱ་ན་ས་མ་ཡ་ཧཱུྃ། ཞེས་རྡོ་རྗེའི་ཕྱག་རྒྱ་བསྟན། སྔགས་ཉེར་གཉིས་སམ་གསུམ། དེ་ནས་དགེ་བའི་རྩ་བ་བྱང་ཆུ…
      SPN001 · སི་ཏུ་པདྨ་ཉིན་བྱེད།
      ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
      གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ད་ལྟ་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ…