Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      82 results — page 3 of 5
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      ཉན་ཐོས་རང་རྒྱལ་འཕགས་ཚོགས་མ་ལུས་པའི། །རྟེན་དང་མགོན་སྐྱབས་བླ་མ་ཁྱེད་གཅིག་པུ། །དྲག་པོ་འཇུག་སེལ་དབྱིག་གི་སྙིང་པོ་སོགས། དྲེགས་ལྡན་ཀུན་གྱིས་མཆོད་བསྟོད་བཀུར་སྟིའི་ཡུལ། །རྒྱལ་བ་ཁྱེད་ལས་གཞན་དུ་མ་མཆིས་ཏེ། །འགྲོ་བ་དྲུག་ཏུ་འཁོར་བའི་སྐྱེ་འགྲོའི་ཚོགས། །ཀུན་གྱི་སྐྱོབ་པ་གཅིག་པོའང་རྒྱལ་བ་ཁྱོད། །སྲིད་ཞིར་གཏོགས་པའི་སྐ…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      ཅིང༌། །གཏེར་གྱི་བུམ་པ་འདྲ་བའི་རྟགས་མཚན་དང༌། །མདུན་ནས་བལྟས་ན་གཡས་སུ་འཁྱིལ་བའི་དུང༌། །རྒྱབ་བལྟས་བང་རིམ་དང་བཅས་མཆོད་རྟེན་དབྱིབས། །རིན་ཆེན་རྡུལ་བརྩེགས་མཁའ་ལ་རྙོག་པ་འདྲ། །དེ་དང་ཉེ་བའི་ངོས་ལ་དགེ་མཚན་ནི། །དཔལ་གྱི་བེའུ་ལ་སོགས་བཀྲ་ཤིས་ཀྱི། །རྟགས་བརྒྱད་པོ་རྣམས་ཡོངས་སུ་ཚང་བར་ཡོད། །ས་གཞི་ཤར་དང་དབང་ལྡན་ཕྱོགས་སུ་…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      ནུབ་བྱང་ཁྱིམ་བདག་རིན་ཆེན་གོ་མཚོན་བཅས། །སྙིང་སྟོབས་སྲ་ཞིང་བརྟན་པ་དཔའ་བོའི་ཚུལ། །བྱང་ཕྱོགས་ཤེས་རབ་མཚན་ལྡན་ནགས་ཀྱི་རི། །བཙུན་མོ་དམ་པའི་རྣམ་པ་མཆོག་ཏུ་གསལ། །དབང་ལྡན་མཚམས་ན་གླང་ཆེན་ལུས་རྒྱས་པ། །འགྱིང་ཞིང་གུས་པས་ཚུར་ལ་འོང་བའི་ཚུལ། །མཁའ་ལ་འཁོར་ལོ་བཅུ་དྲུག་རྩིབས་ལྡན་དང༌། །ས་གཞི་ལ་ཡང་པདྨ་རྒྱས་པའི་ཚུལ། །གཡས་ཀྱ…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      རྣམ་གཡེངས་སངས་ཤིང་ཞི་གནས་བརྟན་པའི་གནས། །ལོག་ལྟ་མི་འབྱུང་ལྷག་མཐོང་ངང་གིས་སྐྱེ། །གནས་མཆོག་འདི་དང་མཚུངས་པ་གཞན་ཡོད་མིན། །ཕྱོགས་འཛིན་ཅན་གྱི་བསྔགས་པ་བརྗོད་པ་དང༌། །ཐེ་རང་འགོང་པོས་གྲགས་པ་བསྒྲགས་པ་དང༌། །དབང་སྡུད་ནོར་སྒྲུབ་ལ་སོགས་རྟེན་འབྲེལ་གྱིས། །འདུ་འཚོག་བྱུང་ཞིང་གྲགས་པ་ཙམ་ཞིག་ལ། །རྨོངས་པའི་འགྲོ་རྣམས་ཆུ་ལྟར…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      ནས་འཛམ་གླིང་ཡངས་པའི་རྒྱལ་ཁམས་འདིར། སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་བྱོན་མོད་ཀྱང༌། རྒྱ་བོད་ལ་སོགས་པ་འཛམ་གླིང་ལྷོ་ཕྱོགས་ཀྱི་དུམ་བུ་འདིར། ངེས་པའི་དོན་གྱི་གནད་མ་ལུས་ཤིང་ལུས་པ་མེད་པ་ཕྱིན་ཅི་མ་ལོག་ཅིང་མ་འཁྲུལ་བ་རྒྱ་ཆེར་གསུངས་པས། སྐལ་ལྡན་གྱི་སྐྱེ་བོ་གཞལ་དུ་མེད་པ་ཚིམ་པར་མཛད་པ་ནི། རྒྱལ་བ་ཉིད་ཀྱིས་རྔ་བོ་ཆེའི་…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      རབ་རྒྱལ་མཚན་ཅེས་བྱ་བར་གྱུར་པ་དེ་ཉིད། སྔར་ཡང་ཤིན་ཏུ་ཕྱི་མར་གྱུར་པའི་དུས་དེར་བྱུང་ནས། ངའི་བསྟན་པ་གསལ་བར་བྱེད་དོ་ཞེས་འབྱུང་བའི་གནས་གང་དུ་བསྟན་པ་གསལ་བར་འགྱུར་བའི་ཆོས་གཞི་གཙུག་ལག་ཁང་གི་གཙོ་བོ་ནི། རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་ཞེས་བྱ་བ་འདི་ཉིད་ཡིན་ཏེ། དོན་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐ…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      སྟེ། །རིམ་གྱིས་སྣང་བ་ཉམས་པར་འགྱུར། །འདི་ལྟར་དེ་ནི་ལྷོ་ཕྱོགས་སུ། །འབྱུང་པའི་ཐ་མ་གཅིག་ཡིན་ནོ། །དམ་པའི་ཆོས་དེ་ནུབ་པའི་དུས་སུ་སླར་ཡང་ཆོས་སྨྲ་བ་དེ་འབྱུང་པར་འགྱུར་རོ། །ཞེས་གསུངས་ཏེ། འདིར་ལྷོ་ཕྱོགས་སུ་འབྱུང་བ་ཞེས་བཤད་པ་ནི། འཛམ་བུ་གླིང་གི་ཕྱེད་ལྷོ་མ་ཆུ་བོ་སི་ཏིའི་ལྷོ་ཕྱོགས་སུ་འབྱོན་པའི་དོན་ཡིན་ལ། དེ་ཡང་ཤིན་…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      སྲོག་ཆགས་ཆེས་དཀོན་ཞིང༌། གཙུག་ལག་ཁང་བཞེངས་པའི་ས་རྡོའི་བྱ་བ་བྱེད་པ་ཀུན་ལ་ཡང༌། སྲོག་ཆགས་ཀྱི་རིགས་གཏན་ནས་མེད་པར་སོང༌། གནས་གཞི་དགོན་སྡེ་ཆེན་པོ་འདི་ཉིད་བཞེངས་པའི་དུས་སྐབས་ཐམས་ཅད་དུ། ལས་བྱེད་ཀྱི་སྐྱེ་བོ་ཐམས་ཅད་ཀྱང༌། གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར། རབ་ཏུ་དགའ་ཞིང་སྤྲོ་བས་ལས་ལ་ངང་གི་འཇུག་པ་དང༌། མཚན་མོའི་ཆ་ལ་སྐྱ…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      གྱིས་ག་ལ་ཁྱབ། གཙུག་ལག་ཁང་གི་ཞལ་ས་རྣམས་ནམ་དགོས་དགོས་སུ་གཏེར་ནས་ཐོན་པ་ལྟ་བུ་ས་རྡོ་ཤིང་སོགས་དཀོན་པ་ལྟར་སྣང་བ་ཐམས་ཅད་ཀྱང་འབད་མེད་ལྷུན་གྲུབ་ཏུ་བྱུང༌། སྔར་གྱི་དེ་ཁའི་འཕྲོས་ལ། ཧོར་ཟླ་དྲུག་པ་ཆུ་སྟོད་ཀྱི་ཚེས་བཅུ་བཞིའི་ཉིན་པར། སྔ་དྲོའི་ཚ་བ་ཐོན་པ་ནས། ཉི་མ་ཕྱེད་ཡུན་ལ་གཙུག་ལག་ཁང་ཆེན་མོའི་ཀ་བ་སུམ་ཅུ་སོ་དྲུག་པོ། མ…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      མང་བ་དང་བཅས་ཏེ་བཞུགས་པ་ཡིན་པ་ལས། དབུས་ཀྱི་གཙུག་ལག་ཁང་ཆེན་པོ་འདི་ཉིད་རང་ལ་ཡང༌། ནང་ཚན་དུ་ལྷ་ཁང་ཇི་སྙེད་ཅིག་མཆིས་པ་ལས། དྲི་གཙང་ཁང་ཕྱུར་བུ། གཙུག་ལག་ཁང་ཐམས་ཅད་ཀྱི་གཙོ་བོ་འདི་ཉིད་ཀྱི་དབང་དུ་བྱས་ན། སོ་སོ་ཐར་པའི་མདོ་ལས། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང༌། །ཤཱཀྱ་ཐ…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      ན་སངས་རྒྱས་བདུན་པོ་དེ་དག །སྔོན་ཐུགས་བསྐྱེད་པའི་གནས་སྐབས་ནས་བཟུང༌། འགྲོ་བའི་དོན་ལ་མཆོག་ཏུ་དཔའ་པའི་ཕྱིར། སངས་རྒྱས་དཔའ་བོ་བདུན་ཞེས་གྲགས། དེ་ཡང་སྤྱིར་དེ་དང་འདྲ་བའི་དེ་བཞིན་གཤེགས་པ་མཐའ་ཡས་པ་བྱོན་མོད་ཀྱི། བདུན་གྱི་གྲངས་སུ་བཅད་པ་ནི། ས་ཕྱོགས་འཇིག་རྟེན་ཁམས་འདིའི་དབང་དུ་བྱས། དུས་ཀྱང་སངས་རྒྱས་གཞན་གྱིས་བར་མ་ཆོད…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      ཐུག་མཐོང་ཐོས་དྲན་རེག་ཐམས་ཅད་ཐར་བ་མཆོག་གི་ས་བོན་ཐེབས་པར་འགྱུར་པ་ལ་གཞན་པས་ཀྱང་ལྷག་པར་སྟོབས་ཆེ་བ་ཡིན་བར་སྣང་བས་དེ་ལ་དགོངས་པ་ཡིན་པ་འདུག །དེ་ཡང་གཙུག་ལག་ཁང་ཆེན་པོ་འདི་ཉིད་ཀྱི་རྟེན་གཙོ་ཐུབ་པའི་དབང་པོ་འདི་ལ་སྐུ་རྒྱབ་མཐོ་ཉི་ཤུ་རྩ་གསུམ། དེའི་གཡས་ཕྱོགས་སུ་བཞུགས་པ་བཅོམ་ལྡན་འདས་རྣམ་གཟིགས། སྐུའི་གཡོན་གྱི་ཕྱོགས་སུ…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      ཆེན་པོ་སྤེལ་བའི་སླད་དུ་གནང་བར་གདའ། ནང་བཞུགས་ཀྱི་དབང་དུ་བྱས་ན། གཙོ་བོའི་དབུ་གཙུག་ན་དེ་བཞིན་གཤེགས་པའི་རིང་སྲེལ་འཁྲུལ་མེད་འཕགས་པའི་ཡུལ་ནས་གསར་དུ་བྱོན་པ། རིན་པོ་ཆེ་དྭངས་མའི་ཁ་དོག་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པ་ཅིག་དང༌། བོད་ཡུལ་གྱི་འཕེལ་གདུང་རྣམ་བཞིར་གྲགས་པ་སོགས། དེ་བཞིན་གཤེགས་པའི་འཕེལ་གདུང་ཡིད་ཆེས་ཅན་ཤི…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      མཆོག་ལཱུ་ཧི་པ་དང༌། གཤིན་རྗེ་གཤེད་ནག་པོ་དང༌། རྡོ་རྗེ་འཇིག་བྱེད་དང༌། མི་གཡོ་བླ་མེད་དང༌། ཕྱག་ན་རྡོ་རྗེ་གཏུམ་པོ་དང༌། ཕག་མོ་ལྷ་སོ་བདུན་མ་དང༌། བདག་མེད་ལྷ་མོ་བཅོ་ལྔ་དང༌། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རྣམས་ཞལ་ཕྱེ་ནས་རབ་གནས་ཚར་རེ་རེ་མཛད་པར་གདའ། ས་མོ་ལུག་ལོའི་ཆུའི་ཟླ་བའི་ཡར་ངོའི་ནང་དུ་ཡང༌། སངས་རྒྱས་ཐོད་པ་ད…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      དང་པོའི་ཡེ་ཤེས་སྤྱན་འདྲེན་ཉིད་ཀྱི་སྐབས་ཕེབས་པ་དང༌། རབ་གནས་གསུམ་པའི་སྐབས་སུ། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཁྲ་འབྲུག་བཞེངས་དུས། ཟོ་ཐང་ནས་སྤྱན་དྲངས་པའི་དང་པོར་སྐུའི་རྣམ་པ་རགས་རིམ་རང་བྱོན་ལ། བལ་པོའི་བཟོ་བོས་ཅུང་ཟད་ཙམ་སྒྲོས་གཙང་བར་བྱས་པའི་ཐུབ་པའི་སྐུ་བརྙན་བླ་མ་སྨན་ཆུ་ཁ་པས་སྤྱན་དྲངས་ཏེ། ཤར་ཕྱོགས་ནས་བྱོན་པ་སོག…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      ཆེ་ན་བཞུགས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། ཕྱོགས་ལས་རྣམ་རྒྱལ་འདི་གསུམ་ཞལ་བཞིན་སོགས་བཟོ་བཀོད་དབྱིབས་ཁྱད་པར་མེད་པ་ལྟ་བུར་བཞུགས། འདི་ཡང་དང་པོར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་མཛད་ཅིང་ཕོ་བྲང་དུ་བཞུགས་པ་ཡིན། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། བསམ་ཡས་ཀྱི་ཕྱོགས་སུ་ཕེབས། བད་རྔམ་པ…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      འདི་ལྟ་བུ་ཚར་གསུམ་ལས་ལྷག་པ་མ་བྱོན་པར་གྲགས་ཤིང༌། གཞན་གཉིས་པོ་དུས་ཕྱིས་ཁ་ཐིག་ཚང་བ་མེད་པར་འདུག འདི་ཡོངས་རྫོགས་མ་ཚང་བ་མེད་པ། གླེགས་ཤིང་ཚུན་ཆོད་རྒྱ་ཡུལ་ཉིད་དུ་བཅོས་པའི་ཚད་ཁང་གི་རི་མོ་ཅན་ཆ་ལག་ཐམས་ཅད་ཁ་ཐིག་ཚང་བར་བཞུགས། དེ་རྗེས་ལོགས་བྲིས་ཀྱི་ལྷ་རྣམས་དང༌། རྒྱབ་ཡོལ་ལ་བཞུགས་པའི་ལྷ་རྣམས་འདི་དང་འདི་ལྟ་བུའོ་ཞེས་ང…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      ཞུའི་ངོས་ལ། བྱང་ཆུབ་སེམས་དཔའི་འཁྲུངས་རབས་སོ་བཞི་སློབ་དཔོན་དཔའ་བོས་མཛད་པའི་གཞུང་དང་མཐུན་པར་བཀོད། ཡང་མདོ་བཀོད་ཀྱི་བར་བར་ན་བཞུགས་པ་འདི་རྣམས། འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་དང༌། དཔལ་ལྡན་ཤམ་བྷ་ལར་བྱོན་པའི་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་སྐུ་བརྙན་ཡིན་ལགས། དེ་ནས་ཞིང་ཁམས་བཞི་བཅུ་པོ་རེ་རེ་བཞིན་དུ་ངོ་སྤྲད། སེང་…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      འདི་ན་སངས་རྒྱས་ཀྱི་བསྟན་པའི་སྲུང་མ་ཆེན་པོ་རྒྱལ་པོ་ཆེན་པོ་སྡེ་བཞི། བཙུན་མོ་སྲས་དང་བློན་པོ་གཡོག་འཁོར་དང་བཅས་པའི་བཀོད་པ་དང༌། འཇིག་རྟེན་མཐའ་དག་གི་བྱེད་པ་པོའམ་སྐྱོང་བ་པོ་ཕྱོགས་སྐྱོང་ཆེན་པོ་བཅོ་ལྔ་ཀླུ་ཆེན་བརྒྱད་དང་བཅས་པ་བཞུགས། དེ་ལ་ཕྱོགས་སྐྱོང་བཅུ་ཞེས་བྱ་བ་ཀུན་ལ་གྲགས་ཤིང༌། བཅོ་ལྔའི་ངེས་པ་འདི་ནི་རྒྱུད་གཤིན…
      JTN017 · ཏཱ་ར་ནཱ་ཐ།
      དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད།
      བརྒྱ་པ་དང༌། རྟོགས་བརྗོད་བརྒྱ་པ་སོགས་ལས་བསྡུས་པའི་བཀོད་པ་བཞུགས། ཞེས་བརྗོད་ནས་ལོ་རྒྱུས་དང་བསྟུན་ཅི་རིགས་ཅི་རིགས་འདི་དང་འདིའོ་ཞེས་བཤད་དོ། །ལྷོ་ཕྱོགས་ངོས་ཀྱི་ལྷ་ཁང་འདི་ན། ལེགས་ལྡན་ཡེ་ཤེས་ཀྱི་མགོན་པོ་ལྷ་ཆེན་དཔལ་འབར་གྱི་སྐུའི་བཀོད་པ་མི་འདྲ་བ་དུ་མ་དང༌། དཔལ་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་སྐུའི་བཀོད་པ་མི་…