Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2475 results — page 109 of 124
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ཀྱི་སྒོ་ནས་མི་གཡོ་བ་གསུམ་ལྡན་བསྒོམས། དེས་ལས་རླུང་ཅུང་ཟད་ཅིག་འགགས། ཐིག་ལེ་ཅུང་ཟད་ཅིག་བསྟན་ཡོད། དེ་ཕྱི་གཡོགས་ཀྱི་ས་དེ་ཕྱོགས་གཅིག་ནས་དྲད་པ་དང་འདྲ། སྙིང་པོ་སྟེ་རྣམ་པ་ཐམས་ཅད་པ་ཡིན་ཡང༌། རྣམ་པ་གཞན་རྣམས་མ་མཐོང༌། ཐིག་ལེ་ལུ་གུ་བརྒྱུད་ཀྱི་རྣམ་པ་དེ་ཁྱེད་ཀྱིས་མཐོང་བར་གདའ། དཔེས་འདམ་དྲད་པས་ནོར་བུ་ཁབ་རྩེ་ཙམ་མཐོང་བ་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      སྣང་བ་དང་རྣམ་ཤེས་འདྲེ་བ་ཡིན་པས། ད་ལྟར་ཐིག་ལེ་ལུ་གུ་བརྒྱུད་ཁོ་ན་མ་གཏོགས་གཞན་མི་སྣང་བས། ཁྱེད་རང་གི་སྣང་བ་ལ་རྒྱར་ཆད་ཕྱོགས་ལྷུངས་སུ་སྣང༌། མི་འགྱུར་བའི་བདེ་བ་མཁའ་ཁྱབ་ཡིན་ཡང༌། ད་ལྟ་མཉམ་བཞག་ཙམ་གྱི་བདེ་བ་ཕྲ་མོ་ཞིག་ལས་གཞན་ཉམས་སུ་མ་མྱོང་བ་ལ། བདེ་བ་ཆུང་ངུ་དང་སྣང་བ་ཕྱོགས་གཅིག་པའི་ཆ་ནས་རྣམ་ཤེས་ཀྱི་སྣང་བ་ཡིན། ཐིག…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      པ་འཇོམས་བྱེད་དུ་འགྱུར། ཡང་དཔེར་ན་གསེར་གྱི་མཆོད་སྡོང་ཞིག་ཡོད་པ་ལས་དེ་ཡོལ་བས་བསྒྲིབས། དེ་ལ་སྦར་འཛིན་བྱས་ཀྱང་ཡོལ་བ་ལ་ལག་པ་ཐེབས་ཀྱི་མཆོད་སྡོང་ལ་མི་རེག ཐ་མལ་གྱི་སྣང་སེམས་ལ་དམིགས་པ་བརྟད་ཀྱང་དེ་དང་འདྲ། ཡེ་ཤེས་ལ་རེག་མི་ཐུབ། ཡོལ་བ་དབྲལ་བའི་སེབ་ནས་སྦར་འཛིན་བྱས་ན་མཆོད་སྡོང་གསལ་པོ་མ་མཐོང་ཡང༌། མཆོད་སྡོང་ལ་ལག་པ་ཐ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ཡུལ་སྣང་དང་ཤེས་པ་འགྲོ་ལྡོག་གཅིག་ཚུལ་ཤེས་རབ་དང་འབྲེལ། དེ་ལས་སྣང་བ་སེམས་སུ་རྟོགས་པ་རྟོག་པ་དང་འབྲེལ། སེམས་སྟོང་པར་ངོ་སྤྲོད་པ་དཔྱོད་པ་དང་འབྲེལ། ལས་སྣང་སྟོང་པའི་ངང་ནས། སྟོང་གཟུགས་ལ་བརྟེན་ནས་བདེ་བ་སྐྱེ་བ་དགའ་བ་དང་འབྲེལ། སྟོང་གཟུགས་རང་བདེ་བར་མྱོང་བས་འཛིན་ཞེན་དང་བྲལ་བ་ནི། གཡོ་མེད་བདེ་བ་དང་འབྲེལ་བའོ། །དེས་ན་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      གཅིག་ཏུ་གྱུར་པ་སྦྱར་བ་དག་ཀྱང་རོ་ནི་མཉམ་པར་འགྱུར་བ་སྟེ། །འཇིག་རྟེན་ཀུན་ཏུ་སྒྲ་ནི་གང་ཞིག་སྲིད་པར་སྐྱེས་པས་བརྗོད་པ་དེ་དང་དེ་ནི་དེ་བཞིན་ཐོས། ཁྱབ་བདག་གི་ནི་རྣམ་ཤེས་ཉིད་དང་རིང་དུ་ཐོས་པ་དག་ཀྱང་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཞེས་ཏེ། སྙིང་ཁའི་ཕྱོགས་ན་གནས་པ་ཞེས་པས་སྙིང་གར་རླུང་སེམས་འདུས་པས་སྟོང་པའི་སྒྲ་འབྱུང་བ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་གཞན་གྱི་སེམས་ནི་མིན་པ་ཉིད། །ཅེས་གསུངས་ཏེ། ཐིག་ལེ་མཐོང་བར་འགྱུར་ཞེས་པ་ཡན་ཆད་རྟགས་བཅུ་སྟེ་སོར་སྡུད་ནས་འགྲུབ། དེའི་དབུས་སུ་སོགས་ངེས་པ་གསུམ་ལྡན་གྱི་ལོངས་སྐུ་སྟེ། བསམ་གཏན་མཐར་ཕྱིན་པའི་རྟགས་ཡིན། དུ་མ་ཞེས་པས་སོར་བསམ་ཐུན་མོང་དུ་ས…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      བྲལ་བའི་ཚིག་སྔ་མས་རྟགས་བཅུ་དང༌། བསམ་གཏན་གྱི་ལོངས་སྐུ་ཚུན་ཆོད་སྟོང་གཟུགས་ཅི་ལ་དེ་ལྟར་གསུངས་ཟིན་ཀྱང༌། ཀུན་མཁྱེན་གཟུགས་ཏེ་རྗེས་དྲན་རྣམ་ཀུན་མཆོག་ལྡན་གྱི་སྐུ་འགྲུབ་པ་ན། དེས་རྣལ་འབྱོར་བའི་ལུས་དངོས་ཀྱི་བྱ་བ་བྱེད་ཅིང༌། ལུས་ཀྱི་གཙོ་བོ་ཡང་དེ་ཡིན་པ་དང༌། སྟོང་གཟུགས་ཀྱི་རིག་མ་དང་འདོད་ཡོན་རྣམས་ཀྱིས་ཀྱང་དེ་དང་དེའི…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      དུ་སྨྲས་པའོ། །དེའི་དོན་ནི་སྟོང་གཟུགས་དེ་དག་རང་སེམས་ཡིན་ན་ཡིན་མཉམ་དང༌། མིན་ན་མིན་མཉམ་དུ་བྱེད་དགོས་པ་ལས། གཞན་སེམས་ཤེས་པའི་མངོན་ཤེས་མ་ཐོབ་གོང་དུ་སྟོང་གཟུགས་མཐའ་ཡས་པ་མཐོང་བའི་ཕྱིར། རང་སེམས་ཁོ་ན་ཡིན་ཞེས་པ་སྟེ། འདི་ཡང་རྣམ་ཤེས་ཡེ་ཤེས་ཀྱི་དབྱེ་བ་མ་ཕྱེ་བར། རྣལ་འབྱོར་བའི་སྣང་ངོ་དང་བསྟུན་ནས་གསུངས་པ་ཡིན་ནོ། །ངེ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་མེད། །དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི་ཉིན་ཞག་སོ་སོའི་འདུས་སུ་རྩ་ཡི་སྦྱོར་བ་བསྒོམ་པར་བྱ། །ལུས་ནི་གྲུབ་ན་གཞན་པའི་དངོས་གྲུབ་སྲིད་པ་གསུམ་གྱི་གནས་སུ་སྔགས་ཞུགས་ཉིད་དུ་རབ་ཏུ་འགྱུར། །ཞེས་དང༌། སྟོང་པ་ལས་ནི་དུ་བ་སོགས་ལམ་བླ་མའི་ངེས་པ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      མཚུངས་པ་དབྱུག་པའི་གཟུགས་ཅན་ལངས་པ་ཡང༌། །འཁོར་ལོ་ནས་ནི་འཁོར་ལོའི་བར་དུ་ངེས་པར་དམན་ཞིང་རོལ་པའི་བགྲོད་པས་དབུ་མའི་རྩ་ལ་སྐྱོད། །ཇི་སྲིད་གཙུག་ཏོར་ཕུག་པར་བཙན་ཐབས་ཉིད་ཀྱི་ཕྱི་རོལ་ཀྱི་ནི་པགས་པ་དག་ལ་ཁབ་བཞིན་རེག དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་གི་རླུང་དག་འགགས་པ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      རེག་བྱ་རྡོ་རྗེ་མ། བགེགས་མཐར་ཕྱེད། ཤིན་ཏུ་བརྩོན་འགྲུས་མ་རྣམས་སོ། །དེ་བཞིན་དུ་འཛིན་པ་ལ་ཡང་སྦྱང་བྱ་དྲུག་ནི། ཚོར་བའི་ཕུང་པོ། མེའི་ཁམས། མིག་གི་དབང་པོ། རོའི་སྐྱེ་མཆེད། ལག་པའི་དབང་པོ། བྱ་བ་འགྲོ་བ་རྣམས་སོ། །འབྲས་བུ་ལྷ་མེ་ཁམས་པ་དྲུག་ནི།རིན་ཆེན་འབྱུང་ལྡན། གོས་དཀར་མོ། སའི་སྙིང་པོ། རོ་རྡོ་རྗེ་མ། ཤེས་རབ་མཐར་བྱེད…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      མཐར་བྱེད། ཁེངས་བྱེད་མ་རྣམས་སོ། འདིར་རྒྱུད་ལས། དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་ཡུལ་དང་རྣམ་པར་བྲལ་བའི་སྣ་ཚོགས་ཡུམ་ལ་འཁྱུད་པ་སྟེ། །པདྨར་ཞུགས་པའི་རང་གི་རྡོ་རྗེ་སྤྲོ་བ་དག་ཀྱང་དེ་བཞིན་ཟླ་ཉིའི་དབུས་སུ་རབ་བཞུགས་པའོ། །བདེ་བའི་ས་བོན་མ་ལྷུང་བ་ལས་རབ་དགའི་དགའ་བར་གནས་པ་རྣལ་འབྱོར་པ་ཡི་རྣལ་འབྱོར་འདི། །ཕྱག་རྒྱའི་དངོས་ག…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      མ། གཤིན་རྗེ་མཐར་བྱེད། རེངས་བྱེད་མ་རྣམས་སོ། དེ་ལྟར་ན། རྒྱུད་ཀྱི་རྒྱལ་པོ་ལས། དེ་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་འདིར་ནི་ཆོས་ཀྱི་དབྱིངས་ཀྱི་སྟེར་བྱེད་དེ། །སྲོག་གི་རོ་ཡི་འགྲོ་བ་རྣམས་ལ་གནས་པ་ཐམས་ཅད་བཀུག་ཅིང་ཉོན་མོངས་བདུད་རྣམས་བཅོམས་བྱས་ནས། །རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      གའི་བུམ་ཅན་ཐོབ་ཐང་ཡིན་ཡང༌། ལྟེ་བའི་བུམ་ཅན་བྱས་ན་གེགས་མི་སྡང་ཞིང་སད་འབྱམས་མི་འབྱུང་བའི་དགོས་པ་ཡོད་པས་ད་ལྟའི་ལག་ལེན་ལ་ལྟེ་བའི་བུམ་ཅན་ཀ་བྱེད་ཡང་རླུང་ཕྱིར་གཏོང་བའི་ཚེ་འོད་ཟེར་དམར་པོ་མགྲིན་པའི་རྀ་ལ་ཐིམ། སྙིང་གའི་ཐིག་ལེ་ཁེངས་པའི་ཚུལ་གྱིས་འོད་ཧྲིལ་ལེ་འདུག །རླུང་ཕྱིར་ཅུང་ཟད་བཟུང་བའི་སྐབས་ཐིག་ལེ་དེ་ཇེ་ཕྲ་ཇེ་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      དེ་དམར་པོ་ལ། དེ་ནག་པོ་ལ། དེ་ལྗང་ཁུ་ལ་ཐིམ། ལྗང་ཁུ་དབུ་མའི་ལམ་ནས་རྒྱངས་ཏེ་འཕར། སྙིང་གའི་ཐིག་ལེ་ལ་ཐིམ། སྙིང་གའི་ཐིག་ལེའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་ཁྲ་གསལ་ལ་ཁྱབ་པར་བསམ། རླུང་ཕྱིར་བཏང་ཞིང་ཕྱིར་བཟུང་བའི་ཚེ། དེ་ཀ་ལ་སེམས་བརྟད། དེ་ཉིད་སྐྱར་གྱིན་སྒོམ་པ་ཡིན། ཉལ་ཁང་རླུང་ཐེངས་ཉེར་གཅིག་སྒོམ་པ་སོགས་གོང་དང་འདྲ། སྔ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      སྤྲོ་ཚུལ་སྤྱིར་བཏང་འདྲ་བ་ཡིན་པས། འཆི་བ་འོད་གསལ་དང་བར་དོ་ལམ་དུ་བྱེད་ཚུལ་ཡང་བསྟན་པར་འགྱུར་ཞིང༌། གཉིད་ཀྱི་འོད་གསལ་དང་རྨི་ལམ་གྱི་རིམ་པ་ཡང་ངོ༌། །དེ་བཞིན་དུ། ཆུ་ཡིས་མེ་ནི་རྣམ་པར་ཉམས་པ་དང་པོར་འདིར་ནི་ལུས་ཀྱི་དབུས་སུ་སྡོམ་བརྩོན་རྣམས་ཀྱིས་ བྱ། །ཕྱི་ནས་འཛིན་མ་དག་ནི་ཆུ་རུ་འགྱུར་ཏེ་ལན་ཚ་བཞིན་དུ་ཆུ་ཡི་དབུས་སུ་རབ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      བདུད་རྩི་རྒྱུ་བའི་དུས་སུ་སེམས་ནི་རླུང་ལ་འཇུག །ནམ་ཞིག་སྦྱོར་གཞི་གནས་གཅིག་ཏུ་ནི་ཞུགས་པ་ཡི། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ༌། །ཞེས་གསུངས་པ་དང༌། ཨཱརྱ་དེ་བས་བདག་བྱིན་རླབས་པའི་རིམ་པར་ཡང༌། ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པ་སྟེ། །མེ་ནི་རླུང་ཕྲའི་ཁམས་ལའོ། །རླུང་ནི་སེམས་ལ་ཐིམ་པར་འགྱུར། །སེམས་ན…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      གཞི་འཁོར་བའི་དུས་སུ་དེ་ལྟར་འབྱུང་བ་དེ་ལ། དེ་ཁོ་ན་དང་འདྲ་བར་ལམ་བསྒོམས་པས་ཀྱང་ཉམས་སུ་མྱོང་བར་འགྱུར་ཏེ། ལམ་གོང་མ་རྣམས་ལ་ལྟ་ཅི་སྨོས། སོར་སྡུད་གཅིག་པོའི་གནས་སྐབས་ན་ཡང་དེ་རྣམས་ཚང་སྟེ། ལྟོས་མེད་བཞི་ལྡན་གྱི་ཉམས་མྱོང་སྐྱེས་པའི་སྐབས་རགས་པ་རྣམས་ཅུང་ཟད་ཐིམ་ཞིང༌། མི་གཡོ་གསུམ་ལྡན་བསྒོམ་པས། ཕྲ་བ་དང༌། ཤིན་ཏུ་ཕྲ་བའི…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      འཇིགས་པའི་སྒྲ་བཞི་ནི་འབྱུང་བཞི་སྣང་ལོག་གི་སྒྲ་ཡིན་ཏེ་སྤྱི་སྐད་ལ་གྲགས། ལྔ་ནི་དེའི་སྟེང་དུ་ནམ་མཁའི་སྣང་ལོག་གི་སྒྲ་བསྣན་པ་སྟེ། དུས་འཁོར་བའི་གྲུབ་ཐོབ་རྣམས་ཀྱི་བཞེད་པ་ཡིན། རིམ་པ་བཞིན་དུ་རི་འུར་བ་དང་རྒྱ་མཚོ་འཁྲུགས་པ་དང༌། ནགས་ཚལ་མེས་ཚིག་པ་དང༌། འཇིག་དུས་ཀྱི་རླུང་གི་སྒྲ་དང༌། འབྲུག་སྒྲ་དྲག་པོ་ལྟ་བུ་རྣམས་ས་ཆུ་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      པར་མཛད་པའང་ཡིན་ནོ། །རྐྱེན་ཕྲ་མོ་ནས་བསྲེ་བ་འདི། སྤྱོད་འཇུག་ལས་ཀྱང་གསུངས་ཏེ། །གོམས་ན་སླ་བར་མ་གྱུར་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོ་བཟོད་པར་བྱོས། །ཞེས་དང༌། ཚ་གྲང་ཆར་དང་རླུང་སོགས་ལའང༌། །བདག་གིས་གཟེ་རེ་མི་བྱ་སྟེ། །ཞེས་གསུངས་ཤིང༌། སྙི་སར་རྐོས་ནས་སྲ་སར་དྲོད་ཀྱི་དཔེ་ཡ…