Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2475 results — page 110 of 124
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      དེ་ནི་སློབ་མ་ལ་གོ་བ་བསྐྱེད་ཕྱིར་གསལ་འདེབས་ཙམ་ཡིན། དེའི་རྩ་བ་དབང་གི་འཇུག་པའི་དུས་ཀྱི་དམ་བཞག་ཉིད་ཡིན་པས། དམ་བཞག་བཞི་ལ་བཀའ་རྒྱ་བཞི་ཟེར་ཡང་གསུང༌། ཡང་ཁ་ཅིག་དངོས་སུ་རྩ་བའི་བླ་མའི་བཀའ་ཡིན། དེ་ལ་བརྒྱུད་པ་རྣམས་འདུས་པའི་རྩ་བརྒྱུད་བླ་མའི་བཀའ་རྒྱ་དང་གཅིག །སྣོད་མིན་ལ་གསང་བ་མི་སྟོན་པ་རྒྱུད་ལས་དམ་ཚིག་ཏུ་གསུངས་པའི་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      བག་མེད་པའི་སོགས་ཀྱི་འབྲུ་བསྙེར་ན། ཆོས་ཟབ་མོ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ། དེ་བསྒོམས་པ་ལས་ཉམས་མྱོང་ཆེ་ཆུང་གང་ཤར་ཀྱང༌། ཉམས་མྱོང་དེ་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ། དབང་དང་སྟོབས་ཡོད་པའི་མི་གཅིག་གི་ལག་ཏུ་རིན་པོ་ཆེ་དེ་བྱུང་ན་ཏ། ཆོམ་རྐུན་གྱིས་འཕྲོག་པའི་ཉེན་མེད་དེ། རིན་པོ་ཆེ་དེ་མི་ཕལ་པ་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ཆགས་པ་ཡུལ་ངན་པའི་ཆོམ་རྐུན་གྱིས་ཆོས་ཟབ་མོ་དེ་ཆུད་ཟོས་པའི་ཚུལ་གྱིས་ཡོན་ཏན་མི་སྐྱེ་ཞིང་ཅུང་ཟད་སྐྱེས་ཀྱང་ཉམས་པའི་ཚུལ་གྱིས་འཕྲོག་པར་བྱེད་དོ། །དེ་ལྟར་ན་སློབ་མ་དེས་ཆོས་ཆུང་གསན་པས་གཡང་ཤོར་ཏེ། རང་གི་ཡང་བྱིན་རླབས་ཉམས་པའི་དོན་ཡིན། ཡང་གཅིག་ཏུ་ན་ཆོས་བཙོངས་ནས་ནོར་སྒྲུབ་པའི་སྒྲིབ་པ་དེས། རང་གི་སྒོམ་ཤོར་པའི་དོན་ལའང་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      འདོད་ཡོན་ལ་ལོངས་སྤྱོད་པ་ད་ལྟར་དྲན་པས་སེམས་མ་ཞི་བ་ཞིག་ལ་རྒོད་པར་འཇོག་ལ། འདིར་ནི་དམིགས་པ་ལ་མི་གནས་པའི་རྣམ་གཡེང་སྤྱི་ལ་རྒོད་པར་བཞག་པས། རྒོད་པ་བཀག་ན་འདོད་འདུན་གནོད་སེམས་ཞོར་ལ་ཁེགས་པར་དགོངས་པ་ཡིན་གྱི། ཁ་ཅིག་དེ་གཉིས་གསང་སྔགས་པ་ལ་སྤོང་མི་དགོས་པའི་སྐབས་ཡང་ཟེར་བ་མི་འཐད་ཅིང༌། སྐབས་ཀྱི་དོན་ལས་ཕྱིར་ཕྱོགས་སོ། །འ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      འཐུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བར་འདོད་པ་དགེ་འདུན་ཕལ་ཆེན་པའི་ལུགས་དང་འདྲའོ། །ཆོ་ལོ་རྩེ་བ་དང༌། མཚན་མ་ཅན་གྱི་ཤ་དང༌། བཟའ་བ་དང་རིན་གྱི་དོན་དུ་བསད་པའི་ཤའི་བཟའ་བ་ལ་ཆགས་པ་དང༌། ལོང་གཏམ་སྣ་ཚོགས་ལ་དགའ་བ་དང༌། མུ་སྟེགས་ཀྱི་རིག་པ་དང་ཀླ་ཀློའི་ཆོས་ལ་བློ་འཇུག་ཅིང་བརྩོན་པ་སྟེ། དེ་རྣམས་སྡིག་པའི་ལས་དང༌། རྗེས་སུ་མཐུན་པ་ཉེ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      བར་མདོ་སྔགས་ཐམས་ཅད་ནས་གསུངས་པས། སྡིག་པའི་ལས་མང་པོ་བྱས་ཀྱང་རྫོགས་པ་ཆེན་པོ་དང༌། ཕྱག་རྒྱ་ཆེན་པོའི་ངང་དུ་ཡེ་གྲོལ་ཡེ་དག་ཡིན་ཟེར་ཞིང༌། སྒོམ་བཟང་དུ་སོང་བ་སྐད་བྱེད་པ་ཡིན། རྣམ་པ་གཉིས་ཏེ། ཡང་ན་རྫུན་ཁ་ཐལ་ཀྱིས་གཞན་མགོ་བསྐོར་བ་འབའ་ཞིག་ཏུ་ཟད། ཡང་ན་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་སྒོམ་ལོག་ཐེབས་པ་ཁོ་ནའོ། །དེས་ན་རང…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      སྲིད། སྒོམ་མེད་པའི་རྟོག་གེ་བ་དང༌། སྒོམ་ཡོད་པར་བརྫུ་བའི་ཟོག་པོ་དང༌། ཆོས་གཞན་གྱི་ལུགས་ཀྱི་སྒོམ་བཟང་རབ་ཡོད་དུ་ཆུག་ཀྱང༌། ཆོས་ཟབ་མོ། །འདིའི་རོ་མ་མྱོང་བ་རྣམས་ལ། སྦྱོར་དྲུག་གི་ཉམས་རྟོགས་སོགས་རང་གི་ཉམས་མྱོང་དང༌། ཕྱག་ལེན་དུ་འདེབས་པའི་མན་ངག་དང༌། བླ་མས་ངོ་སྤྲོད་ཚུལ་སོགས་དོགས་གཅོད་ཏ་ནམ་ཡང་མི་བྱེད་དེ། ཚིག་ཟུར་ཙམ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ལ་དྲིས་ན། རང་གི་སྒོམ་མ་ཤོར་བར་མ་ཟད། སྔར་ཀྱི་སྒོམ་ལ་དོགས་པ་ཆོད། ཕྱིས་ཉམས་མྱོང་འཆར་རྒྱུ་རྣམས་ངོ་ཤེས། མ་བདེ་བའི་འཕྲང་ཐམས་ཅད་ལས་གྲོལ་བ་ཞིག་འོང་བ་ཡིན་ནོ། །དེ་ལྟར་སྟོན་པ་ནི། རང་ཉིད་ཀྱི་ནོར་བུའི་མཚན་ཉིད་མི་ཤེས་པས། ནོར་བུ་ཡོངས་སུ་རྟོག་པ་པོ་མ་ཡིན་པའི་ཕྱིར། ནོར་བུ་དེ་རིན་ཐང་ཆེན་པོ་ཞིག་ཡིན་པར་འགྱུར་རམ། རིན་ཐང་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ཡང༌། སྔགས་ལ་ཡེ་མ་ཞུགས་པ་རྣམས་ཀྱིས། སྐབས་འདིར་སྐྱོན་བརྗོད་ལ་སླེབ་མི་འོང་ཞིང༌། གཞན་རྣམས་ཀྱང་ཡིད་བརྟན་མི་འཆའ་བས་གནོད་ཚབ་ཆུང་ངོ༌། །དེས་ན་འདིར་སྔགས་ལ་ཞུགས་པར་རློམ་པའི་རྟོག་གེ་ཐ་ཤལ་བ་འགའ་དང༌། གསང་སྔགས་པའི་མིང་ཅན་གཞུང་ཕྱོགས་རེ་ཙམ་ལས་མ་མཐོང་བ་འགའ་དང༌། སྒོམ་ཆེན་གྱི་མིང་ཅན་མང་པོ་ཞིག་གིས་སྨད་ར་གཏོང་བར་འགྱུར་རོ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ཡང་ཅི་ཏོ། །སྟོང་གཟུགས་ནི་དབང་ཤེས་ཀྱིས་མཐོང་བ་ཡང་མིན། དབང་ཤེས་ལས་ཏིང་ངེ་འཛིན་རྣམ་དག་མི་སྐྱེ་བ་ཡང་མ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མ་མེད་པའི་བློ་སྐྱེའོ། །ཞེས་གསུངས་པ་དེ་ཅི་ཡིན་ཞེས་ལོག་པར་སྨྲ་བ་དེ་དག་སུན་དབྱུང་བར་བྱ། ལར་རང་སྔགས་དཔེ་འདྲ་ཀློག་དར་བྱས་པའི་མཚན་ཉིད་པ་སྐམ་པོ་ལ་སྒོམ་ག…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      གཙང་སྦྲ། ཐོས་བསམ། ཁྲིགས་བཀོད་བྱེད་པ་རྣམས་ལྟ་ཅི་སྨོས། ལྷ་སྒོམ། སྔགས་བཟླས་ཆོ་ག་དབང་བསྐུར། ལུས་ངག་གི་དགེ་སྦྱོར། གཏུམ་མོ་ཁྲ་ཐིག་ལ་སོགས་པ་འདི་ཐམས་ཅད་ཐེག་དམན་ཡིན་ཟེར་ཞིང༌། གང་ཤར་ལ་སྤང་བླང་དགག་སྒྲུབ་མེད་པ་འདི་ཐེག་ཆེན་ཡིན། མཐར་ཐུག་ཡིན། ཁྱེད་ལུས་གནད་བྱེད་བཅིངས་དང༌། སྟོང་གཟུགས་སྒོམ་པའི་འདི་ཉམས་ཙམ་ཡིན། ཐེག་དམན…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ན་སངས་རྒྱ་བས་ཁྱེད་རྣམས་ལ་ག་ལ་ཕན། ཞེས་བྱ། རང་ལུགས་ལ་སེམས་རང་བཞིན་མེད་པར་རྟོགས་པའི་སྒྲིབ་པ་སྤོང༌། སྒྲིབ་པ་སྤངས་པས་སེམས་ཉིད་རྟོགས། ཚོགས་བསགས་པས་ཡོན་ཏན་སྐྱེ། སྒྲིབ་པ་སྤངས་པ་དང་ཡོན་ཏན་མཐའ་ཕྱིན་ཙ་ན་སེམས་ཉིད་རྟོགས་པ་མཐར་ཕྱིན། དེ་ཙ་ན་རྫོགས་པའི་སངས་རྒྱས་འབྱུང་བ་ཡིན། གྲོང་གསེབ་ལ་ཡན་པའི་རྟོག་ལྡན་བརྫུས་མ་ལ་སེམས…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      པས་གནས་ལུགས་མི་རྟོགས། ཉམས་གང་ཡང་མ་ཤར་བ་བཟང་ན། ངན་སོང་དུད་འགྲོ་ལ་སོགས་པ་བཟང་བར་འགྱུར། ཉམས་ལེན་བྱས་ན་ཉམས་སྐྱེ་བ་ཆོས་ཉིད་ཡིན་མོད། འོ་ན་ཉམས་ལེན་མི་བྱེད་པ་དེ་ལེགས་སམ་ཅི། ལེགས་ན་ཁོ་རང་ལ་འདུག་གོ །གུ་དོག་པོས་ཅི་བྱེད་བྱ་བ་ནི། རི་ལ་སྡོད་མ་ནུས། སྒོམ་མ་ནུས་པའི་ཁ་སྐྱེངས་སུ་འདུག །གུ་མུ་ལྟོ་བ་རང་ཡངས་པ་དང་འདྲ། ཐེག་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ཞིག །བླ་མ་ལ་མོས་གུས་ཆུག་པ་ཞིག །རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པ་ཞིག་དགོས་པ་ཡིན། ཡང་སྒོས་སུ་གང་ལ་དམིགས་པ་བརྟད་དེ་བསྒོམས་ན། ཉོན་མོངས་ཐམས་ཅད་འགག་ཡོན་ཏན་ཐམས་ཅད་སྐྱེ་བའི་ཟུང་འཇུག་གི་ལམ་རྡོ་རྗེའི་རྣལ་འབྱོར་འདི་དང་མཇལ་ནས་ཙབ་ཙོབ་མ་བྱེད་ཅིག །ལར་ཆགས་སྡང་ཆོས་བརྒྱད་ཀྱི་དབང་དུ་སོང་བའི་བླ་མ་དགེ་བཤེས་ཟེར་བ་ཚོ་དང་ག…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ཀྱང་བྱ་མོད་ཀྱི། ནང་སེལ་དགེ་བ་ཆུང་ངུ་བོར་ནས་རླབས་ཆེན་ལ་འཕྲལ་དུ་འཇུག་ན། ཆུང་ངུ་བཀག་པ་ཙམ་བདུད་མ་ཡིན། ངེས་དོན་ལས་བཟློག་ནས་དྲང་དོན་ལ་འཇུག་པ་སོགས། དགེ་བ་ཆེན་པོ་བཀག་ནས་ཆུང་ངུ་ལ་འཇུག་ན། ཆུང་ངུ་ལ་འཁྱོགས་པ་དེ་དགེ་བ་ཙམ་ཡིན་མོད་ཀྱང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེས་ན་རང་གཞན་གྱི་ཆོས་ལ་བར་དུ་གཅོད་པའི་བདུད་རྣམས་ནི།…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      པའང་ཡོད་མོད་ཀྱང༌། མིང་འདོགས་ཐ་དད་བྱས་ཀྱང་དོན་སྟེང་ནས་འགལ་བ་མེད། མདོ་ཕྱོགས་སུ་ཚུལ་ཁྲིམས་ལ་དམ་ཚིག་གི་ཐ་སྙད་མ་གྲགས་ཀྱང༌། དམ་ཚིག་གི་དོན་འདའ་བར་མི་བྱ་བ་ཡིན་པས། ཚུལ་ཁྲིམས་ལ་དམ་ཚིག་གི་དོན་ཚང་ངོ་འདིར་རྩ་ལྟུང་བཅུ་བཞི་ནི། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །ཞེས…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      འདི་ཡང་ཉེས་པ་ལྕི་ཞིང་སྦྱོང་དཀའ་བའི་རིགས་སོ། །བཞི་པ་ནི། བྱམས་པ་སྤོང་བ་ཞེས་སྨོས་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྤོང་བ་སྟེ། གཏན་དུ་བྱམས་པ་སྤངས་ན་སེམས་ཅན་གཅིག་ལ་བྱམས་པ་སྤངས་ཀྱང་འདིར་འགྱུར་ཏེ། རྩ་ལྟུང་གི་གཞུང་གཞན་གྱི་འཆད་ལུགས་ལྟར་གྱི། ལྔ་པ་བཞི་པ་གཉིས་ཀ་ལུགས་འདིའི་བཞི་པར་འདུས་སོ། འདིར་ལྔ་པ་ནི་མི་འགྱུར…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      བྱ་བ་ནང་དུ་ཡང་དག་པའི་ལམ་རྒྱུད་ལ་སྐྱེས་པ་ལ་ཟེར། དེ་འདྲའི་གང་ཟག་ལ་དེ་འདྲ་ཡིན་པར་ངེས་པའམ། ཡིན་མིན་ཐེ་ཚོམ་ཟ་བཞིན་དུ། རང་འདོད་ཀྱི་དབང་གིས་སྐུར་བ་འདེབས་པའོ། །བཅུ་གསུམ་པ་ནི། སྔགས་ཀྱི་སྤྱོད་པ་ལ་ཞུགས་ནས་ཚོགས་ཀྱི་གྲལ་དུ་ཐབས་ཤེས་ཀྱི་རྫས་སོགས་ལོངས་སྤྱོད་ཀྱི་དམ་ཚིག་རྣམས་མི་གཙང་བ་དང༌། ཉེས་དམིགས་ཆེ་བའི་བསམ་པས་སྤོང…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      སྡོམ་པ་རྣམས་ཡིན་ཏེ། འདོད་པའི་རྡོ་རྗེ་ལ་ནི་ཞེས་སོགས་གསུངས། དེ་ཡང་ཁྱབ་བྱེད་རིགས་གཉིས་ལས། ཁྱབ་བྱེད་དང་པོ་རྡོ་རྗེ་སེམས་དཔའི་དམ་ཚིག་ནི་སྟོང་ཉིད་སྤྲོས་བྲལ་དང་བརྩེ་བ་སྙིང་རྗེ་ཆེན་པོ་ཕན་ཚུན་རྒྱས་བཏབ་རོ་མཉམ་དུ་བྱེད་ཀྱིན་སྒོམ་པ་ཐུན་བཞིའམ། མ་ཐ་ཡང་ཞག་རེའི་ནང་དུ་ལན་རེ་མེད་ཐབས་མེད། ཁྱབ་བྱེད་གཉིས་པ་མི་བསྐྱོད་པའི་ད…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      སྟོབས་ཆེ་ཆུང་ལ་ཁྱད་མེད་པས། དགོས་དོན་གྱི་དབང་ལས་རྗེས་མཐུན་པའི་ཐ་སྙད་མི་བྱེད་པར་དངོས་སུ་འཆད་པའང་ཡིན་ནོ། །འཆད་ཚུལ་གཉིས་པོ་དེ་ཡང་གནད་གཅིག་སྟེ། དམིགས་པ་གཉིས་ཀྱི་སྙིང་རྗེ་དང༌། སྤྲོས་བྲལ་རང་སྒོམ་ན་ཕྱོགས་རེ་བར་ཡོང་ཞིང༌། དམིགས་མེད་སྙིང་རྗེ་བྱས་ན། ཟུང་འཇུག་ཁོ་ནར་འོང་སྟེ། འདིའི་དམིགས་མེད་ནི་རིག་སྟོང་ལས་གཞན་དུ་…