Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2475 results — page 111 of 124
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་ཐིག་ལེ་འཆིང་དགོས་པ་ཡིན་ལ། ལས་དང་པོ་པས་ཀྱང་ཀུན་ད་ལྟ་བུ་ཅི་ནུས་སུ་སྲུང་བའོ། །དེ་ལྟར་ན་དེ་རྣམས་བསྐྱེད་རྫོགས་གཉིས་ཀར་གྱི་ཐུན་མོང་པ་ཡིན། ལུགས་འདིའི་དབང་བསྐུར་ཐོབ་ཚད་ཀྱིས་སྲུང་དགོས་འདི་རྣམས་དངོས་སུ་ཀུན་རྫོབ་གཙོ་ཆེ་ཡང༌། རྫོགས་རིམ་ངེས་དོན་གྱི་དམ་ཚིག་གི་གཞི་རྟེན་དུ་ཡང་མེད་ཀ་མེད་ཡི…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      བྱིས་འཇུག་ཁོ་ནའི་དོན་དུ་སྡོམ་པ་བཟུང་བ་ལ་མི་དགོས་པའི་ཕྱིར་དང༌། དོན་འདི་རྣམས་སྡོམ་བཟུང་གི་སྦས་དོན་ཡིན་གྱི། སྒྲ་ཇི་བཞིན་པའི་ཚིག་དོན་མ་ཡིན་པའི་ཕྱིར་རོ། །དབང་གོང་མ་དང་འབྲེལ་བའི་སྡོམ་བཟུང་ཡིན་ན་ནི། དོན་འདི་རྣམས་ཁས་བླངས་པ་ཡིན་ཏེ། རྫོགས་རིམ་གྱི་སྡོམ་པ་ཐོབ་པའི་ཕྱིར་ངེས་དོན་གྱི་དམ་ཚིག་གི་བསླབ་བྱ་འདི་དག་ལ། ལས་…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ཡིད་ཀྱིས་བསམ་པས་ཆོག །རྫོགས་རིམ་པ་ལ་དེ་དག་གལ་ཆེ་རྒྱུ་ཡང་མེད་པས་ཆེ་ཐང་དུ་བྱེད་ཀྱང་མི་དགོས། བརྙེས་པར་ཡང་མི་བྱ། དངོས་སུ་ཅི་རིགས་པར་སྒྲུབ་པའམ། ཡིད་ཀྱིས་བསམས་པ་ཙམ་བྱས་ནའང་ལེགས། གཙོ་བོར་མཉམ་བཞག་གི་དམ་ཚིག་རྡོ་རྗེའི་རྣལ་འབྱོར་ཉིད་སྒོམ་པ་དང༌། རྗེས་ཐོབ་སྤྱོད་ལམ་དུ་དེ་ཁའི་ཉམས་མྱོང་རྒྱུན་ཆགས་སུ་བསྐྱངས་པས། ཉམས་ལེ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      དཀར་པོའི་རྒྱུན་འབབ་གང་ཞིག་མཱ་མ་ཀཱི་སྟེ་ཆད་མ་ཡིན། །གོ་ཀུ་ལ་སོགས་མིག་ལ་སོགས་པ་ཉིན་ཞག་སོ་སོར་སྤྲོས་ཏེ་ཤ་གཞན་རེས་འགའ་དག་ཀྱང་མིན། །རང་རིགས་ས་ལ་གནས་པའི་ལྷ་རྣམས་ངག་གི་དག་པའི་ལུས་ལ་བདུད་རྩི་ལྔ་རྣམས་བསྙེན་པ་སྟེ། །སྟོང་པར་སེམས་ནི་རབ་ཏུ་ཞུགས་ནས་རོ་མཉམ་བྱེད་པ་འཁྲིག་པ་དེ་ནི་སྐྱེ་གནས་ལ་མ་ཡིན། །ཞེས་གསུངས་ཏེ། ཀུན་ར…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      པ་ཡིན་ན། སྲོག་གཅོད་པ་དང༌། བརྫུན་སྨྲ་བ་དང༌། གཞན་ནོར་འཕྲོག་པ་དང༌། ཕ་རོལ་གྱི་བུད་མེད་འཕྲཽག་པ་རྣམས་ཀྱང་ཚོགས་ཆེན་པོའི་ཡན་ལག་ཏུ་འགྱུར་རོ། །དེ་ཡང་ནུས་མཐུའི་སྒོ་ནས་ཡིན་གྱི། དུག་མཚོན་སོགས་ཕལ་པའི་བྱེད་པས་མ་ཡིན་ནོ། །ཆང་དང༌། སྒྲོན་མ་སྟེ། ཤ་དང༌། སངས་རྒྱས་ཏེ་བདུད་རྩི་ལྔ་བསྟེན་ཚུལ་གོང་དང་འདྲ། གཟུགས་མཛེས་པ་དང༌། སྒྲ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ཅན་དོན་དང་རྫུ་འཕྲུལ་སྲིད་པ་མཐར་བྱེད་མི་སྐྱེ་ཐོབ་སྟེ་གཞན་པ་བཞི་རྣམས་སོ། །ཞེས་གསུངས་ཏེ། ལྟོས་མེད་བཞི་ལྡན་ནི་སྦྱིན་པ། རྗེས་དྲན་ནི་ཚུལ་ཁྲིམས། སོར་བསམ་ནི་བཟོད་པ། སྲོག་འཛིན་ནི་བརྩོན་འགྲུས། ཏིང་ངེ་འཛིན་ལས་ལུས་སེམས་ལྷན་སྐྱེས་མི་འགྱུར་བའི་བདེ་བ་ནི་བསམ་གཏན། ཏིང་ངེ་འཛིན་གྱི་ངག་གཞོམ་མེད་ཀྱི་སྒྲ་དབྱངས་ནི་ཤེས་རབ།…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      པའི་བྱང་ཆུབ་ཏུ་འགྱུར་རོ། །གང་བླ་ན་མེད་པའི་བྱང་ཆུབ་ཏུ་གྱུར་པ་ནི། སྲིད་ཞི་ཐམས་ཅད་ཀྱི་ཕན་པ་དང༌། བདེ་བ་དང༌། དགེ་བ་དང༌། ལེགས་པ་སྒོ་ཐམས་ཅད་ནས་དུས་ཐམས་ཅད་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱེད་པའོ། །རྡོ་རྗེའི་རྣལ་འབྱོར་ཡིད་བཞིན་ནོར་བུ་ལ། །ལེགས་བཤད་གཏམ་གྱིས་བྱི་དོར་བགྱིས་པ་འདིས། །མཐའ་ཡས་འགྲོ་ལ་དངོས་གྲུབ་རྣམ…
      JTN004 · ཏཱ་ར་ནཱ་ཐ།
      རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
      ཤོག་སྟོང་།
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག་བཞུགས།
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      ན་མོ་གུ་རུ་བུདྡྷཱ་བོ་དྷི་སཏྭ་བྷྱཿ འདིར་རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་ཏུ་གྲིལ་ནས་བསྒོམ་པའི་ཚུལ་འདི་ལྟར་བྱ་སྟེ། སྐྱབས་གནས་དཀོན་མཆོག་གསུམ་ལ་ཅི་མཛད་ཁྱེད་རང་ཤེས་སོ་སྙམ་པའི་བློས་འགེལ་གྱི་སྐྱབས་འགྲོ་དང༌། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་འདོད་པའི་སེམས་བསྐྱེད་དང༌། རྩ་བའི་བླ་མ་ལ་མ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      གློད་པར་བཟོ་མེད་དུ་ཤིག་གེ་མཉམ་པར་བཞག་སྟེ། མཚན་མོའི་རྣལ་འབྱོར་རོ། །སྤྲིན་དང་བསེར་བུ་མེད་ཅིང་ནམ་མཁའ་དྭངས་པའི་སྐབས། ལུས་དང་མིག་ལ་ཉི་འོད་མི་འཕོག་པར་བྱས། མིག་ཤིན་ཏུ་གདངས་ཏེ་ནམ་མཁའ་སྔོ་བསང་ངེ་བ་ལ་ལྟ་ཞིང༌། གཞན་བསྒོམ་ཚུལ་སྔར་དང་འདྲ་བར་བྱ་སྟེ། ཉིན་མོའི་རྣལ་འབྱོར་ རོ། །དེ་ལྟར་ཉིན་མཚན་གྱི་རྣལ་འབྱོར་གཉིས་གཅིག་ཏ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      སེམས་ཀྱང་གཟུགས་བརྙན་དེ་ལ་ཆེ་རེ་གཏད། བློས་བྱས་ཀྱི་བཟོ་བཅོས་མི་བྱེད། སྟོང་གཟུགས་དེ་ཁའི་རང་ཞལ་ལ་རིག་གེ་བལྟས་པས། སྣང་བ་མ་འགགས་ཤིང༌། ཡུལ་དུས་རང་བཞིན་འདི་ལྟ་བུ་ཞེས་བརྗོད་དུ་མེད་ཅིང་སྤྲོས་པ་དང་བྲལ་བ་དེ་ངོས་ཟིན་ཞིང་རིག་པར་བྱ། དེ་ནི་ཤེས་རབ་ཀྱི་ཡན་ལག་ཡིན་ཞིང༌། དེ་ལས་རྟགས་སྣང་རང་སེམས་སུ་མྱོང་བའི་རྟོག་པ་དང༌། དེ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      སྒྲར་མོས་པ་དང་བཅས་ཏེ་ཤར་གྱིས་དྲངས་ལ་ལྟེ་བར་བསྒྱུར་ཐབས་སུ་མནན། འོག་རླུང་དྲག་ཏུ་དྲངས། ཅུང་ཟད་མི་བདེ་ན་སླར་ཡང་རྔུབ་ཆུང་བྱས་ཏེ། འཐེན་གནོན་བྱ། དེ་དག་གི་བར་དུ་རླུང་གནས་པ་ཧཱུཾ་གི་གདངས་སུ་མོས། དེ་ནས་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་བཏང་སྟེ་ཨཱཿཡིག་གི་གདངས་སུ་མོས་པ་བྱའོ། །ཚུལ་དེ་ཡང་ནས་ཡང་དུ་གོམ་པར་བྱ་བ་ལས། …
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      ཕུར་མཉེ་མང་དུ་བྱ། མགོ་བོ་བསྐོར་ཞིང་འཕང༌། རོ་སྟོད་གཅུ། རྒྱ་མཚོ་བསྐྱོད། ཞགས་པ་འཕང༌། ལག་པ་གཡབ། རྐང་པ་བརྐྱང་བསྐུམ་དང་འཐེན་ཞིང་བརྡུང༌། རྐང་པ་ནས་ལུས་ཐམས་ཅད། རྒྱབ་འཕར་བྱ། སྐྱིལ་ཀྲུང་བཏེག་ཅིང་རྡེབ། དེ་ཉིད་ཡང་དང་ཡང་དུ་བྱ་བ་ལས། དང་པོར་དལ་བུ་དལ་བུས་བྱ། ཕྱིས་དྲག་ཅིང་ཤུགས་ཆེ་བར་བྱ། གཞན་ཡང་ཧ་རིང་ཧ་ཐུང་དང་འབེབས་ཆེ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      [ཡང་ན་]སྒྱིད་པ་གཉིས་པར་ལྷུ་[སྟེ་དཔུང་ པ་]ལ་བཀལ་ཏེ། ལག་པའི་ཤུགས་ཀྱིས་བྱིན་པ་གཉིས་གྱེན་ལ་འདེགས། འདི་གཉིས་ཀ་ལ་མ་ནིང་གི་རླུང་ཤུགས་བསྐྱེད་པའི་ངང་ནས། འོག་སྒོ་བརྡམས་ཀློད་དྲག་པོ་མང་དུ་བྱེད་པ་དང༌། [དེ་ནས་]སྟེང་རླུང་ཁ་དང་སྣ་རེ་མོས་ནས་རྔུབ་སྟེ་མགྲིན་པར་མིང་ནས་ལྟེ་བར་འཕུལ་བ་དང༌། [ཡར་]སྒྲེགས་པ་འདོན་པ་ཡང་ཡང་བྱའོ།…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      ཤེས་ཀྱི་ཕྱག་རྒྱ་གང་ཡིན་ཡང་རུང་སྟེ། [འོན་ཀྱང་ཡེ་ཤེས་ཕྱག་རྒྱ་དུས་འཁོར་ཡབ་ཡུམ་ཏུ་གསལ་བའི་]དེ་ལའང་སྟོང་གཟུགས་ཀྱིས་རྒྱས་བཏབ་[ཕན་ཚུན་འཁྱུད་པ་ལ་སོགས་པའི་]རྗེས་ཆགས་ཀྱི་སྤྱོད་པ་སྔོན་དུ་འགྲོ་བས། དབང་པོ་གཉྀས་མཉམ་པར་སྦྱར་ཞིང༌། [དེ་ནས་ལྟེ་བའི་བུམ་པ་ཅན་གྱི་སྦྱོར་བ་དང་ལྡན་པས།]དེ་ལས་དགའ་བ་བཞི་ངང་གིས་སྐྱེ་བར་འགྱུར་ལ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      འཁོར་ལོ་དྲུག་ཏུ་ཡང་བཟློག་པར་བྱའོ། །[རྩ་འཁོར་]དེ་དག་རེ་རེ་བཞིན་གྱི་མཐར་ཡང་ལུས་གྱི་གནས་རྣམས་དྲག་ཏུ་གཅུད་ཅིང་སྤྲུགས་པས་ཁྱབ་པར་བྱ། དེ་ལྟར་གནད་གསུམ་ལན་ཅི་རིགས་པར་སྦྱངས་ནས། མཐར་འདི་ལྟར་བྱ་སྟེ། [རྟིང་པ་གཉིས་ཕྱག་རྒྱར་བསྣོལ་བ།]ཙོག་པུ་འཕོངས་སྟེགས་ཅུང་ཟད་བཅས། ལག་པ་གཉིས་མདུན་དུ་བཙུགས་ལ། འོག་རླུང་བསྣོལ་མ་ཤུགས་བས…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      དམིགས་པ་དཔྲལ་བ་དང་སྤྱི་བོར་གཏད་དེ་ལན་གཅིག་གོ །གཅུད་སྦྲགས་རྡེབ་པ་གོང་བཞིན་བྱ། དེ་ནས་བུམ་ཅན་དང་མ་ནིང་སྤྲུགས་པའི་ངང་ནས་རྐང་པ་དང༌། རྐང་སོར་བརྐྱང་བསྐུམ་ [རྐང་རྩེ་]བཅུད་པ་ལན་དགུ་དང་བཅས་ཏེ་འོག་སྒོ་འབྱེད་འཛུམ་དྲག་ཏུ་བྱ། སྤྲུག་པ་རྡེབ་པ་མང་དུ་བྱེད། ལག་པ་གཉིས་ཕྱི་ནང་གཉིས་ནས་[བརྒྱུད]་ངར་གདོང་ནས་འཇུས་ཏེ། [རླུང་བ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      ཉམས་གང་སྐྱེས་བྱུང་རྒྱལ་དུ་ལེགས་པར་བསྐྱངས་པས། གེགས་དང་གོལ་ས་ཐམས་ཅད་ལས་རང་གྲོལ་ཏེ། ཡོན་ཏན་ཐམས་ཅད་གོང་འཕེལ་ཏུ་འགྱུར་བ་ཡིན་ནོ། །དེ་ནས་ཏིང་ངེ་འཛིན་ནི་ད་ལྟ་ལས་དང་པོ་པས་ནི་མོས་སྒོམ་དུ་བྱ་བ་ཙམ་ཡིན་ལ། དེའི་རང་བཞིན་ནི་འདི་ལྟ་སྟེ། སྟོང་གཟུགས་ཕྱག་རྒྱ་ཆེན་མོས་ཞུ་བདེ་ཡང་ཡང་དྲངས་པ་ན། མི་རིང་བར་མི་འགྱུར་བའི་བདེ་བ་ཞ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག
      བར་བྱེད། དམར་པོ་དག་པས་རུས་པ་དང་རྐང་སོགས་སྦྱོང་བར་བྱེད་དོ། །དེ་ལྟར་ན་སྙིང་སྟོབས་ཏེ་ཁུ་བ་དག་པས་འཁོར་བའི་ལུས་སྤངས་ནས་སྐུ་རྡོ་རྗེའི་གྲལ་དུ་ཆུད། རྡུལ་ཏེ་དམར་ཆ་དག་པས་འཁོར་བའི་དག་སྤངས་ནས་གསུང་རྡོ་རྗེའི་གྲལ་དུ་ཆུད། མུན་པ་སྟེ་རླུང་གི་ཁམས་དག་པས་འཁོར་བའི་ཡིད་སྤངས་ནས་ཐུགས་རྡོ་རྗེའི་གྲལ་དུ་ཆུད། བརྟེན་པ་སེམས་ཉོན་…