Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2475 results — page 116 of 124
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      ཡོད་འཕྲོ་ལ་ཅུང་ཟད་རེ་ཞི་མལ་སོང་བ་དང༌། ལུས་དང་དབུགས་ཀྱང་བདེ་བ་སྙམ་བྱེད། དེའི་འཕྲོ་ལ་སྔར་བཞིན་རྣམ་རྟོག་ལྡང་ཞིང༌། ལུས་དང་དབུགས་ཀྱང་མི་བདེ་བ་སྐྱེ། དེ་ནི་ཐོབ་པ་ཞེས་བྱ་བའི་ཉམས་ཏེ། དཔེ་བྱ་ཙི་ཙི་མོའམ། རོང་ཁུང་དོག་པོའི་འབབ་ཆུ་དང་འདྲའོ། །གསུམ་པ་ནི་ད་དུང་བསྒོམས་པས་མགོ་དང་རོ་སྟོད་ལྗི་བ་ཙམ་འབྱུང༌། སྔར་ལས་རྣམ་རྟོ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      རེས་འགའ་རྣམ་རྟོག་འགྱུ་འགྱུ་འདྲ་ཡང་ངོས་བཟུང་མེད་པར་ལྷན་ནེ་གནས། རེས་འགའ་སེམས་བཏང་ཡང་མི་འགྲོ་སྟེ། དེ་ནི་བརྟན་པའི་ཉམས་ཞེས་བྱ་བ་ཡིན། དཔེ་རུས་སྦལ་མཁར་གཞོང་དུ་བཅུག་པ་དང༌། མཚོ་ཆུང་སེར་བུས་བསྐྱོད་པ་དང༌། ལྕགས་སྦུགས་སུ་ཆུ་བླུག་པ་ལྟ་བུའོ། །ལྔ་པ་ནི་ད་དུང་འབད་དེ་བསྒོམས་པས་སྔ་མ་ལས་ཀྱང་ལུས་ཉམས་ངག་ཉམས་བདེ་ཞིང་ལུས་ཡོ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      འོད་གསལ་ལ་སྦྱོར་ཐུབ་གསུང་ངོ༌། །དེ་དག་ལ་རེས་འགའ་སེམས་མི་གསལ་བ་རངས་དྭངས་ཆ་མ་རྙེད་པ་འབྱུང་སྟེ། དེ་ནི་ཞི་གནས་ལྟེང་སོར་གྲགས་པ་བྱིང་བ་དང་འདྲེས་པའི་སྐྱོན་ཡིན། ཕྱིས་སྐབས་ཤིག་ན་དེ་ལྟ་བུ་ཡང་བྱུང་རྒྱལ་དུ་བསྐྱངས་པས་མི་རྟོག་པ་སྐྱོན་མེད་དུ་འགྲོ་བ་ཡོད་ཀྱང༌། རེ་ཞིག་ཤེས་པ་གྲིམས་ཆ་ཐོན་པར་བྱས་ལ་སྤང་དགོས། དེ་དག་གི་བར་བ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      མར་འདུས་པས་དུ་བ་ལྟ་བུ་སྟེ་ཕྱུར་ཕྱུར་བ་དང༌། དུ་གདང་ཆགས་པ་ལྟ་བུ་མེར་རེ་བ་དང༌། སྤོས་རིང་གི་དུ་བ་ལྟ་བུ་ཁྱུར་ཁྱུར་འགྲོ་བ་དང༌། ཆར་སྤྲིན་གསར་པ་འདྲ་བ་དང༌། རྨུགས་པ་འཐིབས་པ་ལྟ་བུ་འབྱུང་ཞིང༌། ཁ་དོག་སེར་དཀར་དམར་ནག་ལྗང་སྔོ་ཁྲ་བོ་སོགས་སྣ་ཚོགས་དང༌། ཁ་དོག་གཅིག་པ་དང༌། གཉིས་ལྡན་གསུམ་ལྡན་བཞི་ལྡན་ལྔ་ལྡན་ལ་སོགས་པ་སྣ་ཚོག…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      འགྲོ་བ་འབྱུང༌། ལུས་ཉམས་དྲོད་ཆེ་བ་སྐབས་སུ་རྔུལ་དང་བཅས་པ་དང༌། བཀྲེས་སྐོམ་གྱི་སྣང་བ་འབྱུང༌། ངག་ཉམས་སུ་དབུགས་ཁ་ཐུང༌། སེམས་ཉམས་སུ་ཤེས་པ་གསལ་ལ་འཕྲོ་ཞིང་རྩུབ། རྨི་ཉམས་སུ་མེའི་སྣང་བ་མང་དུ་འབྱུང༌། རླུང་གི་རླུང་འདུས་པས་མར་མེ་འབར་བ་ལྟ་བུ་སྟེ། འོད་ཚད་འབྲིང་ཙམ་གསལ་ཞིང༌། འབར་བ་ཡུན་རིང་དུ་གནས་ཤིང་གཡོ་བ་མེད་པ་དང༌། …
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      མཐོངས་ཀ་དང༌། ཚགས་སེ་དང་གྲ་མིག་ལ་སོགས་པའི་རྣམ་པ་འབྱུང་ཞིང༌། མཐར་དེ་དག་གཅིག་ལ་གཅིག་འབྲེལ་ཏེ། ཇེ་ཡངས་ཇེ་ཡངས་སུ་གྱུར་ནས། ནམ་མཁའ་མཐའ་དབུས་མེད་པར་འགྲོ། ཁ་དོག་མ་ངེས་པ་སོགས་གོང་དང་འདྲ། འོན་ཀྱང་ནམ་མཁའ་ལྟ་བུའི་རྟགས་ཡིན་ན་གང་ཡང་མི་སྒྲུབ་ཅིང་དྭངས་པ་ཞིག་འོང་ངོ༌། །ཐབས་ཀྱི་ཕྱོགས་ལ་རླུང་གི་རླུང་དབུ་མར་འདུས་པས་སེར་པ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      རླུང་དབུ་མར་འདུས་པས་དམར་པོ་འབར་བ་ཉི་མ་ལྟ་བུའི་ཉམས་འབྱུང་སྟེ། ཉི་མའི་དཀྱིལ་འཁོར་མཐོང་ཡང་རི་རྩེ་ཁང་ལོགས་ས་མཐིལ་སོགས་ལ་ཉི་འོད་འཕོག་པ་ལྟ་བུ་དང༌། གློ་སྐར་དང་མཐོངས་ཀ་ནས་ཉི་མཐོངས་བྱུང་བ་འདྲ་བ་དང༌། མུན་ཁང་གི་ནང་ཉིན་མོ་ལྟར་མཐོང་བ་དང༌། ཉི་མའི་དཀྱིལ་འཁོར་ལྟ་བུའི་འོད་ཟེར་གསལ་བ་དབྱིབས་དང་ཁ་དོག་མ་ངེས་པ་དང༌། འོད་ཟ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      འདུས་པ་ཡིན་པས། ཕུང་པོ་ལྔའི་རླུང་འདུས་པ་ཞེས་བྱའོ། །འོག་ཏུ་ཡེ་ཤེས་ཀྱི་ཁམས་ཀྱི་རླུང་འདུས་པ་ལས་ཐིག་ལེའི་རྣམ་པ་འབྱུང་སྟེ། ཁ་དོག་སྔོན་པོ་གཙོ་བོ་ཡིན་ཀྱང་གཅིག་ཏུ་མ་ངེས་སྟེ། ཁ་དོག་དྲུག་པོ་རེ་རེ་དང༌། གཉིས་ལྡན་ནས་དྲུག་ལྡན་གྱི་བར་དུ་འབྱུང་ཞིང༌། ཐིག་ལེའི་ནང་སྟོང་པ་དང༌། ནང་ཐིག་ལེ་རང་དང་མདོག་འདྲ་བས་གང་བ་དང༌། ཁ་དོག…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      སྦུབས་སྟོང་པ་དང༌། རས་ཡུག་སྔོན་པོ་བརྐྱང་པ་འདྲ་བ་སོགས་སྣ་ཚོགས་འབྱུང༌། གཞན་ཡང་སྦྲང་གཤོག་ལ་ཉི་ཟེར་ཕོག་པ་འདྲ་བ་སོགས་དང༌། འཇའ་འོད་ཕྲ་མོ་དང༌། སྐྱ་ཁྱམ་ཁྱམ་སོགས་འབར་བ་དང་ཟླ་བའི་རྣམ་པ་ཅི་རིགས་སུ་བསྡུ་བ་དང༌། གསོར་མིག་ལྟ་བུ་དང་སྔོ་ལྗང་སོགས་ཉི་མར་བསྡུ་བ་དང༌། ཤིང་སྡོང་གི་གྲིབ་མ་འདྲ་བ་དང༌། ཐག་པ་དང་སྲད་བུ་ནག་པོ་སོག…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      འགྲོ་བ་སྙམ་བྱེད། དངོས་སུའང་ལུས་གནད་མ་ཞིག་པར་རིང་དུ་འཕར་བ་འབྱུང༌། སེམས་ཉམས་སུ་གསལ་སྟོང་ཤས་ཆེ། ནམ་མཁའ་ལ་ལྡིང་ཞིང་ཡོད་པ་སྙམ་བྱེད་ན་རླུང་ཁམས་ཀྱི་བྱེད་པ་ཡིན། ལུས་ཉམས་ལུས་མེད་པར་སྙམ་བྱེད་ཅིང༌། སེམས་ཉམས་ས་རྡོ་རི་བྲག་སོགས་ཐོགས་བཅས་འདི་རྣམས་ཐམས་ཅད་སངས་པའམ་ཆ་ཤས་ཅི་རིགས་ཅི་རིགས་ནས་སངས་ཏེ། རང་ཉིད་ནམ་མཁའི་དབྱིངས…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      སྣང་ཅི་རིགས་པར་མཐོང་བ་ནས་གཟུང་སྟེ། སེམས་མི་རྟོག་པ་ལ་རང་ཤུགས་སུ་གནས་པའི་ངང་ནས། ལུས་ཉམས་དྲག་པོ་འདར་བ་དང་གཡོ་བ་དང་འཕར་བ་དང་རྒྱུག་པ་དང་བྲོ་གར་བྱེད་པ་ལ་སོགས་པ་དང༌། ངག་ཉམས་དྲག་པོ་སྨྲ་བ་དང་རྒོད་པ་དང་ངུ་བ་དང་གླུ་ལེན་པ་དང་སྔགས་ཀྱི་ཚིག་དང་ཀུ་ཅོ་འདོན་པ་སོགས་འབྱུང་སྟེ། དང་པོ་གསལ་སྟོང་ཙམ་གྱི་ངང་ནས་འབྱུང་ལ། ཕྱིས་…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      གཏན་བསྒོམས་པས་སོར་སྡུད་ཀྱི་དུས་ཀྱི་རྟགས་སྣང་གི་རྒྱུ་རྣམས་ཆོས་ལྔ་ལྡན་དུ་འགྱུར་ཞིང་ངེས་པ་ཁོ་ནར་རགས་པ་རྣམས་ཤིན་ཏུ་ཕྲ་བར་འགྱུར་རོ། །དེས་ན་ཕལ་ཆེར་ལ་རྟགས་སྣང་ཐོག་མ་ཕྲ་རགས་གང་ཡིན་ཡང་ཅུང་ཟད་མི་གསལ་ཞིང་བར་དུ་རགས་ལ་གསལ་བ་དང༌། མཐར་ཕྲ་ཞིང་གསལ་བ་འབྱུང་བ་ཡིན་ཀྱང༌། འགའ་ཞིག་ལ་སྔར་གྱི་རྟགས་སྣང་རགས་པ་དེ་བསམ་གཏན་བསྒོམ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      ཆེན་པོ་ལ་མཉམ་པར་གཞག་པས་དམར་སེར་ལ་སོགས་པ་ཁ་དོག་གཉིས་འདྲེས་ཀྱི་རྣམ་པ་དྭངས་ཤིང་གསལ་བ་ཞིག་གི་དབུས་སུ། དང་པོ་དབུ་ཕྱག་ལ་སོགས་པ་སྐུའི་ཆ་ཤས་ཙམ་འབྱུང་ཞིང༌། དེ་ཇེ་གསལ་ལ་ལྷའི་སྐུ་རྣམ་པ་ཡོངས་རྫོགས་སུ་རྫོགས་པ་འཆར་རོ། །ཡང་བསམ་གཏན་ཤིན་ཏུ་བརྟན་པ་མཐར་ཕྱིན་ན། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་དེ་ཡང་ཡུལ་ངེས་པ་ཐི…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      ཏེ། སྤྱི་སྟོང་གཟུགས་འདི་རང་སེམས་ཡིན་ཏེ། གཞན་སེམས་ཤེས་པའི་མངཽན་ཤེས་མེད་པས་ཀྱང་ཤེས་ཤིང་ཉམས་སུ་མྱོང་བའི་ཕྱིར་རོ། །ཞེས་སྤྱི་ལྡོག་ནས་སྟོང་གཟུགས་ནི་བེམ་པོ་དང་མེད་བཞིན་སྣང་བ་ཡིན་པར་འདོད་པ་གཞན་དུ་བཀག་ཟིན་པས། ཤེས་པ་ཡིན་པར་སྒྲུབ་པ་ལས་ཤེས་པའི་ནང་ནས་གཞན་སེམས་མ་ཡིན་ཞིང་རང་སེམས་ཀྱི་སྣང་བ་ཡིན་པའི་སྒྲུབ་བྱེད་དུ་དེ་…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      ཐོག་མར་དགེ་བའི་འཁྲིད་ཀྱི་ཉམས་མྱོང་རྒྱུད་ལ་སྐྱེས་པས་གང་ཟག་དེས་ནི་དོན་དམ་པའི་བུམ་དབང་དངོས་ཐོབ་པ་ཡིན་ཏེ། དེ་བཞིན་དུ། བར་དགེས་གསང་དབང་དང༌། རྗེས་དྲན་གྱིས་ཤེར་དབང་དང༌། ཏིང་ངེ་འཛིན་གྱིས་དོན་དམ་པའི་དབང་བཞི་པ་དངོས་ཐོབ་ཅེས་གསུངས་པའང་རྣམ་གྲངས་ཀྱི་སྒོ་ནས་དེ་ལྟར་ཡིན་ལ། སྤྱི་ནི་སོར་སྡུད་རྐྱང་པ་རྒྱུད་ལ་སྐྱེས་པས་ཀྱ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      སྟོབས་ཆུང༌། ཐིག་ལེ་སྟོབས་ཆེ་ན། མགོ་དང་མིག་རུས་མི་བདེ། བྱད་ཤ་འགྱུར། ལངས་ན་མགོ་འཁོར། མེ་སྟོབས་ཆེ་ན་འགའ་ཞྀག་ལ་འཛག་གེགས་འབྱུང་ཉེན་ཡོད་པས། རླུང་སྦྱོར་གྱིས་བསལ་དགོས། རླུང་དབུ་མར་འཇུག་ཏུ་ཉེ་ན་རྟགས་སྣང་རྣམས་དབང་པོའི་སྒོ་ནས་འཚང་བ་དང༌། བ་སྤུའི་སྒོ་ནས་འཇུག་པ་སོགས་འབྱུང༌། མེ་སྟོབས་ཆུང་བ་ལ་རླུང་གྱེན་དུ་སོང་བས་སྤ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      སྙམ་བྱེད། དེ་ནས་འོད་ཀོར་རང་གི་ལུས་ཀྱི་ནང་དུ་འཁོར་བ་འབྱུང་ངོ༌། །སྤྱིར་འོད་ཀོར་དམའ་ས་ནས་ལངས་ཏེ། གྱེན་དུ་དྲག་པོར་འཁོར་བ་དེ་ཤིན་ཏུ་བཟང་བ་ཡིན་ནོ། །དེ་ཡན་ཆད་ཙམ་ལ་བུམ་ཅན་གྱིས་དབུ་མར་བཅུག་ན་འབེབས་པ་སོགས་མ་བྱས་ཀྱང་འཕོ་བའི་གེགས་སུ་མི་འགྱུར་བ་ཤས་ཆེ་གསུང་ངོ༌། །བྱེད་བཅིངས་ལོག་པའམ། དེ་ལས་ཀྱང་ཐལ་ན་རྟགས་སྣང་སངས། ཐོ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      ཡོང༌། སྤྱི་བོར་བུ་ག་ཟང་ཐལ་དོད་ཡོང་བའང་སྲིད། དེ་གློད་ཅིང་འབེབས་དགོས། གོམས་ན་མཐོང་སྣང་ཐམས་ཅད་ལྗང་མེར་འགྲོ། སྐུ་དང་ཐིག་ལེ་ལྗང་ཁུ་ཕྲ་མོ་དང༌། ཡོན་ཏན་འཆར་ཚུལ་སྔ་མ་དང་འདྲ་བ་ལས་ཆེས་བཟང་བ་འཆར་རོ། །ལུས་ཆུ་ལུད་པ་ལྟར་འཕྱར་བའི་ཉམས་དང༌། རྨི་ལྟས་རི་ལ་འབབ་འཛེག་དང༌། འཕུར་བ་དང༌། རྟ་རྒྱུག་པ་སོགས་འབྱུང༌། འབྱོངས་ན་རྨི་ལ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      འདོད་རྩུབ་ལ་ལྕི་བ་དང༌། སྣང་བ་སེར་པོར་སྣང༌། ཆུ་འཆིངས་ན་གྲང་ལ་མཉེན་པ་དང་ཆུའི་སྣང་བ་འཆར་བ་ཤས་ཆེ། ལར་ཆུ་ལ་གྲང་དྲོ་གཉིས་ཀའང་འབྱུང༌། མེ་འཆིངས་ན་དྲོད་འབར་ཞིང་མེའི་སྣང་བ་འབྱུང༌། རླུང་འཆིངས་ན་ལུས་ཡང་ཞིང་འཕར་བ་དང༌། རླུང་པོའི་སྣང་བ་འབྱུང༌། ནམ་མཁའི་རླུང་འཆིངས་ན། སྔོ་ཡམ་པ་དང༌། བདེ་སིང་བ་དང༌། ལག་པས་བྱུག་པ་སོགས་ཆེ…
      JTN004 · ཏཱ་ར་ནཱ་ཐ།
      རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
      བཀོལ་དུ་མི་བཏུབ་པ་འབྱུང༌། རླུང་འཕེལ་ན་ཆུ་ཉམས་ཏེ་འགྲོས་མགྱོགས་ཤིང་ལུས་ཡང༌། འགྲོ་སྙིང་འདོད། སེམས་བཟུང་ཀྱུང་མི་ཟིན་པ་ཡོང༌། ནམ་མཁའ་ཐམས་ཅད་ཀྱི་གྲོགས་ཡིན་ཡང༌། ནམ་མཁའ་ཁོ་ན་འཕེལ་པས་གཡངས་ཟ་ཞིང་སྐྱོ་ཤས་ཆེ་བར་འབྱུང༌། དེ་དག་ཀྱང་ཕལ་ཆེར་བྱུང་རྒྱལ་དུ་བསྐྱངས་ཤིང༌། ལུས་ལ་ནད་ཁམས་འཕེལ་བར་འདུག་ན་གེགས་སེལ་གྱིས་བཅོས། དེ་…