Author
About 40% of texts have an author recorded — this list will grow as more are attributed.
2475 results
— page 117 of 124
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
ཟུག་ཆང་ཆུང་མང་པོ་ལྡང༌། འདི་དག་གང་དུ་འབྱུང་མ་ངེས་ཏེ། རྩ་ཆད་ཅི་རིགས་པ་གསོས་པ་ཡིན་ནོ། །དེ་ནས་བར་སྐབས་སུ་བཏང་སྙོམས་དང་བདེ་ཉམས་ཤས་ཆེ་བར་འབྱུང༌། ཡང་བར་སྐབས་ཞིག་ནས་རླུང་གིས་རྩ་གང་ནི་གང་ལ། དབྱིངས་སུ་ཐིམ་མ་ཐུབ་པས་སྲོག་ཐུར་འདྲེས་པའི་རླུང་སྟོབས་སུ་གྱུར་ཏེ། གོང་དུ་བཤད་པ་ལྟ་བུའི་འཕོ་བའི་གེགས་ཤིག་འབྱུང་ཉེན་ཡོད། ར…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
ཡང་ཐིག་ལེ་བཞིའི་སྣང་བ་ལས་འཁོར་འདས་ཀྱི་ཆོས་མཐའ་དག་འཆར་ཏེ། གྲུབ་མཐའ་བཞིའི་ལྟ་བ་དང༌། མུ་སྟེགས་བྱེད་ཀྱི་རྒྱུད་བཞི་དང༌། རིག་བྱེད་བཞི་དང༌། སྡེ་པ་བཞི་དང༌། གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པའི་ལྷའི་སྣང་བ་དང༌། སྔགས་ཀྱི་སྣང་བ་དང༌། ཚིག་དོན་རྣམ་པར་འབྱེད་པའི་བློ་གྲོས་དང༌། ལྟ་སྤྱོད་སྒོམ་གསུམ་གྱི་ཉམས་མཐའ་ཡས་པ་འབྱུང་ལ…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
ལུས་ཀྱི་ཐིག་ལེ་དཔྲལ་བ་ན་གནས། གཉིད་སད་དུས་ཀྱི་སྣང་བ་རགས་པ་ཐམས་ཅད་དེས་བསྐྱེད། ངག་གི་ཐིག་ལེ་མགྲིན་པ་ན་གནས། རྨི་ལམ་དང་བར་དོ་ལ་སོགས་པའི་སྣང་བ་ཐམས་ཅད་དེས་བསྐྱེད། ཡིད་ཀྱི་ཐིག་ལེ་སྙིང་ག་ན་གནས། གཉིད་འཐུག་པོ་དང་བརྒྱལ་བ་དང་འཆི་བ་ལ་སོགས་པའི་གནས་སྐབས་ཐམས་ཅད་དེས་བསྐྱེད། བཞི་པའི་ཐིག་ལེ་ལྟེ་བ་ན་གནས། གཉིས་སྦྱོར་ལ་སོ…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
གཡོ། ཁམས་རྣམས་ཡར་མར་དུ་འདུ་ཞིང་སྟེང་འོག་ཏུ་ཅུང་ཟད་གང་བ་རྣམས་ཡིན་ལ། རྟགས་དངོས་ནི་དབུ་མའི་ནང་དུ་ཕྲ་ཞིང་ཕྲ་བའི་རེ་ཁཱ་ནག་པོ་ནཱ་དའི་རྣམ་པ་ཅན་དང༌། རྟ་རྔ་ཟླུམ་པོར་བཀུག་པ་ལྟ་བུའི་ཐིག་ལེའི་རྣམ་པ་ཅན་འོད་ཟེར་དཔག་ཏུ་མེད་པ་འབར་བ། རེ་ཁཱ་ཕྲ་མོའི་ནང་ན་རྟགས་བཅུ་ཀར་རྫོགས་པར་འཆར་ཞིང༌། སྐུ་གཟུགས་ལ་སོགས་པ་དག་པ་དང་མ་དག་པ…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
འགྱུར་བར་སྣང་བའང་ཡོད་པ་དང༌། སྤྱིར་ཕྱི་ནང་ཐམས་ཅད་དུ་འཆར་བ་ཡིན་ཡང་དྷཱུ་ཏཱིའི་ནང་དུ་འཆར་བ་ནི་མར་མེ་ལྟ་བུ། གཞན་རྣམས་མར་མེའི་འོད་ལྟ་བུའོ། །འདི་ནི་སྲོག་དབུ་མའི་ཐིག་ལེ་ལ་ལན་གཅིག་ཐིམ་པ་ནས་འབྱུང་སྟེ་མཐར་བརྟན་པ་ཐོབ་ནས་ལས་ཚོགས་སྣ་ཚོགས་པ་འགྲུབ་བར་འགྱུར་རོ། །དཔེར་ན་སྲོག་དང་འདྲེས་པའི་སྟོང་གཟུགས་ཀྱི་ལྷ་དེ་ཉིད་སྙིང…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
གླང་པོ་ཆེ་རྣམས་བསྐྲད་པར་བསམས་ཏེ། །མགྲིན་པའི་བུམ་ཅན་བྱས་ན་གླང་པོ་ཆེའི་ཉེར་འཚེ་བཟློག་པ་ལ་སོགས་པ་དུད་འགྲོ་གདུག་པ་ཅན་རྣམས་དང༌། ལྷ་མིན་དང་འབྱུང་པོ་སྤྲོད་པར་བྱེད་པ་སོགས་མདོར་ན་ཕྱི་ནང་གི་རྟེན་འབྲེལ་མ་ནོར་བར་བསྒྲིགས་པས་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྐབས་འདིར་གཞོམ་མེད་ཀྱི་ནཱ་དའི་སྒྲ་དབྱངས་ཀྱང་འབྱུང་བར་འགྱ…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
འདི་རིགས་ཆགས་ལམ་གྱིས་བདེ་བ་སྤེལ་བས་སེལ་ལོ། །འཛིན་པའི་སྐབས་འདིར་ཡང་གཏུམ་མོའི་འབར་སྣང་གིས་རྩ་སྒོ་ཕྱེ་ནས་སྲོག་སྡུད་ཀྱི་འཕོ་བ་འབྱུང་བའི་གེགས་ཅུང་ཟད་འབྱུང་བའི་སྐབས་ཡོད་ཀྱང༌། རླུང་སེམས་ལ་ཅི་རིགས་པར་དབང་ཐོབ་པས་གེགས་སེལ་གྱི་གདམས་ངག་ཕལ་པ་ལ་མ་ལྟོས་ཏེ། སྒྲུབ་པ་པོ་རང་ཉིད་ཀྱིས་ཤེས་པར་འགྱུར་རོ། །སྲོག་རྩོལ་མཐར་ཕྱི…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
ལ་ལྟོས་ནས་རྒྱ་ཤིན་ཏུ་ཆུང་ངུ་ཞིག་གསལ་བར་བྱེད་པས་སོ། །སྲོག་རྩོལ་གྱི་སྐབས་ཀྱི་རྟགས་ཐམས་ཅད་ནི་གཉིས་པ་གློག་གི་མཚན་མ་སྟེ། སྔ་མ་ལས་རྒྱ་ཆེ་ཡང་མི་བརྟན་པས་སོ། །གསུམ་པ་འོད་ཟེར་དཀར་པོའི་མཚན་མ་ནི་འཛིན་པའི་སྐབས་ཀྱི་མཚན་མ་ཐམས་ཅད་དོ། །དེར་ཞུ་བདེ་འཛག་མེད་གྲུབ་པས་བྱང་ཆུབ་ཀྱི་སེམས་རྒྱས་ཤིང༌། རྩ་ནང་ཐམས་ཅད་དུ་ཐིག་ལེ་འགྲ…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
ཐུབ། སྤྱི་བོར་སྡུད་ཐུབ། དེར་ཤིན་ཏུ་ཞུ་ཞིང་དབུ་མའི་ལམ་དུ་དྲངས་ནས་བཟུང་གིན་བཟུང་གིན་འཁོར་ལོ་དྲུག་འགེངས་ནུས་ཏེ། གཏུམ་མོ་འབར་བའི་ནུས་པ་རྫོགས་ཤིང་བརྟན་པ་ཐོབ་ན་དེ་ལྟར་འབྱུང་གི་གཞན་ལ་མི་འབྱུང་ངོ༌། །དེ་ཡང་མཉམ་བཞག་དང་རླུང་སྟོབས་ཀྱྀས་རླུང་དང་ཐིག་ལེ་འདྲེས་པ་དེ་ཉིད་ཞག་གཅིག་དབུ་མར་འཛིན་ནུས་ན་བརྒྱལ་བ་ཞེས་བྱ་སྟེ། …
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
གཏད་ཕྱིར་ཕབ་ཀྱང་འཛག་མི་ཐུབ་པ་ལ་ཟེར་རོ། །འཁོར་ལོ་འོག་མ་འོག་མ་རྣམས་སུ་བབས་པའི་སྐབས་ཀྱང་གོང་མ་གོང་མ་གང་བདེ་ཉམས་པ་མེད་ཅིང༌། སྐད་ཅིག་སྐད་ཅིག་ལ་བྱང་ཆུབ་ཀྱི་སེམས་འཕེལ་བས་འཕེལ་བའི་ཆ་གང་ཡིན་པ་དེ་འོག་མ་འོག་མར་འགྲོ་ཞིང་གསོག་པར་བྱེད་ཅིང༌། དེ་ལ་གོང་མ་གོང་མའི་རོ་བཅུད་དང་ངད་དང་ནུས་པའི་ཆ་ཤས་ཡོད་པས་གོང་མའི་ཐིག་ལེ་འོ…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
ཐིག་ལེ་རྩོལ་མེད་དུ་བརྟན་པར་འགྱུར་བ་ཡིན་ནོ། །གང་བས་གཡོ་མེད་དུ་གནས་པ་ནི་བུམ་པ་གང་བ་བཞིན་ནོ། །བདུན་པ་ཆོས་ཀྱི་དབྱིངས་ཀྱི་ཉམས་ནི་ཞུ་བདེ་དེས་རང་བཞིན་ལྷན་ཅིག་སྐྱེས་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གནས་ལུགས་དེ་དངོས་སུ་ཉམས་སུ་མྱོང་བ་སྙམ་བྱད་ཅིང༌། གནས་ལུགས་དེ་ཤིན་ཏུ་གསལ་བར་མཚོན་པར་ནུས་པ་ཡིན་ནོ། །བརྒྱད་པ་བདག་ཉིད་སངས་ར…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
གཞན་ཡང་འཛིན་པའི་སྐབས་སུ་གཏུམ་མོ་འབར་བ་བཅུ་འགྲུབ་ཚུལ་དང༌། འཛིན་པ་ནས་རྗེས་དྲན་ལ་འཚམས་སྦྱོར་ཚུལ་དང༌། རྗེས་དྲན་གྱི་མགོ་ཐོབ་པ་ཙམ་ནས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་འདོད་པའི་ལྷ་དེ་གྲུབ་པ་ཡིན་ཀྱང་ཞུ་བདེ་རྫོགས་པར་འདྲེན་ཐུབ་མི་ཐུབ་ཀྱི་ཁྱད་པར་དང༌། སྟོང་གཟུགས་ཀྱིས་བདེ་བ་འཕཻལ་ཐུབ་མི་ཐུབ་དང༌། མི་འགྱུར་བའི་བདེ་བ་བསྐྱེད…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
འཁྲིད་པ་ཡིན་པས་རྟགས་ཚད་ཤེས་པ་གལ་ཆེ་ཞིང༌། སྟོང་གཟུགས་ལ་གཅེས་སྤྲས་དང་རྩིས་སོ་ཆེར་བྱེད་དགོས། འོན་ཀྱང་སྟོང་གཟུགས་མཐོང་བ་ཙམ་གྱིས་མི་ཆོག་སྟེ། ངོ་སྤྲོད་ཚུལ་དང༌། ལམ་དུ་བསྲོལ་ཚུལ་དང༌། བོགས་འདོན་ཚུལ་མ་ནོར་བར་བྱེད་དགོས་སོ། །གང་དག་འོད་གསལ་སྟོང་གཟུགས་ལ་འཁྲུལ་སྣང་གི་ཉམས་ཙམ་མོ་ཞེས་སྨོད་པ་དེ་དག་ནི། རྒྱུད་སྡེ་མཐའ་ཡས…
JTN004
· ཏཱ་ར་ནཱ་ཐ།
རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ
ཤོགས་སྟོང་།
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
སྦྱོར་དྲུག་གེགས་སེལ་བཞུགས།
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
ན་མོ་གུ་རུ་ཝེ། སྐབས་འདིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་ཉེར་མཁོའི་ཡན་ལག་ཏུ་གེགས་སེལ་གྱི་མན་ངག་ཅུང་ཟད་ཙམ་ཞིག་བཤད་པར་བྱའོ། །དེ་ལ་གེགས་ཐམས་ཅད་བསྡུ་ན་གསུམ་སྟེ། ལུས་སེམས་གཉིས་ཀར་ལ་གནོད་པ་བདུད་ཀྱི་གེགས་དང༌། གཙོ་བོར་སེམས་ལ་གནོད་པ་ཏིང་ངེ་འཛིན་གྱི་གེགས་དང༌། གཙོ་བོར་ལུས་ལ་གནོད་པ་འབྱུང་བ་ལུས་འཁྲུགས་རྗེས་འབ…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
གུས་བསྒོམ་པའི་ལམ་བླུན་པོ་དང་ཉ་མའི་ཆོས་ཡིན་པར་བརྩི་ཞིང༌། རང་ལ་ཡོན་ཏན་ཕྲ་མོ་ཡོད་པའི་ཡུས་ཀྱིས་བླ་མ་བསྟེན་ཚུལ་ཆོས་ནས་བཤད་པ་བཞིན་མི་བྱེད་ཅིང༌། མན་ངག་ལ་ཐོབ་གཤའ་བྱེད་པའི་ཚུལ་དུ་དབང་ཆེའི་སྤྱོད་པས་ལེན་པར་བྱེད་པ་རྣམས་ལ་ནི་ཉམས་མྱོང་ཡེ་མི་སྐྱེ་བའམ། ཅུང་ཟད་སྐྱེས་ཀྱང་བར་ཆད་ཀྱིས་འཁྱེར་བར་ཐེ་ཚོམ་མེད་དོ། །དེས་ན་མོས་…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
ལ་བསྐུལ་མ་ཡིན། རྨི་ལྟས་བཟང༌། ལོངས་སྤྱོ་འཕེལ། མི་ཁ་བྱམས། གཏམ་སྙན། འཕྲལ་སྐྱིད་ཀྱང་དཀོན་མཆོག་གི་བྱིན་རླབས་ཡིན་པའི་ངེས་པ་མེད། དེ་ལ་བརྟེན་ནས་ཆོས་མི་འཕཻལ་བར་སོང་ན་བདུད་རིགས་ཀྱི་བར་ཆད་ཡིན། རང་གཞན་གྱི་དགེ་བ་གོང་འཕེལ་དུ་སོང་ན་དཀོན་མཆོག་གི་བྱིན་བརླབས་སམ་དཀར་ཕྱོགས་ཀྱི་ལྷའི་མཐུ་ཡིན་ནོ། །སེམས་ཀྱི་གེགས་སམ་ཏིང་ངེ་…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
འདེབས་པ་དང༌། ཐུན་འཕྲོ་བཅད་ཀྱིན་བཅད་ཀྱིན་དྲན་པས་བཟུང་བས་སེལ། རྣམ་གཡེང་གི་ཉེས་དམིགས་དང༌། སེམས་གནས་པའི་ཕན་ཡོན་བསམ། གྲིམ་ལྷོད་སྤེལ་མར་བྱས་ཏེ་བསྒོམས་ན་སེལ་བ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་སོ་སོ་ལ་སོ་སོའི་གཉེན་པོ་ཅི་རིགས་པ་བསྟེན་ནས་དབྱིངས་སུ་མཉམ་པར་འཇོག་པ་སྟེ། ཞེ་སྡང་ལ་སྙིང་རྗེ། འདོད་ཆགས་ལ་མི་གཙང་བ། སྲེད་ཞེ…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
ཟས་ཞུ་རྗེས་འཕོ་བ་ཚ། ལུས་ལྕི། རྙིང་པ་དང་བཅུད་ཅན་གནོད་ པའོ། །གཞན་ཡང་མཆིན་པ་ལ་ནད་ཡོད་ན། མིག་མི་གསལ་ཞིང་ན་བ་དང༌། མཁལ་མ་ལ་ཡོད་ན་རྣ་བ་འོན་ཞིང་རྣག་སོགས་འབྱུང༌། གློ་བ་ལ་ཡོད་ན་སྣས་དྲི་མི་ཚོར་བསྣབས་མང༌། སྙིང་ལ་ཡོད་ན་ལྕེ་མི་བདེ་ཞིང་འབྲུམ་པ་འབྱུང༌། མཚེར་པ་ལ་ཡོད་ན་རེག་བྱ་མི་གསལ་ཞིང་ཁོལ་བུར་ན་བ་སོགས་དང༌། རུས་པ་ལ་…