Author
About 40% of texts have an author recorded — this list will grow as more are attributed.
2475 results
— page 118 of 124
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
སྟེང་གི་སྦྱོར་བ་ལ་བརྟེན་ནས་དགྲོལ་བ་ནི། ལུས་གནད་གཞན་རྣམས་ཅི་བདེར་བཅས། འོག་གི་འབྱེད་འཛུམ་གྱི་སྦྱོར་བས་ཐུར་སེལ་འཐེན་གློད་མང་དུ་བྱ། རླུང་རོ་བསལ་ལ་སྟེང་རླུང་དྲག་ཏུ་རྔུབས་ཏེ་གསང་བར་ཤུགས་ཆེན་པོས་མནན། དེ་ནས་ཡར་འཐེན་ཏེ་སྟཽད་དུ་སླཻབ་པ་ཙམ་ན་ལག་པ་ཁུ་ཚུར་བསྐྱང་ཞྀང་ནུ་ཁར་བརྡེགཁ་ནས་ཧཱ་རིང་ཧ་ཐུང་འདོན་ཞིང་ལུས་འཕར་རྡ…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
སྲོག་རླུང་དང་བཅས་པ་དེ་ཐུར་སེལ་གྱི་གནས་སུ་གློ་བུར་དུ་ལྷུང་ན། རྩ་ཆུ་བསྡམས་པའམ་འོག་སྒོ་སྡུད་མི་ཤེས། རྒྱུ་ཞབས་དང་བཤང་གཅིའི་ལམ་གཟེར། སྟོད་ཀྱི་དྲོད་བསྡུས། སྨད་ལྷག་པར་ཚ། དེ་བཅོས་པ་ནི་གཅིག་གིས་རྐང་པ་ནས་བཟུང་ཞྀང༌། མགོ་ཞབས་སློག་པའི་ཚུལ་གྱིས་མགོ་ས་ལ་མ་རེག་ཙམ་རྒྱབ་ཏུ་ཁུར། གཅིག་གིས་གཞུག་རུས་ནས་ལྟག་པའི་ཚིགས་པ་ཟད་…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
འོང༌། དེ་ནི་སྙིགས་མ་ནད་དུ་གྱུར་ཟིན་པ་ཡིན་ལ། དྭངས་མ་འཆོར་བའི་རྟགས་སུ་རྩ་ཆུ་དོར་བས་ལུས་འདར་ཤིག་པ་དང་མགོ་འཁོར་བའམ་འགྱེལ་ཚད་པ་འབྱུང༌། དེ་ལ་རླུང་ཁ་སྦྱོར་ལྟེ་བ་ནས་རྒྱུ་ཞབས་ཀྱི་བར་དུ་འཐེན་གནོན་བཞི་ལྔ་ཞིག་བྱ། རྒྱ་མཚོ་རི་རབ་ལ་གཅིར་བ་སོགས་ལུས་ཀྱི་འགྱུར་བ་བཞི་དང་ལྡན་པས་རླུང་ཁ་སྦྱོར་ཐེན་ནེའི་ངང་ནས་རྩ་ཆུ་རང་འགྲོ…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
བཞིན་བསྐོར་དགོས་ཏེ། གཡས་གཡོན་གང་ནས་འཛག་པའི་ཕྱོགས་དེ་ཉིད་གཡབ་བོ། །སྣབས་དང་འདྲེས་ན་སྣབས་སྔོ་སངས་ཚྭ་མི་བྲོ་བ་འབྱུང༌། རྟགས་གཞན་གོང་དང་འདྲ། དེ་ལ་བུམ་ཅན་གྱི་ངང་ནས་སྣ་བཀག་སྟེ་སྣའི་རླུང་རྔུབ་པ་དེ་ཀས་སེལ། རྣ་པགས་དང༌། ལྷན་ཅིག་འབྱུང་བ་ཡང་རྟགས་གཞན་འདྲ་བ་ལས་རྣ་བའི་གཏིང་ཟ་བར་འོང༌། དེ་ལའང་རླུང་སྦྱོར་བཤད་མ་ཐག་པ་དེ་…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
མཉམ་གནས་རྒྱས་པས་མང་དུ་ཟོས་ཀྱང་བཀྲེས་ཤིང་སྟོབས་ཆུང༌། ངལ་ཞིང་དུབ་ན་གཡས་ཀྱི་མེ་རླུང་ལ་དམིགས་ནས་བུམ་ཅན་དང་རྡོར་བཟླས་བྱས་པས་སེལ། མཉམ་གནས་སྟོབས་ཉམས་ན་ཟས་མི་འཇུ། དམུ་ཆུ་དང་སྐྲན་སོགས་སུ་འགྱུར་བས་གཡོན་གྱི་ས་རླུང་ལ་དམིགས། སྲོག་རླུང་འཕེལ་ན་དྲོད་ཉམས་རླུང་སེམས་རྒོད། སྨྱོ་འབོག་ཏུ་འགྱུར། དྲི་ཆུའི་ལམ་གྱི་རླུང་ལ་དམི…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
ཁར་གཟེར་ན་སྟོད་འཚངས་དང་སྙིང་གཟེར་འོང༌། རེངས་ན་སྙིང་རླུང་དུ་འགྲོ་བས་ལུས་ཆུར་བཅུག་སྟེ་གང་ན་ས་དེ་ཆུའི་རྦ་ལ་གཏད། དེ་རྗེས་བསྐུ་མཉེ་བྱ། ནོར་བུར་སེམས་བཟུང་བས་སེལ། གྱེན་རྒྱུ་ཟིན་ན་ཕོ་བ་སྦོ། མཁལ་སྐྱེད་ན། གཟེར་ཞིང་སྐྱུག །རེངས་ན་ཕོ་གཟེར་དང༌། དམུ་ཆུར་འགྲོ། དེ་ལ་ཆང་གི་ཁ་ཁྲུ་གདབ། ན་སར་དུགས་བྱ། སྐྱིགས་བུ་འདོན། ཤེས…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
ལུས་ཀྱི་ཆ་ཤས་སོ་སོ་དང་རླུང་བཅུའི་གནས་གང་ལ་ཡང་རུང་སྟེ། སོ་སོའི་འཁྲུལ་འཁོར་བྱས་པས་མཆོག་ཏུ་ཕན་པར་འགྱུར་ཞིང༌། གང་ན་སར་གཏད་ནས་བུམ་པ་ཅན་འབུགས་པ་བཞིན་བཟུང་པ་དང༌། གང་ན་ས་དེ་ཉིད་སྟོང་པར་བསྒོམ་པ་དང༌། གང་ན་སར་དབུ་ག་དོད་ཅིང་ཧ་ཞེས་རླུང་དྲག་ཏུ་བུས་པས་བུ་ག་ནས་རྒྱངས་རྒྱངས་ཐོན་པར་བསྒོམ་པས་ཀྱང་ཕལ་ཆེར་སེལ་བ་ཡིན་ནོ། །ཡ…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
དུག་དང་མགོ་ནད་དང་མིག་ནད་རྣམས་ཀྱང་བུམ་པ་ཅན་གྱི་སྦྱོར་བ་ཟླ་གཅིག་བསྒོམས་པས་སེལ་བར་བཤད་ཅིང༌། མ་ཞུ་བ་ལ་གན་ཀྱལ་དུ་འདུག་ལྟེ་བའི་བུམ་ཅན་བཟུང་ལག་པ་གཡོན་པས་ལྟེ་བའི་པགས་པ་བསྡུས་ཏེ་མགོ་དང་རྐང་པ་གྱེན་དུ་འདེགས་པས་ལྡང་བ་ལྟ་བུའི་ཚུལ་ཡང་ཡང་བྱེད་པས་སེལ་ལོ། གཞན་ཡང་རླུང་མཁྲིས་བད་ཀན་འདུས་པའི་ནད་ཀུན་ལ་སོ་སོའི་ནད་བསྐྱེད་པ…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
ཐམས་ཅད་གྱེན་རྒྱུ་དང་མཉམ་གནས་གྱི་སྐྱོན་ཡིན་པས་སྟོབས་ཆུང་ན་སྟེང་འོག་གི་རླུང་ཅུང་ཟད་རེ་བཟུང་ཞིང་ཕྱི་ལ་དྲག་ཏུ་འབུད་ཅིང༌། འབུད་དུས་རླུང་ཞབས་བར་རླུང་ཅུང་ཟད་རེ་མ་བཟུང་ན་གྲང་བར་ཐལ་ཉེན་ཡོད། སྟོབས་ཆེ་ན་ཤིད་སྒྲ་དང་བཅས་ཏེ་ཁ་ནས་རླུང་གྲང་མོར་རྔུབས་ཏེ་བཟུང༌། གཏོང་བའི་སྐབས་ཀྱང་སོ་བསྒྲིགས་ཏེ་སིང་སྒྲ་དང་བཅས་ཏེ་ཡུན་བས…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
ཞིང༌། ཁྱད་པར་བད་རླུང་མགོ་འཁོར་སོགས་ལ་བསྔགས་སོ། །དེ་ཡང་གཙུག་ཏོར་གྱི་རྩ་འདབ་བཞི་དང༌། དཔྲལ་བའི་བཅུ་དྲུག་བད་ཀན་སྐྱ་བོ་འཕེལ་ཟད་བྱེད་པའི་རྩ་ཡིན་པའི་གནད་ཀྱིས་སོ། །ལུས་གནད་དེ་དང་མཚུངས་པ་ལས། བདུད་རྩི་ལྕེ་སྦྱོར་གྱི་མན་ངག་བཞིན་དུ་རླུང་གྲང་མོ་རྔུབས་ལ་བཟུང༌། མགྲིན་པ་སྐོར་ཞིང་རོ་སྟོད་གཅུ། དེ་རྗེས་འོག་རླུང་རང་བབས་…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
ཁྱད་པར་གྲོགས་དང་ཆོ་གའི་སྦྱོར་བ་སྣ་ཚོགས་ལས་ནུས་པ་ཐ་དད་པ་དུ་མར་འགྱུར་རོ། །སྐབས་འདིར་ཀུན་སྤངས་ཀྱི་སྨན་སྦྱོར་རྒྱུད་ལས་གསུངས་པ་ནི། རའི་འོ་མ་ཚ་བ་གསུམ་དང་བཅས་པས་བད་ཀན་དང༌། མ་ཧེའི་འོ་མ་ཀ་ར་དང་བཅས་པས་མཁྲྀས་པ་དང༌། རྔ་མོའི་འོ་མ་རྒྱ་ཚྭ་དང་བཅས་པས་རླུང་འཇོམས་ཤིང༌། བའི་འོ་མ་ཉེས་པ་གསུམ་ཆར་འཇོམ་བྱེད་དེ། ཚ་བ་གསུམ་དང་…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
བནྡྷ་ཀརྐོ་ཊི་ནི་མཁན་པ་འབྲུ་མེད་པ་ཡིན་ཟེར་བ་དང༌། བ་ཤ་ཀ་ནག་པོ་ཡིན་པར་འདོད་པ་གཉིས་ཡོད་པ་ཕྱི་མ་འཐད་དོ། །སྔ་མ་ཡང་ཚབ་མ་རུང་བར་འདོད་ཅིང་མྱོང་བས་གྲུབ་པ་ཡིན་ན་མི་འགལ་ལོ། །ཉི་མའི་ཤིང་གི་འདབ་མས་བསླན་པས་ཀྱང་དེ་ལྟར་འགྱུར་བར་གསུངས་ལ། འདི་བོད་ཀྱི་ཉི་ཤིང་བ་ཡིན་ཟེར་བ་མི་འཐད་ཅིང༌། ཚབ་མ་ལྕམ་པའི་འདབ་མ་བརྡུངས་པས་རུང་བར་…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
སུ་ནད་གདོན་དེ་དང་དེའི་མིང་བཅུག་པས་སེལ། འབྲུམ་ནད་བྱུང་བ་ན། སྐྱ་ནད་ཀྱི་དུས་སུ། སྲན་ཆུང་དང༌། རུ་དྲཱ་ཀྵའི་འབྲུ་བཏགས་པས་ཆུ་བསྐོལ་བ་ལ་སྦྱར་ཏེ། སྔགས་བརྒྱ་རྩ་སོགས་བཏབ་ནས་འཐུང་ཞིང༌། ཉིན་ཞག་གསུམ་པ་སོགས་ཚ་བ་ཅུང་ཟད་ཞི་ཞིང༌། འབྲུམ་དུ་ཕྱིར་ཐོན་པ་ན་འབྲུམ་བུའི་ནད་ཀྱིས་ཤི་བའི་མི་ཐོད་དྲི་ཆུ་གྲང་མོ་ལ་བརྡར་ཏེ། ཁོང་དུ་བ…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
མོ་ཤ་ཡིན་ཞེས་སྐབས་འདི་དང་གཞན་དུ་བོད་རྣམས་ཕལ་ཆེར་གསུངས་པ། མངོན་ཤེས་དང་ལྡན་པས་དོད་ཐུབ་ཀྱི་སྨན་ཡིན་པར་གཟིགས་ན་ནི་ངོ་མཚར་ཆེ་ལ། གཞན་དུ་ན་སྨན་གྱི་རྣམ་པ་དང༌། རོ་ནུས་ཞུ་རྗེས་ཡེ་མི་འདྲ་བས་མི་འཐད་པར་མངོན། བྷྲྀངྒ་རཱ་ཛ་ནི་སཾ་སྐྲྀ་ཏའི་སྐད་ཡིན་ལ། འཕྲལ་སྐད་དུ་བྷངྒ་རཱ་ཟེར་ཞིང༌། མོན་ཡུལ་ཕན་ཆད་ཀྱི་རྒྱ་བལ་ཀུན་ཏུ་སྐྱེ་…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
ཡང་ལོག་གནོན་ལྔ་སྟེ། སྟོད་འཚངས་དང་ཕོ་བ་སྦོས་པ་སོགས་ལུས་གང་ནས་ན་ན། འཁོར་ལོ་ལྟར་བསྐོར་བ་བྱ་སྟེ། བུམ་ཅན་བཟུང༌། ལྟེ་བར་འཁོར་ལོ་རྩིབས་བརྒྱད་པ། གཡས་གཡོན་དུ་རེས་མོས་ཀྱི་འཁོར་བར་བསམས་ལ་ལྟོ་བ་བསྐཽར་མཐར་ཇེ་ཆེ་ཇེ་ཆེ་ལ་ནམ་མཁའི་མཐར་ཀླས་པར་བསམ། ལུས་དམིགས་ཀྱི་ན་ན། གྲུ་གུ་ལྟར་འགྲིལ་བ་བསྒོམ་སྟེ། གང་ན་སར་བུ་ག་ཧུར་གྱིས…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
བ་ཡང་མང་ཞིང༌། ཡོད་པའི་རིགས་ལའང་གེགས་ཀྱི་རིགས་གཅིག་གཉིས་ཙམ་མ་གཏོགས་མཐའ་དག་མི་འབྱུང་བའི་ཕྱིར་དང༌། དུས་སྐབས་ཉི་ཚེ་བ་དེ་ཀ་མ་གཏོག་རྟག་ཏུ་ཉམས་སུ་ལེན་མི་དགོས་པའི་ཕྱིར། ཕན་ཚུན་བསྲེ་སླད་དུ་འགྱུར་བའི་ཉེས་པ་འགའ་ཡང་མི་བསྐྱེད་པས་ན། གདམས་ངག་གཞན་ལས་འབྱུང་བ་རྣམས་ཀྱང་འདིར་བླངས་པས་ཆོག་ལ། དེ་ཡང་མན་ངག་ཁུངས་མ་ལག་ལེན་དང་…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
དམིགས་པ་རླུང་སྦྱོར་འཁྲུལ་འཁོར་སོགས་ཀྱི་སེལ་དགོས་ཤིང༌། སྨན་གཏོང་བ་ཡང་རུང་ལ། མེ་གཏར་དབྱུག་བཅོས་སོགས་ནི་ཕལ་ཆེར་ལ་མི་ལེགས་སོ། །སྒོམ་སྐྱོན་མ་ཡིན་པར། ནད་གཞི་ཙམ་གྱྀས་ཁམས་མ་སྙོམས་པ་ཡིན་ན། ནང་གི་རྣལ་འབྱོར་དང་སྨན་དཔྱད་མེ་གཏར་ལ་སོགས་པ་གང་གིས་བཅོས་ཀྱང་རུང་བར་ཤེས་པར་བྱའོ། །དེ་དག་ནི་ལོག་གནོན་གེགས་སེལ་གྱི་སྡེ་ཚན་ཏ…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
འདི་ནི་ཆད་པ་དང༌། མགོ་ལུས་ཀྱི་རྩ་སྐྱོན་དང་མཚོན་གྱི་རྨ་ཐམས་ཅད་ལ་ཕན་པ་ཡིན་ནོ། །རྩ་འཆུས་པ་ལྟ་བུ་ལ་ནི། ཐོག་མ་ཇི་ལྟར་བསྡད་པའི་ལུས་གནད་བྱས་ལ། དེ་ནས་ཁད་ཀྱིས་རླུང་འཇམ་པོར་བཟུང་ལ། ལུས་གཡས་དང་གཡོན་དུ་གཅུ་ཞིང་ལག་མཐིལ་གྱིས་བྱུག རྩའི་ནད་ཀྱི་གེགས་ཐམས་ཅད་ལ་འདི་རྣམས་ཀྱིས་ཕན་ནོ། །གཉིས་པ་རླུང་གི་གེགས་ལ་གསུམ་དུ་འདུ་སྟེ…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
ཟླ་བའི་དཀྱིལ་འཁོར་བསིལ་བ་དང་འོད་དང་བཅས་པ་ཡར་འགྲོ་མར་འགྲོ་ལ་སེམས་གཏད། དེ་ཀྱང་མི་ཕན་པའི་ནད་སྟོབས་ཆེ་ན། མི་བསྐྱོད་པ་གྲང་མོ་ལ། ཨ་རུ་ར། གླ་རྩི། ཙན་དན། ག་བུར་བཞི་གང་རྙེད་བཏབ་ལ་བཏུང༌། རླུང་མྱུར་དུ་སྐྱེ་རུ་འོང་བས་བརྟགས་ཤིང་བྱེད་པ་གལ་ཆེའོ། ཁྱད་པར་དུ་གཉན་དང་ཚད་གཟེར་དྲག་པོ་བྱུང་ན། གོང་གི་དམིགས་པ་བྱ། རླུང་མི་བཟ…
JTN004
· ཏཱ་ར་ནཱ་ཐ།
སྦྱོར་དྲུག་གེགས་སེལ།
སེ་འབྲུ། སུག་སྨེལ། ཤིང་ཚྭ། པི་པི་ལིང་བཏང༌། འགྲིལ་བ་ལྟ་བུ་བྱུང་ན་ཅོང་ཞི་དང༌། ཚྭ་བསྲེགས་པ་བསྣན་ལ་བཏང༌། སེར་པོ་ལ་གོང་གི་སེ་འབྲུ་བཞི་པ་ལ། ཨ་རུ་ར་དང་བྲག་ཞུན་བསྣན་ལ་བཏང༌། ཕོ་བ་ལག་མཐིལ་གྱིས་མཉེ། དེ་རྣམས་ཀྱིས་མ་ཕན་ན། ཕོ་སྟོད་དུ་བེར་ཀ་བརྡེག་གོ །སྨུག་པོ་ལ་ནི། ཅོང་ཞི། བྲག་ཞུན། འུ་སུ། སྒ་སྐྱ། ཨ་རུ་ར། གུར་གུམ། པ…