Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2475 results — page 119 of 124
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      བྱེ་བྲག་དུ་སེལ་བ་ལ་རྩ་བའི་རླུང་ལྔ་སྲོག་འཛིན་ལ་ནི། འཁྲུགས་པ་དང༌། རེངས་པ་དང༌། སྟོང་སྟེ་གནས་འཁྱམས་པ་གསུམ་སྟེ། དང་པོ་ནི་འཁྲུགས་པའི་རྐྱེན་ནི་སྒོམ་པ་དང༌། སློབ་གཉེར་དྲག་པོ་དང༌། མྱ་ངན་དང༌། སེམས་ལས་དྲག་པོས་བྱེད་ལ། ངོ་བོ་ནི་སྲོག་རྩའི་རླུང་འཁྲུགས་པ་ཡིན། རྟགས་ནི་མཆིན་སྲོག་དང་སྒལ་གཞུང༌། སེམས་མི་བདེ། ཁ་ནས་ཤུགས་རི…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      ལྟེངས་ཏེ་གནས་འཁྱམས་ན། རྟགས་སྔ་མ་རྣམས་ཀྱི་ཐོག་ཏུ་ཤེས་པ་དང༌། རླུང་ནང་དུ་བསྡུད་ཅིང་བརྒྱལ་བ་ལྟ་བུ་འབྱུང༌། དེ་ལ་ལུས་སྦྱོངས་དང༌། རླུང་རྩོལ་དྲག་པོ་མི་བྱ་བར་ཀློད་ལ། རིག་པ་རང་སོར་བཞག སྟེང་དུ་རླུང་སེམས་འགྲོ་བ་སྙམ་བྱེད་ན། འོག་ཏུ་ཤེས་པ་གཏད། བྱིང་བ་སྙམ་བྱེད་ན། མགྲིན་པའམ་དཔྲལ་བར་གཏད། ནང་དུ་འཐུམ་པ་སྙམ་བྱེད་ན་ཁ་སྣ་…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      འདེགས་དུས་སུ། རླུང་ཐམས་ཅད་འོག་སྒོ་ནས་ཐོན་ནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པར་བསྒོམ་མོ། །འཁྲུགས་པ་ནི། རྟགས་གཞན་སྔར་དང་ཕྱོགས་མཐུན་པ་ལས། མི་ནོར་བའི་རྟགས་ནི། སྟོད་དུ་འཚངས་པ་དང༌། ཕུར་བུས་བཏབ་པ་བཞིན་གཟེར་ཡང་འོག་སྒོ་ནི་སྡུད་ཤེས་པའོ། །འདི་བཅོས་པ་ནི། གང་གཟེར་སར་གྲུ་གུའམ། ཕོ་རྡོ་ཁུ་ཚུར་ཙམ་བཅིངས་ལ། གྲོགས་གཅིག་ག…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      གྱེན་རྒྱུ་དང་འགྲོགས་ཏེ་སྨད་དུ་འཚངས་པ་དང༌། འཁྲུགས་པ་དང་སྟོངས་པའོ། །དང་པོ་ནི། ཐུར་དུ་རླུང་མི་ཐོན་ཏེ། འོག་རྒྱངས་ནས་རྡོ་ལྟར་འགྲོ་ཞིང་གཟེར་རྩ་བསྡུད། ཞག་གཅིག་ལུས་ན་སྲོག་གི་བར་ཆད་དུ་འགྲོ་སྟེ། དེ་བསལ་བ་ནི་ལུས་ཙོག་པུར་བྱས་ལ། ལག་པ་གཉིས་དཔུང་པ་ལ་བསྣཽལ་མར་འཇུས་ཏེ། རླུང་སྣ་ནས་ཧཱུཾ་ཞེས་དལ་ལ་རིང་བར་བུས་ཏེ་ཕྱིར་བཀག…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      ལ་རྗེས་ཕན་དཀའ་ན། གང་དམིགས་ཡོད་སར་བེར་ཀ་རྡེག་གོ །ཛཱ་ཏི། རྒྱམ་ཚ། དྲོད་སྨན་ཧྲིལ་འཇོང། སྒ་སྐྱ་ཤིང་ཁུན། སྒོག་སྐྱ་གང་འཛོམ་རུས་ཁུའམ། ཆང་གིས་ཕུལ་ལ་བཏང་བར་བྱའོ། །འདི་ནི་ཕོ་བའི་མཁྲིས་པ་འཇུ་བྱེད་སྟོངས་པའི་ནད་ཡིན་ནོ། །བཞི་པ་མེ་མཉམ་ལ་ནི་གེགས་གསུམ་སྟེ། གང་བ་དང༌། སྟོང་པ་དང༌། གཟེར་བའོ། །དང་པོ་ནི་ཕོ་བའི་རླུང་གིས་སྟོ…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      བཅུག་ལ། ཕོ་བར་ཕུ་སུབ་བྱ། འོག་སྒོ་འཐེན་འཕུལ་བྱ། དེས་ཀྱང་མ་ཕན་ན། ཆུ་གྲང་ངམ། མི་བསྐྱོད་པ་གྲང་མོ་བཏུང་ལ་ལུས་སྦྱོངས་བྱ། རྒྱམ་ཚྭ། ཁ་རུ་ཚྭ། སྙ་ལོ། བཙོད། ཨ་རུ་ར། བྲག་ཞུན་གང་རྙེད་ཐང་དུ་བྱས་ལ་བཏུང་ངོ༌། །འདི་ནི་འཕོ་བའི་མཁྲིས་པ་འཇུ་བྱེད་དང་སྡོངས་པའི་ནད་ཡིན་ནོ། །ཚ་གྲང་གཉིས་ཀའི་རྗེས་སུ་འབྲས་ཐུག་གམ་ཐ་རམས་སམ། རམ་བུ…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      ཡང་ཁ་ནས་སྒྲོའམ། མཛུམ་མོ་བཅུག་སྟེ་རླུང་ཁ་ནས་གྱེན་དུ་དྲངས་ལ་སྐྱུག་གོ །སྨན་གྱིས་བཅོས་ན། མར་དང་ཞོ་དར་དང་འོ་མ་རྣམས་མ་ཞུ་བ་ལ། ཆུར་ཁུ་བསྐོལ་ལ་བཏུང༌། ཤ་མ་ཞུ་ན་སོག་པའི་ཁྲུང་ཁྲུང་བསྐོལ་ལ་བཏུང༌། ཆང་མ་ཞུ་ན་སོག་ཚིགས་བསྐོལ་ལ་བཏུང༌། ཙམ་པ་མ་ཞུ་ན་བུལ་ཏོག་བསྐོལ་ལ་བཏུང༌། ཆུ་དང་སྨན་མ་ཞུ་ན་རྒྱམ་ཚྭ་བསྐོལ་ལ་བཏུང༌། མ་ཞུ་བ་…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      སྟོངས་པ་ནི་ཡན་ལག་གི་ཤེད་ཤོར་ནས་སྒུལ་སྐྱོད་དཀའ་བ་དང༌། ཚིག་རྣམས་ལྷོད་ཅིང་མི་ཐེག་པ་ཡིན། དེ་ལ་རླུང་བཟུང་ནས་ཕུར་སུབ་ལེགས་པར་བྱ་ཤྀང༌། ཁོང་དུ་དབང་པོ་ལག་པ་ལ་སོགས་པའི་རྩ་བ་ལྔ། སྦྲང་རྩིའམ་མར་དཀར་དང་སྦྱར་ལ་ཟ། རླུང་བཟུང་ནས་རྩེ་མོ་དང་མཆོངས་རྒྱུག་བྱ། དེས་སྐྱོན་ལས་གྲོལ་ལོ། །ད་ནི་གཉིས་པ་ཡན་ལག་གི་རླུང་རྣམ་པ་ལྔ་ལས། མ…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      པ་གཉིས་ལས། ཁྲག་གི་ནད་ཀྱིས་མིག་ཚག་པ་དང༌། ཤ་འཛེར་བྱུང་བ་དང༌། མཁྲིས་པས་མིག་དྲོད་ཆེ་ཞིང་སེར་བ་ཡོང༌། དེ་དག་ཐམས་ཅད་ལ་མི་བསྐྱོད་པ་གྲང་མོ་བྱས་ལ་མིག་ལ་བསྐུའོ། །འབྲས་བུ་གསུམ་དང་གུར་གུམ་བཏང་ན་བཟང༌། སྨན་བྱེད་ན། གུར་གུམ། སྐྱེ་བའི་བར་ཞུན། ཨ་རུ་ར། རེག་རྡོ་བསྲེགས་པ། དེ་རྣམས་ཆ་མཉམ་སྟེ་ཞིབ་ཏུ་བཏགས་ལ་ཆུ་དང་སྦྱར་མིག་ལ་…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      བསྐྱོད་པ་དང་སྦྱར་ལ་རྣ་བར་བླུག་ཅིང་དལ་བུས་ཕྱེ་ལ། རྗེས་སུ་མ་འགྲམ་པར་བྱའོ། །རླུང་གིས་འོན་པ་ལ། གཏུམ་མོའི་མེ་ལ་དམིགས་པ་གཏད་ཅིང་རྣ་བའི་མདུན་དུ་སྣུམ་བྱུགས་ལ་མཉེའོ། །རྣ་བ་རུ་རླུང་དང་རོལ་མོའི་སྒྲ་བྱུང་ཞིང་འོན་ན། མགོ་རུས་རྙིང་པ་བསྐོལ་བའི་ནང་དུ། ཤིང་ཁུན་དབང་པོ་ལག་པ། རུ་རྟ། ཁ་རུ་ཚྭ། སེ་འབྲུ། སུག་སྨེལ། པི་པི་ལིང…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      དང་ཁྲག་གིས་མི་བདེ་བ་ལ། ཨ་རུ་ར། ཚུར་ནག ཞུ་མཁན་གང་འཛོམ་མི་བསྐྱོད་པ་ལ་སྦྱར་ཏེ་ཁར་བཟུང༌། ཡུན་རིང་དུ་སོང་བ་དང་ཕྱིར་ཕོ་ལ་འཇིབས་ནས་ཆུས་བཤལ་ལོ། ཁྱད་པར་དུ་གག་པ་ལྟ་བུ་ལ། རྒྱ་ཚྭ། ལི་ཤི། མེ་ཏོག་གསུམ་པའམ། དེ་མ་རྙེད་ན་ལྕེ་ཚ་བའམ། སྲུབ་མ་དང་སྦྱར་ལ་གདབ་བོ། །རླུང་གི་སོ་ན་བ་ལ་ནི་མི་བསྐྱོད་པ་དྲོན་མོའམ། མར་ཁུ་དྲོན་མོ་ཁར…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      དུ་ཆུ་སེར་གྱིས་གང་ནས་སྐྲངས་ན། ཐོག་མར་རླུང་ཧཱུཾ་གིས་དབྱུང་བ་མང་དུ་བྱས་ལ། རླུང་ཕྱི་བུས་ཏེ་སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བཅས་ལ་དྲག་ཏུ་སྤྲུག་གོ །སྨན་ནི་སོ་མ་རཱ་ཛ་པའམ་མཛོ་མོའི་དར་བ་གསར་པའམ། མི་བསྐྱོད་པས་ཕུལ་ཏེ་ཟའོ། །འདིས་ནི་ཤ་ལྤགས་ཀྱི་མཛེ་ནད་ཀྱང་སེལ་ལོ། རྨ་རྙིང་དང༌། འབྲས་དང༌། ཕོལ་མིག་དང༌། སེར་ཀ་འཚོར་མེད་པ་…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      འཐུངས་ན། འབུ་རྣོན་ལ་ཕན་ནོ། །ཐིག་ལེའི་གེགས་སེལ་བསྟན་པ་ནི། རྒྱུ་རྐྱེན་ངོས་ཟིན་པར་བྱ་སྟེ། དང་པོ་ཉོན་མོངས་པའི་བག་ཆགས་ཀྱིས་འཛག་པ་ནི། གཉེན་པོ་ཐེག་པ་ཐུན་མོང་གི་ཐབས། མི་སྡུག་པ་བསྒོམས་པ་རིག་པ་ཀུན་བརྟགས་སམ། ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་བསྒོམས་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་ནས། སྒྱུ་མ་ལྟ་བུའི་སྟོང་པ་ཉིད་བསྒོ…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      མ་བྷི་ཤ་མ་ས་མ་ས་ཧཱུཾ་ཕཊ། ཅེས་ཅི་ནུས་བཟླས་ཤིང༌། དེ་རྗེས་ལ། ཨོཾ་ན་ཤུ་ཀྲ་དྷ་ར་ནི་བྷ་དྷ་མི་སི་ཧ་ཧི་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་རེ་བཟླས་སོ། །རྫས་ཀྱི་བསྲུང་བ་བྱེད་ན། པདྨ་རཀྟ་གཙང་མ་དང༌། ས་མ་པ་ར་ཟེར་བའང་འདུག བྱིན་བརླབས་ཅན་གྱི་དྲི་ཆུ་དང༌། ཡུངས་ཀར་བསྲེགས་པའི་ཐལ་བ་དང༌། གུ་གུལ་དང་དེ་རྣམས་ཞིབ་ཏུ་བཏགས་ཏེ་རིལ་བུ་ཡུངས…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      པའི་འགྲམ་པ་ལ་ཨ་རུ་ར། བྲག་ཞུན། བྲེ་ཁ་བ་དེ་རྣམས་སྦྲང་རྩི་ལ་སྦྱར་ལ་གྲང་ཤས་ཆེ་ན་པི་པི་ལིང་བསྲེས་ལ་ཟའོ། །དེས་ངེས་པར་ཕན་ནོ། །སྤྱོད་ལམ་གྱིས་འཛག་པ་ནི། །ངལ་དུབ་ལ་སོགས་པའི་རྐྱེན་གང་ཡིན་པ་དེ། ཆ་མཉམ་པས་སེལ་བར་འགྱུར་རོ། །དེ་རྣམས་ནི་ཕལ་པ་རྣམས་དང་བཅས་པ་སྤྱི་ལ་འབྱུང་བའི་གེགས་སེལ་ལོ། ཁྱད་པར་དུ་རྩ་རླུང་བསྒོམས་པས་ཁམས་…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      ཡང་དྲག་ཏུ་འཐེན་པ་དང་དུས་གཅིག་ཏུ་ལྟོ་བ་སྒལ་པ་ལ་སྦྱར། ལྕེ་ཡར་སྐན་ལ་སྦྱར། མཆུ་དང་མིག་གྱེན་ལ་བཟློག །མདུན་དང་གཡས་གཡོན་དུ་ལུས་ཕར་གཅུ་ཚུར་གཅུ་བྱ་ཞིང༌། རེས་མོས་ཀྱིས་དྲངས་ཏེ། དམིགས་པ་ནི། ཧཱུཾ་གིས་ཐིག་ལེ་ཐམས་ཅད་དྲངས། སྨིན་ཕྲག་ཏུ་ཐིམ་པ་ལ་ཤེས་པ་གཏད་དེ་དག་འདྲེན་ཡིན་ནོ། །དལ་བུས་འདྲེན་ན་སྐྱིལ་ཀྲུང་བཅས་པའི་པུས་མོ་ལ…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      དབྲི་སྐྱེད། དམིགས་པ་སྒྲིམ་ལྷོད་རྣམས་སྤེལ་བ་དང༌། སེམས་ཀྱི་གནད་སྣ་ཚོགས་སུ་འཕོ་བ་དང༌། ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་དང༌། བླ་མ་ལ་མོས་གུས་དང༌། ཆོས་ལ་ཡིད་ཆེས་ཀྱི་དད་པ་དང༌། འགྲོ་བ་ལ་སྙིང་རྗེ་དང༌། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས། སེམས་ཀྱི་གེགས་ལས་རང་སར་གྲོལ་བར་འགྱུར་རོ། །གེགས་སེལ་ཐོར་བུ་སྣ་ཚོགས་བསྡུས་པའི…
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གེགས་སེལ།
      ཤོག་སྟོང་།
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གི་དྲི་ལན།
      སྦྱོར་དྲུག་གི་དྲི་ལན་བཞུགས།
      JTN004 · ཏཱ་ར་ནཱ་ཐ།
      སྦྱོར་དྲུག་གི་དྲི་ལན།
      ཨོཾ་སྭཱ་སྟི། བླ་མ་དང་ཡི་དམ་ལ་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་དང་ནི་དེའི་ཆོས་ལ། །དད་པས་བཏུད་ནས་སྐབས་འདིར་བརྗོད་བགྱི་བ། །བློ་གྲོས་དམན་ཞིང་བརྩོན་པ་དང་བྲལ་ཡང༌། །བླ་མའི་བཀའ་དྲིན་ཐོབ་གང་གསལ་བར་བརྗོད། །ཕྱི་མའི་དུས་འདིར་ཤིང་རྟ་ཆེར་གྲགས་ཤིང༌། །ཡོན་ཏན་དྲིས་རྒྱས་གྲགས་པའི་རྟ་དམར་ཅན། །ཕྱོགས་བཅུར་འགོད་ལ་ལྷོད་པ་དང་བྲལ་…