Author
About 40% of texts have an author recorded — this list will grow as more are attributed.
2475 results
— page 12 of 124
JTN002
· ཏཱ་ར་ནཱ་ཐ།
དུས་ཀྱི་འཁོར་ལོའི་བརྒྱུད་འདེབས།
ཆེན་ནམ་མཁའ་དཔལ་བཟང་པོ། །ལོ་ཆེན་མཚན་འཆང་རཏྣ་བྷ་དྲ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐོགས་མེད་བརྟུལ་ཞུགས་གྲུབ་པ་ཀུན་དགའི་མཚན། །གཉུག་མ་མངོན་གྱུར་ལུང་རིགས་རྒྱ་མཚོ་དང༌། །སྐྱབས་གནས་ཀུན་འདུས་ཀུན་དགའ་སྙིང་པོའི་ཞབས། །གསོལ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་ཀུན་མཁྱེན་ཇོ་ནང་བ། །…
JTN002
· ཏཱ་ར་ནཱ་ཐ།
དུས་ཀྱི་འཁོར་ལོའི་བརྒྱུད་འདེབས།
སྔོན་སྦྱངས་མཁྱེན་པའི་རིན་ཆེན་རྒྱ་མཚོ་དང༌། །ཐར་པའི་ལམ་སྟོན་བློ་གྲོས་རྣམ་པར་རྒྱལ། །གྲུབ་པའི་མཆོག་གྱུར་ངག་དབང་འཕྲིན་ལས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་རློབས། །མཐའ་འཁོབ་མུན་སེལ་ངག་དབང་རྣམ་རྒྱལ་དང༌། །དམ་ཆོས་དགའ་སྟོན་སྤེལ་མཛད་དར་རྒྱས་མཚན། །རྒྱལ་བ་ཀུན་དངོས་འཕྲིན་ལས་རྣམ་རྒྱལ་ཞབས། །གསོལ་བ་འདེབས་སོ་བདག་ར…
JTN002
· ཏཱ་ར་ནཱ་ཐ།
དུས་ཀྱི་འཁོར་ལོའི་བརྒྱུད་འདེབས།
བདག་རྒྱུད་བྱིན་གྱིས་རློབས། །གནས་ལུགས་གཤེགས་སྙིང་མངོན་གྱུར་མཁས་གྲུབ་དབང༌། །ཡི་དམ་ཞལ་གཟིགས་བསྟན་པ་གསལ་བྱེད་ཞབས། །རྒྱུད་སྡེ་རབ་འབྱམས་སྤྲོ་བསྡུ་རྡོ་རྗེ་བཟང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྤྱོད་འཆང་རྣམ་འཕྲུལ་དཀོན་མཆོག་དར་རྒྱས་རྗེ། །གཞན་སྟོང་འཛམ་གླིང་ཁྱབ་མཛད་བློ་གྲོས་གྲགས། །དྲིན་ཅན་མངོན་གྱ…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ་ཞེས་བྱ་བ་བཞུགས།
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
ཨོཾ་སྭཱ་སྟི། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་འཇུག་པ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གང་ཞིག་འདོད་པའི་འཆིང་ལས་གྲོལ་ཡང་རྟག་ཏུ་འདོད་ཆགས་ཆེན་པོས་གང༌། །དངོས་དང་དངོས་མེད་རྣམ་པ་བྲལ་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཚིག་ཏུ་བརྗོད་པ་ཀུན་ལས་གྲོལ་ཡང་འགྲོ་ཀུན་སྐད་ཀྱིས་ཆོས་རབ་སྟོན། །གཅིག་དང་དུ་མ…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
གཟུགས་མང་སྟོན་ལ་འདུད། །གང་ཞིག་བརྟེན་ན་སྲིད་དང་གྲོལ་བ་ཡི། །དཔལ་ཀུན་རབ་སྟེར་རིམ་གཉིས་སྒྲུབ་པའི་ཐབས། །ཀུན་མཁྱེན་ཆེས་མཛད་དཔག་བསམ་ལྗོན་ཤིང་ལས། །ངག་འདོན་འབྲས་བུ་ཅི་ནུས་བསྡུས་ཏེ་བཤད། །འདི་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ལ། རྒྱུད་སྦྱང་བ་ཐུན་མོང་གི་སྔོན་འགྲོ་དང༌། ངེས་པར་བྱ་བ་ཐུན་མོང་མ་ཡིན…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དྲིན་ཅན་རྩ་བ་དང་བརྒྱ…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾཾཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུཾ་ལ་ཐིམ། དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨ་ཧཱུཾ་ཕཊ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོ་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐ…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
དམིགས་པའོ། །དང་པོ་ནི། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ པྲཛྙཱ་ཨུ་པཱ་ཡ་ཨཱཏྨ་ཀ[ཤེས་རབ་དང་ཐབས་ཀྱི་བདག་ཉིད་]ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་[སྐུ་གསུང་ཐུགས་ཡེ་ཤེས་ཀྱི་]ཨ་དྷི་པ་ཏེ།[མངའ་བདག་] མ་མ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ།[བདག་གི་ལུས་ངག་སེམས་ཡེ་ཤེས་རྡོ་རྗེ་] བཛྲ་ཨ་མྲྀ་ཏ་སྭ་བྷཱ་ཝཾ།[རྡོ་རྗེ་བདུད་རྩིའི་རང་བཞིན་དུ་མཛོད་མཛོད་] ཀུ་རུ་ཀུ…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
སྙིང་གར་ཧཱུཾ་ནག་པོ་ལས་དོན་ཡོད་གྲུབ་པ་ནག་པོ། ལྟེ་བར་ཧོཿསེར་པོ་ལས་རྣམ་པར་སྣང་མཛད་སེར་པོ། གཙུག་ཏོར་དུ་ཧཾ་ལྗང་ཁུ་ལས་མི་བསྐྱོད་པ་ལྗང་ཁུ། གསང་བར་ཀྵཿསྔོན་པོ་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་རྣམས་ཞལ་གསུམ་ཕྱག་དྲུག་པ། སོ་སོར་དཔའ་བོ་གཅིག་པའི་རྣམ་པ་རྣམས་འཁོད་པར་གྱུར། གསུམ་པ་རྡོ་རྗེ་བཞི་དག་པ་ནི། ལག་པ་ཕན་ཚུན་མཉེ་ཞིང་བ…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
ལག་པ་རྡོ་རྗེ་རྩེ་ལྔ་པར་གྱུར། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གཙུག་ཏོར་ནས་བརྩམས་ཏེ་ལུས་ཐམས་ཅད་ལ་རེག་ཅིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ[རྒྱལ་བ་རིགས་དྲུག་གི་ས་བོན་]ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ་[སྐུ་གསུང་ཐུགས་ཡེ་ཤེས་ཀྱི་མངའ་བདག་] བཛྲ་ཀཱ་ཡ། མ་མ་ཀཱ་ཡ་ཝཱཀ་ཙིཏྟ་[རྡོ་རྗེའི་སྐུས་བདག་གི་ལུས་ངག་སེམས་]ཛྙཱ་ན་བཛྲཾ་བཛྲ་ཀཱ་ཡ་…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
ཨཱཏྨ་ཀོ྅ཧཾ། [རང་བཞིན་གྱི་བདག་ཉིད་ངའོ། །] ལྔ་པ་བདུད་ཚོགས་གཞོམ་པ་ལ་སྔོན་དུ་འགྲོ་བའི་གཏོར་མ་ནི། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཨོཾ་ཨོཾ་[རྡོ་རྗེ་ཟླ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཆོས་ཐམས་ཅད་རྣམ་པར་སྦྱོངས།]བཛྲ་ཙནྟྲ་སརྦ་དྷརྨ་སུ་བི་ཤུདྡྷ་སྭ་བྷཱ་ཝ་སརྦ་དྷརྨཱན་བི་ཤོ་དྷ་ཡ་སྭཱཧཱ། ཨོཾ་ཨཱཿ[རྡོ་རྗེ་ཉི་མ་ཆོས་ཐམས་ཅད་…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
ཨཱ་གཙྪ་ཏུ། [འབྱོན་པར་མཛོད།]ཛཿཧཱུཾ་བཾ་ཧོཿ[དགུག་གཞུགས་བཅིང་མཉེས་བྱེད་པའི་ས་བོན་ནོ། །] ཨི་དཾ་བ་ལིཾ།[འདི་གཏོར་མ་] གྲྀནྷ་ཏུ།[བཟུང་བར་མཛོད་]ཁཱ་ད་ཏུ།[གསོལ་བར་མཛོད་] པི་ཝ་ཏུ།[བཏུང་བ་མཛོད་] ས་པ་རི་ཝཱ་ར་ཀཿ[འཁོར་བཅས་རྣམས་ཀྱིས་]སརྦ་སཏྭཱ་ནཱཾ།[སེམས་ཅན་རྣམས་ལ་]ཤནྟིཾ།[ཞི་བ་]པུཥྟིཾ།[རྒྱས་པ་] རཀྵ་[བསྲུང་བ་] ཨཱ་ཝ་ར་ཎ།…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
རྡོ་རྗེ་རྩེ་མོ་བཅུ་བདུན་པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ དམར་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་ལས་རྡོ་རྗེ་རྩེ་མོ་དགུ་པ་དང༌། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ལས་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང༌། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗ…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
ཆུང་ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ། ཉ་ཛྷ་ཛ་ཚ་ཙ་རྣམས་དང༌། གཡས་ཀྱི་གྲུ་མོ་དང་མཐེ་བོང་ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ། ཙཱ་ཚཱ་ཛཱ་ཛྷཱ་ཉཱ་རྣམས་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་རྩེ་མོ་བདུན་པ་རྣམས་སུ་གྱུར། གཡོན་གྱི་འཁྲིག་མ་དང་མཐེའུ་ཆུང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ་ཎ་ཌྷ་ཌ་ཋ་ཊ་རྣམས་ད…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
ཚིགས་རྣམས་སུ་ཏཱ་ཐཱ་དཱ་དྷཱ་ནཱ་རྣམས་ལས་བྱུང་བའི་རྡོ་རྗེ་སེར་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་རྩེ་མོ་བདུན་པ་རྣམས་སུ་གྱུར། གཡོན་གྱི་ལོང་བུ་དང་མཐེའུ་ཆུང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། ྈྐ་ཤ་ཥ་ྉྤ་ས་རྣམས་དང༌། གཡས་ཀྱི་ལོང་བུ་དང་མཐེ་བོང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ་སཱ་ཥཱ་ཤཱ་རྣམས་ལས་བྱུང་བའི་རྡོ་རྗེ་སྔོན་པོ་…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
སྟེང་དང་འོག་ཏུ་ལྗང་ཁུ་དང་སྔོན་པོ། ཤར་དང་མེར་ནག་པོ། ལྷོ་དང་བདེན་བྲལ་དུ་དམར་པོ། བྱང་དང་དབང་ལྡན་དུ་དཀར་པོ། ནུབ་དང་རླུང་དུ་སེར་པོ་འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་རྣམས་ཀྱིས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པའི་བདུད་ཀྱི་ཚོགས་ཕྱོགས་བཅུ་ན་གནས་པ་མཐའ་དག་ངེས་པར་བསྲེགས་ནས་བདེ་བ་ཆེན་པོ་ལ་བཀོད་པར་གྱུར། ཨོཾ་ཨཱཿཧཱུཾ…
JTN002
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་ལ་འཇུག་པ།
འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་བཀྲ་ཤིས་ཀྱིས་མཚན་པ། དེའི་སྟེང་དུ་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་པདྨས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་རྡོ་རྗེས་མཚན་པ། དེ་ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཁ་སྦྱར་བས་མཚན་པར་གྱུ…