Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2475 results — page 72 of 124
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      ཐུན་མཚམས་ཀུན་ཏུ་འགྲུབ་ན་ལེགས་ལ། གལ་ཏེ་མ་གྲུབ་ན་ཐིག་མཐའ་གང་རུང་ངམ། གཉིས་ཀ་ལ་བྱའོ། །དེ་ལ་གཏོར་མ་བྱིན་གྱིས་བརླབ་པ། མགྲོན་སྤྱན་འདྲེན་པ། གཏོར་མ་འབུལ་ བའོ། །དང་པོ་ནི། །བསངས་སྦྱངས་སྔོན་དུ་འགྲོ་བ་སྟེ། བསང་བའི་སྔགས་ཡི་གེ་དྲུག་པས་བྱས་ཀྱང་ལེགས་པར་འགྱུར་ལ། རྫས་མཐའ་དག་སྦྱང་བའི་སྔགས་ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རཱི་སོགས་ཀ…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      བསྐྱེད་པ་ནི། ཨ་ནི་ཡིག་འབྲུ་ཀུན་གྱི་རྩ་བ་ཡིན་ཡང༌། དམ་རྫས་ཀྱིས་ཀྱང་གསུང་རྡོ་རྗེ་མཆོད་པས་དམ་རྫས་ཀྱང་གཞི་ཨ་ཡིག་དེ་ལ་ཐུག་པའི་ཕྱིར་རོ། །སྣོད་ནི་ཐོད་པ་སྟེ་ཀ་པཱ་ལ་ཞེས་པའི་དོན་བདེ་བ་སྐྱོང་བར་འགྱུར་བའི་ཕྱིར་བདེ་ཆེན་མཚོན་ཞིང༌། དགེ་བ་བསགས་པ་མིའི་ལུས་ཀྱི་རྩེ་མོ་མཆོག་ལས་བྱུང་བ་དང༌། རྡོ་རྗེ་ཁྲོ་བོ་དང་མཁའ་འགྲོ་མ་རྣ…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      མདངས་རྒྱས་པར་བྱེད་དོ་ཞེས་གྲགས་པ་ལྟར་དོན་ལ་ཤའི་དམ་རྫས་ཀྱིས་ལྷ་རྣམས་མཉེས་པར་བྱས་པས་གང་ཞིག་ཐོབ་པའམ་འཐོབ་པར་འགྱུར་བའི་དངོས་གྲུབ་དེ་ཡང་སྟོབས་དང་ལྡན་པས་གསལ་བ་སྟེ་གཟི་བརྗིད་ལྡན་པར་བྱེད་ཚུལ་གསང་འདུས་ལས་གསུངས་པ་ལྟ་བུ་ཡིན་ལ། དོན་དམ་པར་ཤ་ལྔའི་བརྡས་མཚོན་པ་འབྱུང་བ་ལྔའི་དངས་མ་སྟོབས་སུ་གྱུར་པས་མི་གསལ་བ་ཤ་ཁྲག་གི་ལུ…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      མཁའ་ལྡིང་བྱ་ཁྱུང་གི་ཕྱག་རྒྱ་སྟེ། ལག་པ་གཉིས་བསྣོལ། མཐེ་ཆུང་གཉིས་འདུད། མཐེ་བོང་གཉིས་ལག་མཐིལ་དུ་གཏད། སོར་མོ་ལྷག་མ་གསུམ་གཤིབས་ཏེ་བརྐྱང་བ། ལག་མཐིལ་རྒྱབ་སྤྲད་པའི་འཛོམ་དུ་ཡེ་ཤེས་རྡོ་རྗེ་ཧོཿཡིག་ལས་འཕྲོས་པའི་འོད་ཟེར་སེར་པོ་ཕོག་པས་ནུས་མཐུ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་བདུད་རྩི་སྟེ། བརྟན་པའི་དངོས་པོ་ལྗོན་…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      རྣམ་གཞག་མང་དུ་འབྱུང་ཡང༌། རྒྱུད་འདིའི་ལུགས་ཀྱི་ཞི་བ་ལ་བཤོས་གཙང་དང༌། ཁྲོ་བོ་ལ་གཏོར་མ་ཞེས་གྲགས་ཤིང༌། གཏོར་སྔགས་རྣམས་ཀྱང་ཁྲོ་བོ་ནས་འཇིག་རྟེན་པའི་བར་དུ་གསལ་བར་གསུངས་ཀྱི། ཞི་བ་ལ་གསལ་པོར་མ་གསུངས་པ་ནི་གཙོ་ཆེ་བའི་དབང་དུ་མཛད་པའོ། །ཕྱག་རྡོར་སྟོད་འགྲེལ་ལས། གཙོ་བོ་ཧེ་རུ་ཀ་ལ་གཏོར་མ་འབུལ་བ་ཤིན་ཏུ་གསལ་བས་དེ་དང་མཚུང…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      བརླབས། ཕུད་བཅད་དེ། ཨོཾ་ཨཱཿཧཱུཾ་གུ་རུ་བུདྡྷཱ་བོ་དྷི་ས་ཏྭེ་བྷྱོ་བཛྲ་ནཻ་ཝི་ཏྱེ་ཧཱུཾ། ཞེས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕུལ། དེ་རྗེས་ཨོཾ་ཧ་རི་ཏྱཻ་པིཎྜ་ཀེ་པྲ་ཏཱི་ཙྪ་སྭཱཧཱ་ཞེས་པས་འཕྲོག་མ་བུ་དང་བཅས་པ་ལ་ཆང་བུ་གཉིས་དང༌། ཨོཾ་སརྦ་དཱུ་ཏཱི་ཀེ་ཨ་གྲཱ་གྲ་སཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་ཕོ་ཉ་སོགས་འབྱུང་པོ་ཕུ…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      གཏོར་སྔགས་ཀྱིས་ཕུལ། དེ་རྗེས་སྔར་བཞིན་ཆང་བུ་སྦྱིན་ཞིང་ལོངས་སྤྱད་ལ། ལྷག་མ་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧོས་བྱིན་གྱིས་བརླབས། སྤྱི་འགྲོས་ལྟར་འབར་བའི་ཕྱག་རྒྱ་དང་ཁ་ཁྲུ་བཏབ་པ་བྱས་ཀྱང་ཆོགགཅིག་ཏུ་ངེས་པར་དགོས་པའང་མིན། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྟ་བ་ལིཾ་ཨུཙྪིཥྟ་བྷཀྵ་བྷཀྵ་ཀ་སྭཱཧཱ། ཞེས་པས་ལྷག་མ་ཕྱི་རོལ་ཏུ་དོར་བ་དང་ལྷན…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      སད་པའི་ཚེ་ལངས་ནས་སྣང་བ་སྒྱུ་མ་ལྟ་བུ་དང༌། བླ་མ་ཡི་དམ་དྲན་བཞིན་པས་དབང་བསྐུར་བའི་དམིགས་པ་དང་བཅས་ཏེ། ཁྲུས་ཀྱི་རྣལ་འབྱོར་ལ་སོགས་པ་བྱའོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་པར་བཤད་པ་ལས། རྣལ་འབྱོར་ལམ་གྱི་ཡན་ལག་ཐུན་མཚམས་ཀྱི་སྤྱོད་པ་རྣམས་བཤད་པའི་སྡེ་ཚན་ཏེ་བཅུ་པའོ།། །།གསུམ་པ་གང་བསྒྲུབ་པར་བྱ་བའི་ཡུལ་དཀ…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      སྒྲོལ་མ་རེག་བྱ་རྡོ་རྗེ་མ་སྟེ་རིགས་ཀྱི་དབྱེ་བས་གོས་དཀར་རོ་ཡི་རྡོ་རྗེ་མ། །མཱ་མ་ཀཱི་དང་གཟུགས་ཞེས་གྲགས་པར་འགྱུར་ཏེ་རིགས་ཀྱི་དབང་གིས་སྤྱན་མ་དྲི་ཡི་རྡོ་རྗེ་མ། །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དང་རྒྱལ་བའི་བདག་པོར་འགྱུར་ཏེ་ཀུན་ཏུ་བཟང་པོ་དེ་ཉིད་དོ། །གཙུག་ཏོར་མི་བསྐྱོད་པ་ཉིད་འདིར་ནི་སླར་ཡང་ཤིན་ཏུ་སྟོབས་དང་དོན་ཡོ…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      དང་གཟུགས་དང་རོ་དང་རེག་བྱ་ཞེས་པ་གཡོ་བ་འཕྲོག་བྱེད་ལྷ་མིན་མེར་ནི་གནས་པ་ཡང༌། །ཚངས་པ་དང་ནི་རྣམ་པར་སྣང་མཛད་དུ་འགྱུར་རིགས་ཀྱི་དབང་གིས་རྒྱ་མཚོ་དག་དང་འོད་དཔག་མེད། །མེ་དང་དཔལ་ལྡན་ཕྱག་ན་རིན་ཆེན་དུ་འགྱུར་རླུང་དང་དོན་ཡོད་གྲུབ་པ་དག་ནི་དེ་བཞིན་ཉིད། །མི་བསྐྱོད་པ་དང་ལྷ་མིན་དགྲ་བོར་འགྱུར་ཏེ་རྒྱལ་བའི་བདག་པོ་དང་ནི་བདེ་…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      དང་སྐུའི་ལྷ་ཚོགས་རྣམས་ཐུགས་དཀྱིལ་ལ་འདུས་པར་གསུངས་ཏེ། ཙ་མུཎྜ་སོགས་བཞི་སྒྲོལ་མ་སོགས་བཞི་ལས་བྱུང་བ་དང༌། ཚངས་མ་སོགས་བཞི་དྲི་རྡོ་རྗེ་མ་སོགས་བཞི་ལས་བྱུང་བ་དང༌། ཁྱབ་འཇུག་རླུང་མེ་ཆུ་ཚངས་པ་དྲག་པོ་རྣམས་མི་བསྐྱོད་པ་སོགས་རྒྱལ་བ་རིགས་དྲུག་ལས་བྱུང་བ་དང༌། ནོར་བདག་སོགས་དྲུག་ཀུན་བཟང་སོགས་སེམས་དཔའ་དྲུག་ལས་བྱུང་བ་དང༌།…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      དེ་རྣམས་སོ། །དེ་དག་ནི་གཙོ་འཁོར་གྱི་ལྷ་རྣམས་གཅིག་གི་ནང་དུ་གཅིག་ཤོས་བསྡུ་མི་ནུས་པའི་ཕྱིར་ཤིན་ཏུ་མི་འདྲ་ཞིང༌། དཀྱིལ་འཁོར་གཞན་རྣམས་དེ་དག་ཏུ་འདུས་ལ། འདི་རྣམས་མ་ཚང་ན་མི་འདུ་བའི་ཕྱིར་རྩ་བའི་དཀྱིལ་འཁོར་གྱི་ཐ་སྙད་བཞག་ན་ལེགས་ལ། འོན་ཀྱང་དེ་ཐམས་ཅད་ཀྱི་ཡང་གཙོ་བོ་ནི། དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའ…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      ཁོར་ཡུག་གི་ལྷ་ལ་ཡོད་པས་འཁོར་ཐམས་ཅད་གསུང་དབང་གི་དཀྱིལ་ཁོར་དུ་འདུས་སམ་སྙམ་ན་དེ་ནི་མ་ཡིན་ཏེ། ཁོར་ཡུག་གི་ལྷ་གཙོ་བསྡུས་སུ་རླཽམ་པ་རྣམས་ས་བོན་ཕྱག་མཚན་ལས་བསྐྱེད་ཆོག་གིས་བསྐྱེད་པ་ནི་རྒྱུད་ཀྱི་དགོངས་པ་མ་ཡིན་ཞིང༌། འདིའི་ཁུངས་ཀྱི་རྩ་བ་དེད་ན་པཎྜི་ཏ་སྤྲོས་པ་ཅན་གྱི་བློའི་རི་མོ་ཙམ་ལ་ཐུག་འདུག་པའི་ཕྱིར། གཟའ་བཅུ་སོགས་…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      ཁོངས་ནས་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དང༌། ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དང༌། བཅུ་དགུའི་དཀྱིལ་འཁོར་དང༌། ཐུགས་དཀྱིལ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རྣམས་སྟོན་པ་སྟེ། སྐབས་གཞན་དུ་གསུངས་པ་ལ་དགོངས་སོ། །དེ་ལ་ལྷ་བཅུ་གསུམ་མ་ནི་ནང་ལེའི་བརྒྱ་ང་གཅིག་པར་གསུངས་ཏེ། གཤེགས་པ་ཡབ་ཡུམ་བརྒྱད་ཀྱི་སྟེང་དུ་ཁྲོ་བོ་བཞི་བསྣན་པས་བསྐོར…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      དཀྱིལ་འཁོར་དག་ནི་རིགས་ཀྱི་དབང་གིས་ཕྱི་ཡི་འཁོར་ལོས་རབ་ཏུ་དམན་པར་འགྱུར། །ཞེས་གསུངས་ཏེ། སྤྱི་ཙམ་ནས་གོང་དུ་བཤད་པའི་ལྷ་གྲངས་ཉུང་ངུ་དེ་རྣམས་ཀྱང་སྒོམ་པའི་དོན་འབའ་ཞིག་ཏུ་མ་ཟད་དབང་བསྐུར་བ་ཡང་རུང་སྟེ། བཅུ་གསུམ་གྱི་སྐབས་སུ་བཤད་པས་མཚོན་ནོ། །འོན་ཀྱང་འདིར་དབང་གི་དོན་དུ་ཞེས་གསུངས་པ་ནི། སྔ་མ་དེ་རྣམས་སུ་དབང་བསྐུར་བ་…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      པས། ཐུགས་དཀྱིལ་རྒྱས་པ་བཞེང་ཐུབ་ན་ནི། ཡོངས་རྫོགས་དང་ཕན་ཡོན་ཁྱད་མེད་པ་ལྟ་བུར་བསྔགས་པ་མཛད་དོ། །ཐུགས་དཀྱིལ་དང་གསུང་དཀྱིལ་ནི་ཡོད་ལ་སྐུ་དཀྱིལ་སྤངས་པ་ལྟ་བུ། བར་མཚམས་དེར་རྣམ་གཞག་མི་འདྲ་བ་གཞན་མ་གསུངས་པས་ཐུགས་དཀྱིལ་རྒྱས་པ་ལས་སྤྲོས་པ་བྱེད་ཕྱིན། སྐུ་གསུང་ཐུགས་གསུམ་ཅར་རྫོགས་པ་ཉིད་སྒོམ་དགོས་པ་ཡིན་ལ། དེ་ཉིད་ལ་ལྷ་མ…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      སངས་རྒྱས་ལྷ་མོ་རྣམས། །གཟུགས་སོགས་མིག་ལ་སོགས་པ་དྲུག་སྟེ་སླར་ཡང་མི་ཡི་བདག་པོ་ལྷ་ཡི་ཚོགས་ནི་དྲུག་གཉིས་སོ། །རྣལ་འབྱོར་མ་དང་ཀླུ་དང་གཏུམ་མོ་བརྒྱད་ཅེས་བྱ་སྟེ་སྲིད་པར་འདི་རྣམས་ཐམས་ཅད་ཉིས་འགྱུར་རོ། །ཞེས་འབྱུང་སྟེ། འདི་ལ་ནུས་མ་བཅུ་ལ་ཡང་པདྨའི་གདན་ལོགས་སུ་བྱེད་ཅིང༌། ཐབས་རེ་རེས་དངོས་སུ་འཁྱུད་པ་དང༌། རྒྱལ་བ་ཡབ་ལྔ་…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      མཛད་ལ་སོགས་པའི་རིགས་ཀྱི་དབང་གིས་ལས་ཀྱི་དབྱེ་བ་མཐའ་དག་རྣམས་ཀྱི་སྒྲུབ་ཐབས་སུ་འགྱུར་རོ། །ཞེས་དང༌། ཡང་སྔ་མའི་འཕྲོས་ལས། སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་འགྱུར་ཏེ་སླར་ཡང་བཟླས་དང་སྦྱིན་སྲེག་རང་གི་ས་བོན་གྱི། །ཞེས་གསུངས་ཤིང་དེའི་འགྲེལ་པར་ཡང༌། སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་དང༌། གཞན་དུར་ཁྲོད་ཀྱི་མཐར་ཐུག་པ་རྣམ…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      འགྲེས་ཀྱིས་བསྒྲེས་པ། རྒྱུད་འགྲེལ་གྱི་ཚིག་ཟིན་ལས་བསྟན་པའི་དཀྱིལ་འཁོར་བདུན་བརྒྱ་བཅོ་བརྒྱད་དོ།། །།གསུམ་པ་དོན་གྱིས་ཐོབ་པ་ལ། ཁྲོ་བོ་མོབཅུའི་དཀྱིལ་འཁོར་དང༌། རྣལ་འབྱོར་མ་བརྒྱད་ལ་ལྷ་བཅུ་པའི་དཀྱིལ་འཁོར་བརྒྱད་དང༌། ཚེས་ལྷ་རྣམས་ལ་ལྷ་སུམ་ཅུ་བའི་དཀྱིལ་འཁོར་བཅུ་གཉིས་དང༌། གཙོ་བོ་དུས་ཀྱི་འཁོར་ལོ་ཉིད་ལའང༌། རྒྱལ་བ་རིག…
      JTN003 · ཏཱ་ར་ནཱ་ཐ།
      དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
      བདག་ཏུ་བྱའོ།། ཐུགས་ལ་ད་ལྟའི་གཙོ་བོའི་ཁ་དོག་སྔོན་པོའི་གནས་སུ་ལྗང་ཁུ་འབྱུང༌། གཞན་འདྲ༌། གསུང་དང་སྐུའི་ནག་པོ་ལ་ཡང་ཕལ་ཆེར་དེ་དང་འདྲ་བ་དང༌། དམར་པོ་དང་དཀར་པོ་ལ་ཞལ་གྱི་དབྱེ་བ་རིམ་པས་འཕོ་ཚུལ་དང༌། ཕྱག་དང་པོ་བཞིའི་འཕོ་ཚུལ་རིགས་བསྒྲེ་བ་ཡིན་ལ། ཡང་ན་རྒྱུ་འབྲས་རྡོ་རྗེ་འཛིན་པ་གཉིས་ཀ་རིགས་ཐ་དད་ཡིན་ཀྱང་སྐུའི་རྣམ་འགྱུ…