Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2475 results — page 93 of 124
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་ནས། །མིག་སྐྱོན་མེད་རྣམས་རོལ་པར་བཅས་པས་སྟེང་དུ་ནི། །ལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང༌། ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ལྷ་དང་མིའི་དངོས་པོ་བཟང་ལ་གྱ་ནོམ་པས་གོ་མཚམས་མེད་ཅིང་ཕྱུར་བུར་བཀང་སྟེ། བླ་མ་དཀོན་མཆོག་རྣམས་ལ་ཕུལ། དེའི་རྗེས་སུ་བདག་མྱུར་དུ་སངས་རྒྱས་ཐོབ་པ་དང༌། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་སྐྱེ་བར་གསོལ་བ་འདེབས་པ་ཡིན། དེ་དག་གི་སྐབས་ང…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་བརྗོད། ཚུལ་དེས་མཎྜལ་ཅི་ནུས་སུ་འབུལ། ཐུན་འཇོག་ཁར། མཆོད་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་གཉིས་སུ་མེད་པར་ཐིམ། དགེ་བ་བསྔོ་བ་གོང་སྐྱབས་འགྲོའི་སྐབས་བཞིན་བྱ། དམིགས་བསྐོར་བཞི་པ་མཎྜལ་གྱི་འཁྲིད་ཚར། འདི་ཡང་འཁྲིད་ཀྱི་དངོས་གཞིའི་ཉམས་རྟོགས་སྐྱེ་བའི་རྒྱུ་གསར་དུ་ཚོགས་བསག་ཐུབ་པའི་རྟགས་བྱུང་…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      བག་དང་ལྡན་པ༑ འོད་དང་འོད་ཟེར་གྱི་ཚོགས་མཐའ་ཡས་པ་འཕྲོ་བའི་སྐུ་ཅན། མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས། འཕགས་པ་ཉན་རང༌། ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་པར་གྱུར། སྤྲོས་པ་ལ་དགའ་ན་ཕྱག་མཆོད་ཡན་ལག་བདུན་པ་རྒྱས་པར་བྱ། བསྡུ་ན་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བསམ་གྱིས་མི་ཁ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      ལ་བར་ཆད་མི་འབྱུང་བར༴ སྒྲུབ་པ་སྙིང་པོ་ཉམས་སུ་ལོངས་པར༴ སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར༴ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར༴ ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར༴ ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར༴ ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར༴ ཕྱག་རྒྱ་ཆེན་པོ་མཆོག་གི…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      རང་སེམས་དབྱེར་མེད་པའི་ངང་ལ་ཅུང་ཟད་མཉམ་པར་བཞག དེ་ལྟ་བུ་བསྐྱར་འདེབས་བྱེད་ཀྱིན་ཅི་ནུས་སུ་བསྒོམས། རྗེས་དགེ་བ་བསྔོ་བ་གོང་དང་འདྲ། གཞན་ཡང༌། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། ཞེས་སོགས་ཅི་རིགས་པའང་བརྗོད། དམིགས་བསྐོར་ལྔ་པ་བླ་མའི་རྣལ་འབྱོར་གྱི་འཁྲིད་ཚར། སྔགས་ལམ་གྱི་ཉམས་རྟོགས་ཐམས་ཅད་བླ་མའི་བྱིན་རླབས་ཀྱི་སྒོ་ནས་ལམ་ད…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      སྐབས་ཡིན་པས། གཙོ་བོ་ཡབ་ཡུམ་ཙམ་གྱི་ལྷའི་རྣལ་འབྱོར་བསྡུས་པས་ཆོག་ཅིང༌། དེ་ལས་ཀྱང་ལྷག་པར་བསྡུས་པ་ལྷན་སྐྱེས་ཉིད་བསྔགས་པས། དེའི་སྒོམ་ཚུལ་ནི། སྐྱབས་སེམས་སྔར་བཞིན་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། རང་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། འབྱུང་བཞི་རི་རབ་པད་ཟླ་ཉི་མ་སྒ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་གཞགདེ་ལྟར་ཡང་ཡང་བསྒོམས་ཀྱང་ལེགས། ཐུན་འཇོག་པའི་ཚེ། ལྷ་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱང༌། དགེ་བ་འདི་ཡིས་མྱུར་དུ་བདག།དུས་ཀྱི་འཁོར་ལོ་སོགས་དང༌། གོང་བཞིན་དགེ་བ་བསྔོ། འ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      སུ་ཡོད་པ་ལྟར་ཡིན་ལ། དེ་ཡང་དབེན་གསུམ་གྱི། རྗེས་སོ་སོར་སྡུད་པའི་སྔོན་དུ་བྱེད་པ་ཐོབ་ཐང་གི་དུས་སྐབས་ཡིན་ཡང་དེང་སང་དེ་ལག་ལེན་མི་བདེ་བས་སྐབས་འདིར་བྱེད་པའི་ལག་ལེན་གཙོ་ཆེའོ། །དེ་ནས་འཁྲིད་འབོགས་པ་ནི། རྒྱུད་ལས། བདུད་རྩི་ལྔ་ལ་[བདུད་རྩི་ལྔ་སྟེ་གཟུགས་ཕུང་ལ་སོགས་པ་ཕུང་པོ་ལྔ་ལ་ལྟོས་པ་མེད་པ་དང༌། སོགས་སྒྲས་བསྟན་པའི་…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      ལའང་སྦྱར་བས། ལྟོས་མེད་བཞི་ལྡན་གྱི་གདམས་པ་ཞེས་བྱ་ལ། སྔོན་འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་བྱ་བྱེད་ཁོ་ན་ལ་འདས་ཀྱང་དོན་མེད་དང་དོན་ལོག་པར་སོང་ནས། ཡང་དག་པའི་འབྲས་བུ་གང་ཡང་མ་གྲུབ། ད་ཕྱིན་ཆད་བྱར་མེད་དུ་བཞག་ན། གྲུབ་པ་དང་བདེ་བ་བླ་ན་མེད་པ་ཐོབ་ངེས་པས། ནང་གི་ཁམས་འཁྲུག་པ་སོགས་གེགས་དང་གོལ་ས་སྤང་བའི་ཕྱིར་དུ། …
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      པོ་ཡི་གང་ཟག་གིས། །ལུས་[བྱ་བྱེད་ངག་སྨྲ་བརྗོད་ཀྱིས་]དབེན་པ་ལ་མ་བརྟེན་པར། །སེམས་[རྣམ་རྟོག་གིས་]དབེན་རྙེད་པར་མི་འགྱུར་བས། །[ཆགས་སྡང་གི་རྣམ་རྟོག་སྐྱེ་བའི་རྒྱུ་རང་ཡུལ་སོགས་དང་]འདྲེས་སྤངས་དབེན་པར་གནས་པར་ བྱ། །[ཡུལ་མི་སོགས་དང་]འདྲེས་པས་འདྲིས་ཤིང་ཆགས་པར་བྱེད། །དེ་ཡིས་འཁོར་བའི་འཁོར་ལོ་བསྐོར། །དེ་བས་འདྲེས་པ་སྤ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      དེའི་རྒྱུན་ལ་མཎྜལ་དང༌། བླ་མའི་རྣལ་འབྱོར་དང། ཤཱུ་ནྱ་ཏས་སྟོང་པར་སྦྱངས་པ་ནས། སེམས་འཛིན་པའི་བར་གྱིས་བསྐྱེད་རིམ་ཀྱང་བྱེད། དེའི་ནང་ནས་ཀྱང་ཅུང་ཟད་རྒྱས་པ་ལ་སྤྲོ་ན་སྔར་བཤད་པ་བཞིན་དང༌། བསྡུ་ན་སྐྱབས་འགྲོའི་སྐབས་སྐྱབས་ཡུལ་རང་ལ་མ་བསྟིམ་པར་མདུན་དུ་བཞུགས་སུ་གསོལ་བ་ལ། མཎྜལ་གྱི་སྐབས་སུ་མཎྜལ་འབུལ་བ་དང༌། དེ་ཁ་ལ་གསོལ་འ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      སུ་བཞག ཅི་བདེར་རྒྱུ་རུ་གཞུགསེམས་ཀྱི་གནད་གང་ཡང་བསམ་དུ་མེད་པ། ཅི་ཡང་ཡིད་ལ་མི་བྱེད་པ། ཆེད་དུ་མ་སྒྲིམ། ཆེད་དུ་མ་ཀློད། ཕར་ནམ་མཁའ་སོགས་ལ་ཆེར་གྱིས་བལྟ་བ་ཡང་མ་ཡིན། ཚུར་རང་ཉིད་ལ་ཆེད་དུ་ལྟ་བ་ཡང་མ་ཡིན། གང་ལ་ཡང་མི་བརྟེན། ཅིར་ཡང་འཆར་རུང་ཙམ་དེ་ལ་བཟོ་བཅོས་མེད་པ་ལྷོད་དེ་བཞག དེ་ཁ་ལ་གནས་ཤིང་སྒོམ་ཏུ་བཏུབ་ན་ལེགས། གལ་ཏེ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      སྐུ་མཉེ་དང་ཁ་ཟས་ཀྱི་ལྕག་གིས་བསྐུལ། འདི་ལྟར་བསྒོམས་པས་ལུས་ཉམས། ངག་ཉམས། སེམས་ཉམས། མཐོང་ཉམས། རྨི་ཉམས་སོགས་གང་བྱུང་ཀྱང༌། ཉམས་གྱི་སྣེ་མི་བསྐྱིལ་མི་བཀག་པར་རང་བབས་ལ་གང་བྱུང་དེ་ཀ་བྱུང་རྒྱལ་ལྷུག་པར་བསྐྱང་དགོས། [དབང་མདོར་བསྟན་]ཇི་སྐད་དུ། གང་ལའང་སྐྱོན་དུ་མི་བལྟ་ཞིང༌། །ཅི་ཡང་མ་ཡིན་ཉམས་སུ་བླངས། །དྲོད་རྟགས་ལ་སོགས…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      གང་བབ་བྱའོ། །དེ་དག་གིས་ནི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོའི་འཁྲིད་རྣམས་ཚར་བ་ཡིན་ནོ།། གཉིས་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་དངོས་གཞི་སྒོམ་པའི་རིམ་པ་ནི། དུས་འཁོར་རྩ་རྒྱུད་དང༌། གསང་འདུས་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང༌། སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      འཛིན་གཉིས་མ་དག་པའི་རླུང་བཀགས་ནས་རླུང་ཐིག་དབྱེར་མེད་དུ་བྱེད་པའི་རྣལ་འབྱོར་ཡིན་པས་དེ་གཉིས་སྔར་ལས་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ལ་ལྷག་པར་ཉེ་ཕྱིར་ཉེར་སྒྲུབ་དང༌། རྗེས་དྲན་ནི་འབར་སྣང་གི་ལྷ་སྐུ་འགྲུབ་པའི་རྣལ་འབྱོར་ཡིན་པས་སྒྲུབ་པ་དང༌། ཏིང་འཛིན་མི་འགྱུར་བའི་བདེ་བ་ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཡིན་པས་སྒྲུ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      ག་གཉིས་སོ། །དང་པོ་སོར་སྡུད་དངོས་ལ། མཚན་མོ་གསེང་མེད་ནམ་མཁའི་རྣལ་འབྱོར་དང༌། ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་རོ། །དང་པོ་ནི། རྒྱུད་ལས། [མུན་པའི་]ནམ་མཁར་ཀུན་ནས་ཞེན་པའི་[ཞེན་པ་སྟེ་མངོན་སུམ་དུ་མཐོང་བའི་སེམས་གཡོ་མེད་དུ་བྱས་ཏེ]སེམས་དང་མིག་ནི་[མིག་འབྱེད་འཛུམ་མི་བྱེད་པར་གྱེན་དུ་བལྟས་ཏེ་རྡོ་རྗེའི་ལམ་ཞེས་པ་དབ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      དང་མ་བཀབ་མིག་དག་གིས། །ཞེས་གསུངས་པས། མིག་ཧ་ཅང་གདངས་པ་མ་ཡིན་པ། ཧ་ཅིང་བཙུམ་པ་མ་ཡིན་པ་རང་བབས་ཀྱི་ངང་ནས་མིག་འབྲས་གྱེན་ལ་བཟློག་པ་ཡིན། དམིགས་གསལ་ཅན་རྣམས་མ་གཏོགས། སོར་བསམ་གཉིས་ཀྱི་སྐབས་ཐམས་ཅད་ལུས་གནད་ལྟ་སྟངས་འདི་ཁོ་ནར་ངེས་སོ། །དེ་ལྟར་ལུས་གནད་བྱས་ནས། བྱ་བ་གཞན་སྤངས་ཏེ་བཞག་པས་རྩ་རྣམས་གཡོ་མེད་དུ་གནས་པ་ནི་ལུས་མི…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      མར་འགྱུར་བ་ཡིན་ཏེ། ཞེས་གསུངས་སོ། །དེ་ལྟར་ན༑ ལུས་གནད་བྱེད་བཅིང་དང་ལྡན་པས་ཡིད་མིག་རླུང་གསུམ་གཙུག་ཏོར་ཐད་ཀྱི་ནམ་མཁའ་དང་དབྱེར་མེད་དུ་བསྲེས་ཏེ་གང་ཡང་ཡིད་ལ་མི་བྱེད་པར་སྒོམ་དགོས་སོ། །སོར་སྡུད་ཀྱི་དམིགས་པ་དངོས་ཏེ། དངོས་གཞིའི་དམིགས་པ་དང་པོའོ། །ཡང་པཎ་ཆེན་བི་བྷུ་ཏི་ཙནྡྲའི་མན་ངག་ལས། དམིགས་པ་གཏོང་ཚུལ་མི་འདྲ་ཙམ་བ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      ཡུད་ཙམ་རེ་གནས་ཤིང༌། དེའི་འཕྲོ་ལ་ཇི་ཙམ་སྒྲིམ་གྱིན་འཕྲོ་རྒོད་དུ་སོང་ན། ཧ་ཅང་གྲིམ་དྲག་པའི་སྐྱོན་ཡིན་པས། མ་ཡེངས་པའི་དྲན་པའི་བྱ་ར་ཙམ་བཞག་ནས། གང་ཡང་མི་སྒོམ་པར་ལྷོད་གྱིས་ཀློད་དོ། །འདི་ནི་རྩོལ་བྲལ་གྱི་རྣལ་འབྱོར་ཏེ། དཔེ་རྔ་མོ་བཏགས་གྲོལ་ལྟ་བུའོ། །དམིགས་བསྐོར་བཞི་པའོ། །དམིགས་པ་ཕྱི་མ་གསུམ་པོ་འདི་རྣམས་ཀྱང་དང་པོའ…