Author
About 40% of texts have an author recorded — this list will grow as more are attributed.
2475 results
— page 94 of 124
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
དྲོ་ཁ་ནུབ་ཏུ་ཕྱོགས། ཕྱི་དྲོ་ཁ་ཤར་དུ་ཕྱོགས་པས་སྒོམ་ཞིང༌། ཕྱེད་གཡབ་བྱང་བསྟན་ནམ། བྲག་དང་རྩིག་པ་ལ་སོགས་པའི་གྲིབ་མ་ཆེ་བར་ཡོད་ན། ཉིན་གུང་ཡང་བྱང་དུ་ཕྱོགས་པས་སྒོམ་དུ་རུང༌། དེ་དག་ཀྱང་སྤྲིན་སེར་བུ་ལ་སོགས་པ་མེད་པའི་དུས་སུ་སྒོམ་ཞེས་གསུངས་པ་ལྟར་ཡིན་པས། སྲོད་ཐོ་རངས་ཉིན་གུང་རྣམས་དང༌། གཞན་ཡང་སྤྲིན་དང་རླུང་པོ་ཡོད་པའ…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
རྣམ་པ་གསུམ་ཡིན་པར་རྒྱུད་ལས་གསུངས། དེ་དག་རྒྱས་པར་གཞན་དུ་ཤེས་པར་བྱ་ལ། འདིར་དང་པོའི་ལས་ཅན་ལ་སོར་སྡུད་ཁོ་ན་དང་འབྲེལ་བ་ནི། དུས་ཞབས་སྙན་རྒྱུད་ལས། སོ་སོར་སྡུད་པའི་སྤོགས་པ་ནི། །བྱེད་བཅིང་དྲག་ཏུ་བརྩམ་པར་བྱ། །ཞེས་པ་དང༌། བྱེད་བཅིང་གང་ལ་ཟེར་ན། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ལས། མཚན་མོ་གསེང་མེད་ཁྱིམ་དུ་ནི། །ཤི…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
ལས་ཡར་བསྐྱེད་མ་བྱུང་ནའང༌། འདི་བསྒོམས་པས་གོང་འཕེལ་དུ་འགྲོ། དེས་ན་སྤོགས་པའི་ཆོ་ག་ཞེས་བྱའོ། །ཐོག་མ་ཉིད་ནས་འདི་བསྒོམས་ཀྱང་ཚེགས་ཆེ་ཞིང་གེགས་སྡང་ལ། ཕྱིས་བོགས་བསྐྱེད་ཆུང་བར་ཡོད་པས། གོང་གི་གནས་སྐབས་གསུམ་པོ་དེ་བྱུང་ན་སྒོམ་གྱི་གཞན་མི་དགོས་སོ། །དམིགས་བསྐོར་བདུན་པའོ། །ཡང་ཙ་མི་དང༌། རྒ་ལོའི་མན་ངག་ལས། སྐར་ཁུང་ལ་ལྟ…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
བྱས་པས་མྱུར་དུ་ཟིན་པར་འགྱུར་རོ། །དེ་ལ་གཉིད་ཀྱི་འོད་གསལ་ཟིན་པའི་ཚད་མང་པོ་ཡོད་ཀྱང༌། རེ་ཞིག་གཉིད་འཐུག་པོའི་སྐབས་སུ་གསལ་སྟོང་གི་རིག་པ་རྣམ་རྟོག་གི་གཡའ་དང་བྲལ་ཞིང༌། རང་ངོ་སྐྱོང་ཤེས་པ་ལ་རྟགས་སྣང་སྣ་ཚོགས་པ་འཆར་བ་ཞིག་བྱུང་ན་གཉིད་ཀྱི་འོད་གསལ་ཟིན་པའི་གྲངས་སུ་ཆུད་པ་ཡིན་ནོ། །དམིགས་བསྐོར་བརྒྱད་པའོ། །གཉིས་པ་སྒོམ་ད…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
སྣང་བ་ལ་འཇུག་པའི་དོན་ནོ། །དེ་ལྟར་ཡང༌། རྒྱུད་ལས། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་སོ། །གཉིས་པ་ནི། སོར་སྡུད་ཐོག་མ་རང་བསྒོམ་པའི་སྐབས་ཀྱི་ལན་གཅིག་པོ་དེ་ལ། རླུང་སྣ་བུག་གཡོན་ནས་གཡས་སུ་འཕོས་མ་ཐག་པས་རླུང་འབབ་པའི་དུས་དེར་བསྒོམས་ན། གཡས་ཀྱི་འཕོ་བ་རྣམས་འབྱུང་པ་སྡུད་རིམ…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
རྒྱུད་ཕྱི་མ་ལས། [མཚན་མོ་སྟེ་མུན་པའི་ནམ་མཁར་དུ་བ་ལ་སོགས་པའི་མཚན་རྟགས་བཞི་མངོན་སུམ་དུ་མཐོང་བའི་མཚན་མོས་རྣལ་འབྱོར་སྒོམ་དགོས་པར་བསྟན།]མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་ནམ་མཁའ་ལ་ནི་[འབར་བ་ལ་སོགས་པའི་ཉིན་རྟགས་དྲུག་མངོན་སུམ་དུ་མཐོང་བའི་ཉིན་མོའི་རྣལ་འབྱོར་སྒོམ་པར་བསྟན]འབར་བ་ལ་སོགས་ཀྱང༌། །ཞེས་དང༌། ཤ…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
མཆོག་གི་ཆ་[སྟེ་གློག་]དང་ཐིག་ལེ་[སྔོན་པོ་]མཐོང་བར་འགྱུར། །ཞེས་ཉིན་མོའི་རྣལ་འབྱོར་གྱི་རྟགས་དྲུག་སྟེ། རྟགས་བཅུ་ངེས་པའི་རྟགས་ཡིན་ལ། བཅུ་པོ་དེ་དག་གང་རུང་རེའི་ཁོངས་སུ་གཏོགས་པ་ཡིན་ཡང༌། རྣམ་པ་མ་ངེས་པའི་རྟགས་ནི་མཐའ་ཡས་པ་ཞིག་གོ །སྣ་ཚོགས་གཟུགས་བརྙན་མཐོང་བ་ཞེས་བྱའོ། །དེ་ཡང་ཆོས་ཉིད་དོན་དམ་པའི་ཡེ་ཤེས་རང་ལ་བཞུགས་ཤ…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
དེ་ལྟར་ཡང༌། དྲི་མེད་འོད་ལས། འདིར་དང་པོར་[བསམ་གཏན་མཐར་མ་ཕྱྀན་པ་ཡན་ཆད་ཀྱི་]ལས་དང་པོ་པའི་རྣལ་འབྱོར་[བའི་རྒྱུད་ལ་མངོན་ཤེས་མ་འགྲུབ་]པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ༌། །ཞེས་སོ། །མིག་གི་སྒྲ་ནི། ཨཀྵ་ཞེས་བྱ་བའི་སྒྲ་ལས་དྲངས་ན། དབང་པོ་ཐམས་ཅད་ལའང་འཇུག་པས་གཟུགས་ཀྱི་རྣམ་ཆ་མཐོང་བའི་རྟེན་ཁོ་ན་ལ་མ…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
རྡོ་རྗེ་སེམས་དཔའ་ལ་[སྣ་ཚོགས་ཡུམ། ཀུན་ཏུ་བཟང་པོ། སྒྲ་རྡོ་རྗེ་མ། གནོད་མཛེས་རྒྱལ་པོ། ཤིན་ཏུ་སྔོན་མོ་སྟེ་ལྷ་ཡེ་ཤེས་ཁམས་པ་དྲུག་]སོགས་པ་ལྷ་ཡེ་ཤེས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་རབ་འབྱམས་འབྱུང་བའོ། །དེ་ལྟར་སོར་སྡུད་ཀྱི་སྒོམ་དོན་བློ་ལ་འགོད་པ་འདི་བསྡུ་ན་ཐུན་གཅིག་ལ་ཚང་བར་བྱ། རྒྱས་པ་ལ་སྤྲོ་ན་ཐུན་མང་པོར་བཤད་ད…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
ཡིན་ལ། འདིར་ནི་ནམ་མཁའ་ལ་སེམས་འཇོག་པའི་ཚབ་ཏུ་སྟོང་གཟུགས་ལ་སེམས་འཇོག་པ་སྟེ། སྟོང་གཟུགས་མཐོང་བའི་དུས་དེ་ཉིད་དུ། རིག་པ་སྟོང་གཟུགས་ལ་ཆེ་རེ་གཏད་ཅིང༌། འདི་ཡིན་འདི་མིན་སོགས་ཀྱི་དཔྱད་པ་དང༌། རྣམ་རྟོག་ཡེ་མི་བྱེད། ལྟ་མཁན་གྱི་རིག་པ་ཁོ་རང་གིས་རིག་གེ་བ་ཁོ་རང་ལ་ལྟ་ཤེས་ཙམ་བྱའོ། །འདི་སྟོང་གཟུགས་བརྟན་པ་ཐོབ་ནས་སྒོམ་པ་ཡ…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
དྲག་ཏུ་གཟིར་བ་ཉིད་དོ། །དམིགས་བསྐོར་བཅུ་པའོ། །གཉིས་པ་ལ། ཉིན་མོའི་རྣལ་འབྱོར་དང་འབྲེལ་བ་དང༌། གཉིད་ཀྱི་འོད་གསལ་དང་འབྲེལ་བའོ། །དང་པོ་ནི། ཡེ་ཤེས་སྤྱན་སྒྲུབ་ལས། སྣང་བའི་སྟེང་དུ་འོད་གསལ་བཟུང༌། །ཕྲ་བའི་འོད་ལ་བརྟེན་ནས་ནི། །རགས་པའི་འོད་ཅན་ངོ་སྤྲད་པས། །རྟོག་མེད་འོད་ལས་སྲིད་འདས་སྣང༌། །ཞེས་གསུངས་པའི་མན་ངག་ནི། སྣང…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
ཞིག་དེ་མ་ཐག་ལས་སྣང་གི་དངོས་པོ་དེ་མི་མཐོང་བར། འོད་གསལ་གྱི་རྟགས་དེ་མཐོང་བ་ཞིག་ཡོང་སྟེ། འཆར་ཚུལ་བཟང་བཟང་འདྲ་སྟེ་འབྲིང་ཡིན་པས། བསྐྱེད་ཧ་ཅང་ཆེ་བ་མི་ཡོང༌། ཡང་རྟགས་སྣང་དང་ལས་སྣང་གཉིས་ཀར་དུས་གཅིག་ཏུ་ཡལ་ཏེ། རེ་ཞིག་གང་ཡང་སྣང་བ་མེད་པ་ཞིག་བྱུང་ན་མྱུར་དུ་ལས་སྣང་འགག་ཅིང༌། འོད་གསལ་གྱི་སྣང་བ་རབ་འབྱམས་འཆར་བར་འགྱུར། …
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
ཐམས་ཅད་ལ་སྦྱངས་པས། སྒྲ་ཕལ་ཆེར་སྟོང་པའི་སྒྲར་འགྱུར། འདིས་དྲི་རོ་རེག་བྱ་གསུམ་ལའང་རིགས་འགྲེ་མོད། རེ་ཞིག་མ་སྨོས་སོ། །དམིགས་བསྐོར་བཅུ་གཉིས་པའོ། །གཉིས་པ་ནི། སོར་སྡུད་ཀྱི་སྐབས་དང་ཕལ་ཆེར་འདྲ་བ་ལས། ཉལ་བའི་ཚེ་སྟོང་གཟུགས་ཉིད་ལ་སེམས་གཏད་ཅིང། རྣམ་རྟོག་གིས་བར་མ་ཆོད་པར་གཉིད་དུ་འགྲོ་བར་བྱས་པས། གཉིད་ཀྱི་འོད་གསལ་མྱུར…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་འོད་གསལ་དེ་ལ་སེམས་རྩེ་གཅིག་ཏུ་བྱེད་ཅིང༌། གནས་པ་དང་འགྱུ་བ་ལ་རང་ཅི་འདོད་དུ་དབང་ཐོབ་པར་བྱེད་པའི་དོན་ཏེ། ཐེག་པ་སྤྱི་ལྡོག་ནས་ཀྱང་བསམ་གཏན་གྱི་དོན་དམིགས་པ་ལ་རྩེ་གཅིག་ཏུ་བཤད་པ་དང་འདྲའོ། །གཉིས་པ་ནི། སོར་སྡུད་མཐར་ཕྱིན་ན་རབ་ཡིན་ལ། མིན་ནའང་འོད་གསལ་གྱི་རྟགས་སྣང་བརྟན་པོར་ཤར་བའི་དུས…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
མེད་ཀྱི་ནོམ་པ་ཆེན་པོ་རྙེད་པ་ལྟར་དགའ་ཞིང་སྐྱིད་སྣང་ཤར་བ་སྟེ་བདེ་བའི་ཡན་ལག་ཡིན་ལ། ནང་ལ་དམིགས་པ་ནི་ཏིང་ངེ་འཛིན་དེ་ཉིད་བདེ་བར་ཤར་བ་མྱོང་བ་ཡིན་ཏེ་གཡོ་མེད་བདེ་བའི་ཡན་ལག་ཡིན། དེས་རྐྱེན་བྱས་ནས་ལུས་ལ་ཤིན་ཏུ་སྦྱངས་པའི་བདེ་བ་ཁྱད་པར་ཅན་གྱིས་ཁྱབ་པ་ནི་གཡོ་མེད་བདེ་བའི་ཡང་ཕན་ཡོན་ནོ། །དེ་ཡང་དང་པོར་ཤེས་རབ་རྐྱང་པ་སྐྱེ…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
བར་རྟོགས་པས། ཀུན་རྫོབ་ལས་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་རང་འཆར་བ་ཡིན་ཏེ། རྒྱུད་ཕྱི་མ་ལས། དེ་ལ་སེམས་ནི་བརྟན་པའི་བསམ་གཏན་གྱིས་ཀྱང་ཕྱི་རོལ་ཀྱི་ནི་དངོས་པོ་རྣམ་པར་སྤོང་བར་བྱེད། །ཅེས་སོ། །ཚད་མ་ནི་སོར་སྡུད་དང་མཚུངས་པ་ལས་དེའི་རྟེན་དབང་པོ་ནི་ལྷའི་སྤྱན་ཏེ། འདིའི་རྒྱུ་མཚན་ཀྱིས་མངོན་ཤེས་ལྔ་འགྲུབ་པའང་ཡིན་ནོ། །ལྔ་པ་ལ། …
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
ཀྱི་ཡན་ལག་རྒྱུད་ལ་སྐྱེས་པས། སེམས་གང་དུ་གཏད་སར་སྟོང་གཟུགས་འཆར་བ་ཞིག་འབྱུང་ལ། དེ་ནས་སྣང་བའི་སྟེང་དུ་འོད་གསལ་འཛིན་པའི་གདམས་ངག་བསྒོམས་པས། ཕྱི་རོལ་ཀྱི་སྣང་བ་གང་ལ་སེམས་བཞག་པ་དེར་སྐད་ཅིག་ལ་ལས་སྣང་འགགས་ཏེ་འོད་གསལ་གྱི་སྣང་བར་འགྱུར་བ་ཞིག་ཡོད་ན། དེས་སྔ་དྲོ་ཕྱི་དྲོའི་དུས་སུ་རང་གཅེར་བུར་ཕྱུང་བའི་གྲིབ་གཟུགས་ཀྱི་ས…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
ཡིན་པས་དཀྱུས་ཀྱི་དམིགས་བསྐོར་ལ་མི་འདྲེན་ནོ། །སྒོམ་དོན་བློ་ལ་འགོད་པ་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་བསམ་གཏན་གྱི་འཁྲིད་ཚར་རོ། །རེ་ཞིག་སྲོག་རྩོལ་མན་ཆད་མི་འབོགས་ཤིང༌། དེ་ཙམ་གྱིས་ཆོག་ཤེས་པར་བྱེད་ན། རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བླང་བར་བྱའོ། །གཉིས་པ་བར་དུ་དགེ་བའི་འཁྲིད་ལ། ལས་རླུང་ཨ་ཝ་དྷཱུ་ཏཱིར་འགག་པར་བྱེད…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
གྱི་སྦྱོར་བས་སྲོག་དབུ་མར་འཆིང་བ། མ་ཆུད་ཅིང་མ་འཆིངས་ན་བཙན་ཐབས་ཀྱི་སྦྱོར་བས་ཉི་ཟླའི་ལམ་དགག་ཅིང༌། བཀག་པས་འོག་སྒོ་བཙན་ཐབས་སུ་འགགས་ན་སྟེང་གི་སྦྱོར་བས་དགྲོལ་བ། ལྕེ་གསུམ་བསྐྱོད་པའི་སྦྱོར་བས་ནང་གི་བདུད་རྩིའི་བཅུད་མྱང་བ། གཏུམ་མོ་སྦར་བའི་སྦྱོར་བས་སྲོག་ཐུར་བསྲེ་ཞིང་འཆི་མེད་སྒྲུབ་པ་སྟེ་རྡོ་རྗེའི་ཚིག་དྲུག་ཅེས་བྱ…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
དེ་ནས་རྩ་གསུམ་གསལ་གདབ་སྟེ། ལུས་ཀྱི་ནང་དུ་རྩ་དབུ་མ་སྔཽན་པོ་སྦོམ་ཕྲ་མདའ་སྨྱུག་འབྲིང་བོ་ཙམ་ཡར་སྣ་གཙུག་ཏོར་ཏུ་ཟུགམར་སྣ་ལྟེ་བར་གནས་པ། དེའི་གཡས་སུ་རོ་མ་དམར་པོ་དང༌། གཡོན་དུ་རྐྱང་མ་དཀར་པོ་སྟེ། དེ་གཉིས་དབུ་མ་ལས་ལྡབ་འགྱུར་གྱིས་ཕྲ་བ། དབུ་མ་དང་གསུམ་གཤིབས་སུ་འདུག་པར་མོས། རླུང་ཕྱིར་འགྲོ་དུས་ལྟེ་བ་ནས་བརྩམས་ཏེ་དབུ་…