Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2475 results — page 96 of 124
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      གྱི་རྣལ་འབྱོར་གྱིས་འཁོར་ལོ་དྲུག་ཏུ་སྔར་གཡས་གཡོན་སྲོག་ཐུར་འདྲེས་ཟིན་པའི་དབུ་མའི་རླུང་དེ་ཉིད་ཐིག་ལེ་ལ་ཞུགས་པའི་ཚུལ་གྱིས་སྟོང་པར་ཐིམ་པས་གཏུམ་མོ་འབར་བར་བྱེད་པ་སྟེ། འདི་ལ་རྒྱུད་འགྲེལ་གྱིས་འཛིན་པ་སྟོན་པའི་སྐབས་ཕལ་ཆེར་ན། འཁོར་ལོ་བཞིའི་རྣམ་གཞག་ལས་མ་གསུངས་པ་མང་ལ༑ དབྱེ་བ་རྣམ་པ་བཅུའི་སྐབས་ན་གཙུག་ཏོར་གྱི་འཁོར་ལ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      སོགས་ཕུང་ཁམས་མེ་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱེད་འཛིན་པའི་ལམ་ཉིད་ལ་དབྱེ་ན། ཇི་སྐད་དུ། དྲི་མེད་འོད་ལས། སྲོག་གི་འཛིན་པ་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བ་དང༌། གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ། །ཞེས་པ་ལྟར། འཛིན་པ་ལ་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་དོ། །དྲུག་པ་ལ་གནས་…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      གྱིས་ཆོག་པར་བྱེད་ན། རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བླང་བར་བྱའོ། །གསུམ་པ་ཐ་མར་དགེ་བའི་འཁྲིད་ལ་གཉིས་ཏེ། རྗེས་དྲན་དང༌། ཏིང་ངེ་འཛིན་ནོ། །དང་པོ་ལ་ཉམས་ལེན་དམིགས་པའི་གནད་དང༌། སྒོམ་དོན་བློ་ལ་འགོད་པའོ། །དང་པོ་ལ་རྗེས་དྲན་དངོས་ནི། ལུས་སྦྱོར་དང་རླུང་གི་རྩོལ་བ་སོགས་ལ་མ་ལྟོས་ཏེ། འཁོར་ལོ་དྲུག་གི་རྩ་མདུད་གྲོལ། བདེ་བ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      བསྣུན་པ་ཡིན། ཡང་དེ་ཉིད་ལས། པུས་མོ་དང་གྲུ་མོ་ས་ལ་འཛུགས་པའམ་ཡང་ན་སྐྱིལ་ཀྲུང་སྐེད་པ་བསྲངས། ལག་པ་གཉིས་དཔྱི་མགོའི་ཐད་ཀྱི་ས་ལ་འཛུགས། ལུས་སྒྱེད་ཅིང་མགྲིན་པ་དགུག འདི་རྒྱབ་ཀྱི་རྩ་ལ་གནད་དུ་བསྣུན་པ་ཡིན། ཞི་མ་ཁྲོ་གླང་པོ་ཆེའི་འདུག་སྟངས་ནི། པུས་བཙུགས་ལག་གཉིས་ཁུ་ཚུར་གྱིས་འགྲམ་པ་སྐྱོར། གྲུ་མོ་སྟེགས་བུ་ལ་བཙུགས་པའམ་ཡ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      པའི་སྔ་མ་རྣམས་ནི། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པའི་གསུང་བཞིན་ཡིན་ལ། ཡང་ན་ཞེས་པ་རྣམས་གྲུབ་ཆེན་ཡུ་མོའི་མན་ངག་ཐོར་བུ་པ་དང། ཀུན་སྤངས་ཆེན་པོའི་ཐུགས་སྲས་ལ་སྟོད་པ་དབང་རྒྱལ་ལ་སོགས་པའི་ལག་ལེན་འགའ་ཞིག་ལ་སྣང་བ་ལྟར་བཀོད་པ་ཡིན་པ་ལས། ཕྱི་མ་འདི་རྣམས་འཆུན་ཆེ་ཆེ་ཙམ་དུ་སྣང་ཞིང༌། དྲུག་ཚན་གཉིས་པོ་འདི་གང་རུང་ཞིག་གི…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      དམིགས་བསྐོར་སོ་བདུན་པའོ། །དེ་དག་མ་མཐའ་ཡང་ཟླ་བ་ཙམ་སྒོམ་མོ། །གཉིས་པ་ནི། ཙོག་པུ་འཕོང་སྟེགས་བཅུག ལག་པ་བརླ་ནང་ནས་འཁྱུད་དེ་ངར་གདོང་བཟུང༌། རླུང་ཁ་ནས་ཕྱིར་དྲག་ཏུ་བུས། འོག་སྒོ་གློད། ཡང་རྔུབ་སྟེ་ལྟོ་བ་ཕྱིར་བསྐྱེད་པའི་ངང་ནས། སླར་ཡང་འོག་སྒོ་གློད་དེ་རླུང་གང་ཐུབ་བཟུང་ངོ༌། །རླུང་གནད་དང་པོ་ཡིན་ཞིང་འོག་ལ་བསྲེ་བ་དང་འ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      ཞེས་བྱ་སྟེ། དེ་གཉིས་འདྲེན་ཁྱབ་བོ། །དེ་རྣམས་གཅིག་སྟེང་ལ་གཅིག་བྱ་ཞིང༌། ལུས་སྦྱོང་ལའང་འབད་པར་བྱའོ། །དམིགས་བསྐོར་སོ་བརྒྱད་པའོ། །འདི་དག་མགྱོགས་འཁྲིད་གྱི་དབང་དུ་བྱས་པ་ཡིན་གྱི། འགྲུབ་ན་རླུང་སྦྱོར་རེ་ལ་དམིགས་བསྐོར་རེ་བྱེད་པ་ལེགས་ཤིང༌། དེ་ཐམས་ཅད་ལ་ཡང་སེམས་ཀྱི་བཞག་སྟངས་ནི། མི་གཡོ་གསུམ་ལྡན་གྱི་ངང་ནས་སྟོང་གཟུགས…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      བུམ་པ་ཅན་དང་སྔར་གྱི་རླུང་སྦྱོར་རྣམས་དང་བཅས་པ་སྒོམ་དུ་གཞུག་དགོས་པ་ལས། སོར་བསམ་སྲོག་འཛིན་རྣམས་ལ་མྱོང་བ་ཅུང་ཟད་ཐོན་པ་ཞིག་གིས། ཐུན་དྲུག་ཏུ་འཁྲུལ་འཁོར་དེ་དག་ཆེར་རེ་རེ་ནུས་ན་ཟླ་གཅིག་ཙམ་ན་དངོས་གཞི་སྒོམ་དུ་རུང་བའི་རྟགས་རྣམས་འབྱུང་ངོ༌། །རྩོལ་བ་ཆེ་ཆུང་ལ་ལྟོས་ཏེ་ཡུན་རིང་ཐུང་ཇི་ལྟར་བསྐྱང་དགོས་པའང་འདིས་རིགས་འགྲེ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བའི་ནང་དུ་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་བརྒྱད་ཕྲ་མོས་མཚན་པ་གསལ་བཏབ། དེ་ནས་འཁྱུད་པ་ལ་སོགས་པ་རྗེས་ཆགས་ཀྱི་སྤྱོད་པ་མཛད་པས་གཙུག་ཏོར་གྱི་ཐིག་ལེ་ཞུ་ནས་དཔྲལ་པའི་འཁོར་ལོ་ཡན་ཆད་གང་བར་མོས་སྟོང་གཟུགས་དང་བསྲེ། ལུས་གནད་དེ་ཀའི་སྟེང་ནས་གཙུག་ཏོར་དང་དཔྲལ་པའི་བུམ་ཅན་ཡུན་ཐུང་ངུ་རེ་བྱ། ད…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      འདྲེན་དང༌། སྟག་མོ་དང༌། གླང་ཆེན་དང༌། ཝ་སྣོམ་རྣམས་ཀྱི་གཙུག་ཏོར་གྱི་བར་དུ་བཟློག་པར་བསམ། དེ་ནས་པྲེ་ཏ་ཀ་དང༌། རྣམ་གྲོལ་དང༌། གཡང་སྤྲུགས་དང༌། འཕར་གཡོ་དང༌། ཕུར་འདོན་དང༌། རབ་བརྐྱང་རྣམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་བྱས་པར་བསམ། སེང་གེའི་རྩལ་དང༌། གཅུད་འཐེན་དང༌། གསུམ་འགྲེམས་དང༌། སེང་གེ་འགྱིང་དང༌། རྨ་བྱའི་འགྱུར་རྣམས་ཀ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      རྣམས་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར། ལག་པའི་ཕྱག་རྒྱ་སྟེ། གནད་རྣམས་གོང་ཡེ་རྒྱ་དང་འདྲ་ལ། འདི་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱའི་མཚམས་སྦྱོར་བ་ཡིན་ཡང༌། ཕྱག་རྒྱ་གསུམ་གྱི་ནང་ནས་ཡེ་ཤེས་ཀྱི་ཕྱག་རྒྱར་གཏོགས་སོ། །དམིགས་བསྐོར་ཞེ་གཉིས་པའོ། །གསུམ་པ་ནི། འགྲེལ་ཆེན་དུ་རྩ་རྒྱུད་ཀྱི་ལུངས་དྲངས་པ་ལས། བཅུ་དྲ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      བསྲེ་བ་མེད་ན་སྤྱིར་གནད་དུ་འགྲོ་བ་ཡོད་ཀྱང་རྗེས་དྲན་གྱི་ཕྱོགས་སུ་ནི་མི་གཏོགས་ལ། ཡན་ལག་སྔ་མ་རྣམས་ཀྱི་བོགས་འདོན་སྤོགས་ཆོག་ཏུ་འགྱུར་བ་ནི་ཡོད་དོ། །ལས་རྒྱ་ད་ལྟ་དངོས་སུ་མི་འགྲུབ་ཀྱང༌། ལམ་གྱི་འགང་གཅིག་ཡིན་པས་ཆོས་ཐུན་གཅིག་སྟེ། དམིགས་བསྐོར་ཞེ་གསུམ་པའོ། །གཉིས་པ་ཡན་ལག་གི་དམིགས་པ་ནི། གཏུམ་མོའི་རྣལ་འབྱོར་ཏེ། དེ་ཡང…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      མདུན་དུ་རྒྱབ་གཉིས་ལས་རྒྱབ་ལ་ལྷག་པར་ཉེ་བ་ན། རྩ་དབུ་མ་ལྟེ་བ་སྤྲུལ་འཁོར་ཡན་ཆད་ཁ་དོག་ལྗང་ཁུ་ཡར་སྣ་སྤྱི་བོར་ཚངས་བུག་ལ་ཟུག་པ། དེའི་གཡས་སུ་རོ་མ་དམར་པོ་དང༌། གཡོན་དུ་རྐྱང་མ་དཀར་པོ་དབུ་མ་ལས་ལྡབ་འགྱུར་གྱིས་ཕྲ་བ། དེ་གསུམ་སུམ་གཞིབས་སུ་གསལ་འདེབས་ལ། ཡས་སྣ་ནས་སོར་གང་ཙམ་གྱི་འོག་ཏུ་གཙུག་ཏོར་གྱི་འཁོར་ལོ། སྨིན་མཚམས་ཏེ་…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      སྟེ། ཁ་དོག་སྔོན་པོ་དང༌། རོ་རྐྱང་གཉིས་པོ་ལྟེ་བའི་འཁོར་ལོའི་འོག་མཚམས་ནས་གསང་གནས་ཀྱི་འཁོར་ལོའི་བར་དུ་གཡས་སུ་རོ་མའི་མས་སྣ་ནག་པོ་དང༌། གཡོན་དུ་རྐྱང་མའི་མས་སྣ་སེར་པོ་སྟེ། རྩ་གསུམ་སུམ་གཞིབས་སོ། །དེ་ལྟར་འཁོར་ལོ་དྲུག་ལ་དབུ་མ་ཡང་སྦོམ་ཕྲ་མདའ་སྨྱུག་ཙམ་བསམ། གསང་གནས་ཀྱི་འཁོར་ལོའི་ལྟེ་བའི་འོག་ནས་དབུ་མའམ་དུང་ཅན་མའི་…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      དྲུག་པ་འབར་བས། འཁོར་ལོ་ལྔ་ལ་གནས་པའི་ལྀ་ཨུ་རྀ་ཨི་ཨ་རྣམས་ཕུག་ཅིང་བསྲེགས། ཧཾ་ལ་རེག་པས་བྱང་ཆུབ་ཀྱི་སེམས་ཞུ་སྟེ། ཨ་ཨི་རཾ་ཨུ་ལྀ་རྣམས་ཀྱང་རིམ་པས་གསོས་ལ། དེ་རྣམས་ཀྱི་དྭངས་མ་ཞུ་བའི་བདུད་རྩི་དང་འདྲེས་ཏེ་ཧོཿཡིག་ལ་ཁྲུས་གསོལ་ཞིང་རྩ་འཁོར་ལོ་དྲུག་གང་བར་མོས། དམིགས་བསྐོར་ཞེ་བཞི་པའོ། །ཡང་གཏུམ་མོ་བསྡུས་པ་ནི། རྩ་འཁོར་ལ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      བྱེད་པའི་ཕྱིར་དེའི་ཐ་སྙད་བརྟགས་པ་སྟེ། ལས་དང་པོ་པ་རྣམས་ལ་ངེས་པར་དགོས་ཤིང༌། རྫོགས་རིམ་དངོས་ཀྱི་ཡེ་ཤེས་སྐྱེས་ནས་ཀྱང་འདི་དག་བོགས་འདོན་དུ་འགྱུར་བའི་ཕྱིར། ཅི་རིགས་པར་སྒོམ་པར་བྱ་བ་ཁོ་ནའོ། །དམིགས་བསྐོར་ཞེ་ལྔ་པའོ།། རྗེས་དྲན་དངོས་རྒྱུད་ལ་སྐྱེས་པའི་དུས་རྡོ་རྗེའི་ལུས་ལ་གཏུམ་མོ་ཡོངས་རྫོགས་སུ་འབར་ཞིང༌། དགའ་བཞི་ཡོ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      འབྱོར། གཏུམ་མོའི་སྣང་བ་རྣམ་ཀུན་མཆོག་ལྡན་གྱི་ལྷ་སྐུ་རབ་འབྱམས་སུ་ཤར་ན་ངེས་པར་རྗེས་དྲན་སྒོམ་རན་པའོ། །གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ། དོན་ཚན་ལྔ་ལས། [དང་པོ་]རྗེས་དྲན་གང་ལ་བྱ་བའི་ཡུལ་ནི། སྤྱིར་རྩ་རླུང་ཐིག་ལེ་ཐམས་ཅད་དང༌། གཙོ་བོ་གཏུམ་མོའི་འབར་སྣང་གི་སྟོང་གཟུགས་དང༌། རྟེན་འཁོར་ལོ་བཞིའམ་དྲུག་གི་ཐིག་ལེ། བརྟེན་པ་ཞུ…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      གྲོགས་ཕྱག་རྒྱ་གཞན་ཡོད་ཀྱང་རུང༌། མེད་ཀྱང་རུང༌། གཏུམ་མོའི་འབར་སྣང་གི་ལྷ་ཡབ་ཡུམ་མཉམ་སྦྱོར་གཙོ་བོར་གྱུར་པའི་སྟོང་གཟུགས་ཕྲ་རགས་སྲིད་པ་གསུམ་གྱི་རྣམ་པ་ཅན་ལ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་མཉམ་པར་བཞག་པས། ཞུ་བདེ་འཛག་མེད་ཡང་ཡང་བསྐྱེད་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །དོན་ཚན་ལྔ་པ་རྗེས་དྲན་ཇི་ལྟར་སྒོམ་པའི་ཚུལ་ནི།…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      མི་འགྱུར་བའི་བདེ་བ་མ་ཐོབ་པའི་སྐབས་དེར་ཕྱག་ཆེན་ཁོ་ན་ལ་བརྟེན་པའི་རྗེས་དྲན་སྒོམ། དེ་དག་ཀྱང་མཉམ་གཞག་གཙོ་ཆེ་བའི་དབང་དུ་བྱས་ཀྱི། རྗེས་ཐོབ་ཏུ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འབྲེལ་བ་ལ་ནི་ངེས་པ་མེད་དོ། །གནས་སྐབས་གསུམ་པོ་འདི་རྣམས་ལ་ཕྱག་རྒྱ་[གཏུམ་མོ་འབར་བ་དམ་ཚིག་གི་ཕྱག་རྒྱ་དད་]བཞི་སྦྱོར་དང༌། [ལས་རྒྱ་མེད་པ་]ཕྱག་རྒྱ་…
      JTN004 · ཏཱ་ར་ནཱ་ཐ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
      འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་དག །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག ཆགས་ལུས་ལ་འཇིག་རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབ་གནས་སྐབས་སུ་ཞིག་རྒྱལ་བར་འདོད་པ་དེ་ནི་སུ། །ཞེས་གསུངས་པ་ལྟར་ཏེ། རྟགས་བཅུའི་དབྱེ་བ་ཅན་གྱི་སྟོང་གཟུགས་སོ་སོས…