Author
About 40% of texts have an author recorded — this list will grow as more are attributed.
2475 results
— page 98 of 124
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
གབ་པར་མཛད་ཅིང༌། ཚིག་དོན་རྒྱ་ཆེ་བས་ཕལ་ཆེར་གྱིས་རྟོགས་པར་དཀའ་བས་ན། ལམ་ཟབ་མོ་ལ་མི་འཇུག་པ་དག་མཐོང་བས། ཆོས་རྗེ་ཀུན་སྤངས་ཆེན་པོ་དང༌། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པའི་ཁྲིད་ཡིག་གི་ཞབས་ཏོག་ཏུ་དམིགས་ནས་སྨྲས་པའོ། །དེ་ཡང་སྔ་ཕྱིར་དོན་གཉེར་དུ་མས་ཀྱང་བསྐུལ་བ་དང༌། ཁྱད་པར་མདོ་སྨད་པ་དབོན་པོ་ཡོན་ཏན་ལྷུན་གྲུབ་ལ་སོག…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
དུ་སྤྲས། །བརྒྱུད་རིམ་བླ་མ་རྣམས་ཀྱི་བཀའ་དྲིན་དྲན། །འཇམ་དབྱངས་ངུར་སྨྲིག་གར་གྱི་རྣམ་པར་རོལ། །གཞན་སྟོང་དབུ་མའི་རང་ལུགས་སླར་གསལ་མཛད། །མདོ་སྔགས་བྱེ་བའི་མངའ་བདག་སྒྲོལ་མགོན་རྗེས། །དུས་འཁོར་རྫོགས་རིམ་མཐོང་བ་དོན་ལྡན་མཛད། །སྔ་ན་མེད་པའི་གསུང་རབ་དམ་པ་འདི། །རྒྱལ་སྲས་དགྱེས་བསྐྱེད་ཀུན་བཟང་མཆོད་སྤྲིན་ བསྟར། །འཛད་མེད…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
བྱ་ར་ལྷོད་མེད་བག་ཡོད་ཞི་དུལ་དང༌། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་བརྟན་པོ་ཡིས། །བདེ་གཤེགས་སྙིང་པོ་མྱུར་དུ་མངོན་པར་ ཤོག །སྤྱིན་བདག་ཕ་རྒན་ཚེ་ལྡན་ཕུར་བ་མགོན། །ཚེ་འདས་བསམ་གཏན་གཞན་ཡང་ཚེ་རིང་འབུམ། །བསམ་འཕེལ་ལ་སོགས་བསྔོ་དགོས་གང་ཡོད་རྣམས། །འདི་ཕྱིར་བདེ་བའི་མཐར་ཐུག་གཏན་བདེ་ཐོབ། །རྟེན་འདི་གང་ན་གནས་པའི་ས་ཕྱོགས་དེར། …
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
ལ་བརྟེན་ནས་མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བའི་མགྲིན་པ་གཟེངས་སུ་མཐོ་བ་དང༌། ཁྱད་པར་མདོ་སྔགས་ཀྱི་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བའི་རྐང་བྱས་ཏེ། སྔགས་གསར་རྒྱུད་ཀྱི་གསང་སྔགས་བསྟན་པའི་མངའ་བདག་ཆེན་པོར་བཞུགས་ཤིང༌། མཚན་བརྗོད་པར་དཀའ་བ་དོན་རྒྱ་ཆེན་པོའི་སླད་དུ་མཚན་ནས་སྨོས་ན་ཇོ་ནང་རྗེ་བཙུན་ཀུན་དགའ་སྙིང་…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
ཁྱབ་པར་མཛད་པ། ནམ་མཁའི་ཆུ་འཛིན་སྟུག་པོ་ཕྱོགས་བཅུར་བསྐྱོད་པའི་དབུས་ནས་ནམ་མཁའི་རྔ་གསང་ལྷང་ལྷང་སྒྲོགས་བཞིན་འོད་དམར་ཞགས་པའི་རྩེད་འཇོ་དང་འགྲོགས་ཏེ། བདུད་རྩིའི་ཟིལ་ཆར་ཕྱོགས་བཅུར་འཐོར་ནས་གསེར་ལྡན་ཡངས་པའི་དཀྱིལ་འཁོར་རབ་ཏུ་རྒྱས་པ་ལས་འགྲོ་ཀུན་འཚོ་བར་བྱེད་པས་སྐྱེ་ལྡན་སྣ་ཚོགས་ཀྱི་འབྲས་བུ་རྒྱས་པ། མེ་ཏོག འཁྲི་ཤིང༌…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
བྱ་ཁུ་བྱུག་དང༌། འཇོལ་མོ། མཐིང་རིལ་སོགས་ཀྱིས་ཕན་ཚུན་འགྲན་བཞིན་སྙན་པའི་སྒྲ་སྐད་རྣ་བའི་བཅུད་དུ་འཁྱིལ་བ། རི་ཐང་ཐམས་ཅད་ཀྱིས་རིན་པོ་ཆེ་གཡུ་ལྗང་གི་གོས་གྱོན་པ་ལྟར་ལྗང་གསལ་གཡུ་ཡི་ཁ་དོག་ཏུ་བསྒྱུར་བ། ཆར་སྤྲིན་སྟུག་པོའི་ཁུར་གྱི་ལྕི་བའི་རླབས་ཕྲེང་ཆུ་འཛིན་སྔོ་བསངས་གོས་ཅན་ས་ལ་ལྷུང་འདྲའི་འཛད་མེད་ཆུ་མཛོད་ཀློང་ནས་བརྡ…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
དགེ་འདུན་པ་བརྒྱ་ཕྲག་གཅིག་དང་ལྔ་བཅུ་ལྷག་ཙམ་གྱིས་ཇོ་ནང་ཕུར་བའི་སྒྲུབ་ཆེན་འདོན་ཞོར་དུ་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལམ། བདག་གིས་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང༌། །གནས་སྐབས་མཐར་ཐུག་ཕན་བདེ་མཆོག་སྤེལ་བའི། །བླ་ན་མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག །ཅེས་པའི་དགེ་བ་བསྔོ་བ་འདི་མ་ཏིས་བྲི…
JTN004
· ཏཱ་ར་ནཱ་ཐ།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན།
ཤོག་སྟོང་།
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ་བཞུགས།
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
ཨོཾ་སྭཱ་སྟི། གང་ཞིག་དྲན་པ་ཙམ་གྱིས་ནི། །འཁོར་བའི་འཆིང་བ་གྲོལ་མཛད་པ། །བླ་མ་མཆོག་གི་ཞབས་པད་ལ། །གུས་པས་ཕྱག་འཚལ་བྱིན་གྱིས་རློབས། །འདིར་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་སྟོན་པ་ལ། ཆོས་ཁུངས་དང་འབྲེལ་བའི་ཆེ་བརྗོད། ཐོག་མར་ཆོས་ཁུངས་དང་འབྲེལ་བའི་ཆེ་བ་ཅུང་ཟད་བརྗོད་པར་སྤྲོ་ན། འདིར་བླ་མ་གོང་མ་རྣམས་ཀྱི་གསུང་…
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་ས་ལ་འཁྲིད་པར་བྱེད་པའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན། རྒྱུད་ཀྱི་རྒྱལ་པོ་གཞན་དུ་མ་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་ཤིང་གསང་པའི་དོན། །མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོར་མ་སྦས་གསལ་བར་བསྟན་པ། ཕྱག་རྒྱ་ཆེན་པོ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ཞེས་གསུངས་པའི་དབང་དུ་བྱས…
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
གོ་ཡུལ་དུ་འཇོག་པའི་གནས་སྐབས་ཀྱང་མང་དུ་ཡོད་ལ། འོན་ཀྱང་གོ་ཡུལ་གྱི་སྟོང་ཉིད་དེ་ཙམ་ཁོ་ན་གནད་དུ་མི་ཆེ་སྟེ། དོན་གྱི་གཙོ་བོ་དཔྱད་པ་ལས་འདས་ཤིང༌། རྗེས་དཔག་ཙམ་གྱི་ཡུལ་མ་ཡིན་པའི་སྤྲོས་བྲལ་སྟོང་ཉིད་ནི་ཆོས་འདིའི་དམིགས་པའི་མཐིལ་ཡིན་ནོ། །ཡང་གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་ཁྱད་ཆོས། གཞན་དང་ཐུན་མོང་མ་ཡི…
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར། དབང་བཞིའི་ཡེ་ཤེས། བསྐྱེད་རྫོགས་ཀྱི་རིམ་པ་རྣམ་གྲངས་མི་འདྲ་བ་ཐམས་ཅད། དོན་རྡོ་རྗེའི་རྣལ་འབྱོར་འདིའི་ཁོངས་སུ་ཆུད་པའི་ཕྱིར། ཆོས་འདི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཞེས་བྱའོ། །ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ཡི་བཞི་པ་དང༌། །ལྔ་པ་ཐུབ་པའི་དགོ…
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
སྟེ། འདུས་པ་བདེ་དགྱེས་སོགས་ཀྱང་བླ་ན་མེད་པ་ཡིན་ན། དེ་དག་ལས་དུས་འཁོར་ལྷག་པ་མི་འཐད་དོ་སྙམ་ན། སྤྱིར་སངས་རྒྱས་ཀྱི་བཀའི་གླེགས་བམ་དང༌། ཚིག་ལ་བྱིན་རླབས་ཆེ་ཆུང་ངམ། ཕྱག་མཆོད་ཀྱི་ཡུལ་དུ་བཟང་ངན་གྱི་ཁྱད་པར་འབྱེད་པ་སོགས་ནམ་དུ་ཡང་མི་རུང་ན། རྣལ་འབྱོར་བླ་མེད་ནང་ཚན་དུ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ན་ཡང༌། ཚིག་ཟིན་གྱི་དོན…
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
པར་ཐོབ་པ་ནི་ཕར་ཕྱིན་ཐེག་པ་ནས་ཡོ་གའི་ཐེག་པའི་བར་དུ་གྲགས་ཏེ་བླ་ན་ཡོད་པའོ། །ཟབ་དོན་མཐར་ཐུག་གསལ་བར་སྟོན་པ་རྣམས་དབང་པོ་མཆོག་རྣམས་ཁོ་ནའི་ཆོས་ཀྱི་སྐལ་བར་བྱོན་པ་ལ་ཐེག་པ་བླ་ན་མེད་པ་ཞེས་གྲགས་པ་ཡིན་ནོ། །དེས་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་ལས། རྡོ་རྗེའི་རྣལ་འབྱོར་འདི་སྤྱིར་གསལ་པོར་བསྟན་པ་ཙམ་ཡིན་མོད་ཀྱང༌། དཔ…
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
ཡིན་པ་གསུངས་པར་འགྲོ་བ་ལྟ་བུ་སྟེ། དེས་གཞན་རྣམས་ལའང་མཚོན་ནོ། །ཡང་བླ་མེད་ཀྱི་བསྡུས་རྒྱུད་གཞན་རྣམས་ལས་ནི། ཁྱད་པར་ཅན་དེ་རྣམས་སྤྱི་ཁྱབ་ཀྱི་ཁོག་ཏུ་སྦས་ཏེ་གསུངས་པ་ཉུང་ལ། རྒྱུད་ཚིག་བགྲམ་པོ་གོ་དཀའ་བའི་ཚུལ་གྱིས་སྦས་པ་དང༌། དང་པོར་ནག་པོ་རབ་ཏུ་བསྒོམ། ཞེས་པ་ལྟ་བུ་ནག་པོ་མུན་པའི་ནམ་མཁའ་ལ་དགོངས་པ་ཡིན་ཡང༌། སྐྱེ་བོ་ཕལ་…
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
གནོད་སྦྱིན་མོ། །དངུལ་ཆུ་ལས་ཀྱི་རྗེས་འགྲོ་དང༌། །འཇིག་རྟེན་གསུམ་ཡོད་དངོས་གྲུབ་འགྱུར། །འདོད་པ་ལྔ་དང་ལྡན་པ་ལས། །ཀུན་ཏུ་བདག་ཉིད་ཆེན་པོར་འགྱུར། །ཞེས་དང༌། བསམ་མི་ཁྱབ་ཀྱི་གཞུང་ལས་ཀྱང༌། །ཀུན་མཁྱེན་གནས་ཀྱི་སྦྱོར་པ་འདི། །བསམ་གྱིས་མི་ཁྱབ་མི་རྟོག་པ། །ཀུན་ཏུ་བཟང་པོ་ཞེས་བྱ་ལྷ། །ཡིད་བཞིན་ནོར་བུ་བཞིན་དུ་འབྱུང༌། །ས་འ…
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
སངས་རྒྱས་ཐོབ་ཀར་སྔགས་ལ་མི་འཇུག་པའི་ཐབས་གཏན་ནས་མེད། དེ་ལྟ་བུའི་སྔགས་ལམ་དེ་ཡང་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་ཙམ་མམ། རྣལ་འབྱོར་བླ་མེད་ཀྱི་ལམ་བསྐྱེད་རིམ་དང༌། ལས་རབ་འབྱམས་སོགས་ཀྱིས་མ་ཡིན་ཏེ། རྫོགས་པའི་རིམ་པ་མཐར་ཐུག་ལ་བརྟེན་ནས། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་དགོས་པ་ལ། དེ་འདྲ་བའི་རྫོགས་རིམ་དེ་ནི་སྦྱོར་བ་ཡན་ལག་དྲ…
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
སྤྱན་རས་གཟིགས་ཀྱི་དྲི་མེད་འོད་དང༌། ཕྱག་ན་རྡོ་རྗེའི་བདེ་མཆོག་གི་རྒྱུད་ཀྱི་འགྲེལ་པ་དང༌། རྡོ་རྗེ་སྙིང་པོའི་དགྱེས་རྡོར་གྱི་འགྲེལ་པ་རྣམས་སུ་ལམ་འདི་ཉིད་ཁོ་ན་རྒྱས་ཤིང་གསལ་བར་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་དགོངས་དོན་དེ་ལྟར་དུ་གྲུབ་པས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དགོངས་དོན་དུ་གྲུབ་སྟེ། དེ་རྣ…
JTN004
· ཏཱ་ར་ནཱ་ཐ།
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
དཔོན་རྡོ་རྗེ་དྲིལ་བུ་པའི་རིམ་པ་ལྔ་པ་ལས་ཀྱང༌། དོན་རྡོ་རྗེའི་རྣལ་འབྱོར་ཉིད་སྟོན་ཏེ། དེའི་རིམ་པ་ལྔ་ནི། བདག་བྱིན་བརླབ་པ་དང༌། སྣ་ཚོགས་རྡོ་རྗེ་དང༌། ནོར་བུ་འགེངས་པ་དང༌། ཛ་ལན་དྷ་ར་དང༌། བསམ་མི་ཁྱབ་ཀྱི་རིམ་པ་སྟེ་ལྔའོ། །དེ་ལས་ས་བོན་མེད་པའི་བདག་བྱིན་བརླབ་པ་ནི། སོར་བསམ་དང༌། ས་བོན་དང་བཅས་པའི་བདག་བྱིན་བརླབ་པ་ནི་སྲ…