Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      292 results — page 5 of 15
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      མཛད་རྡོ་རྗེ་བདག་ཕྱག་འཚལ། །བདག་མེད་མ་ཡིས་མགུལ་ནས་འཁྱུད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །ཞལ་བརྒྱད་པོ་ལ་སྤྱན་གསུམ་པོ། །མགོན་པོ་དེ་ལ་གུས་ཕྱག་འཚལ། །སྤྱི་བོ་དང་སྟེང་ནག་པོ་མཛེས། །དཀར་དང་དམར་བ་གཡས་དང་གཡོན། །གང་གི་ལྷག་པའི་ཞལ་རྣམས་ནི། །ནག་པོ་དེ་ལ་བདག་ཕྱག་འཚལ། །གླང་པོ་རྟ་བོང་གླང་རྔ་མོང༌། །སྐྱེས་པ་ཁྱི་དང་མ་ཧེ་ཅན།…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ཕྱག་འོས་ཐུབ་པའི་ཕ་རོལ་ཕྱིན། །སྒྱུ་མའི་རྒྱ་ལ་ཕྱག་འཚལ་ལོ། །གཾ་ལས་སྐྱེས་པའི་གཽ་རི་ཤར། །ཡན་ལག་ནག་ཅིང་གཡོན་ན་ཉ། །གཡས་པ་ན་ནི་གྲི་གུག་འཛིན། །ཚངས་པ་མནན་ལ་བདག་ཕྱག་འཚལ། །ཙཾ་ལས་བྱུང་བའི་ཆོམ་རྐུན་མ། །བཙོད་ཀྱི་ཁ་དོག་ལྷོ་ཕྱོགས་སུ། །ཕྱག་ན་ཕག་དང་ཅང་ཏེའུ་བསྣམས། །དབང་པོ་མནན་ལ་བདག༴ །པཾ་ལས་སྐྱེས་པའི་སེར་མོ་ནུབ། །རོ་ལངས…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      རླུང་མཚམས་ཐག་བཟང་རིས་སྟེང་གཤེགས། །ཕྱག་གཡོན་སྡིག་མཛུབ་གཡས་རྡོ་རྗེ། །སྣ་ཚོགས་མདོག་ལ་བདག་ཕྱག་འཚལ། །སྐྱིལ་ཀྲུངས་ཕྱེད་པའི་གར་གྱིས་བཞུགས། །ཕྱག་རྒྱ་ལྔ་ཡི་རྣམ་པར་བརྒྱན། །གཅེར་བུ་སྤྱན་གསུམ་ཐམས་ཅད་ལ། །བདག་ནི་གུས་པར་ཕྱག་འཚལ་ལོ། །ཕུང་པོ་ཁམས་ནི་རྣམ་དག་པ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །བདེ་རབ་བསྟིར་འདི་ཐམས་ཅད་ལ། །ད…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      མཚུངས་ཤོག །ཧཱུཾ་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ཞིང༌། །བདུད་ཀྱི་འཇིགས་པ་ལ་སོགས་སྐེམ་ཞིང་ཕམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །སྐྱེ་མེད་ངང་ལས་ཐུགས་རྗེ་ཆེན་པོ་ཡི། །ཀེང་རུས་འཇིགས་སུ་རུང་བའི་རི་སྟེང་དུ། །བདུད་འདུལ་ཧཱུཾ་ལས་ཁྲོ་བོའི་སྐུར་སྤྲུལ་པ། །བཅོམ་ལྡན་བདེ་བའི་མཆོག་ལ་ཕྱག་འཚལ་ལོ། །དག་པ་ཆོས་སྐུའི་སྤྲུལ་པ་ནི། །དམིགས་པ་མེད་པའི་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      པའི་སྒྲ། །འོད་དཔག་མེད་དང་རྡོ་རྗེའི་འོད། །རྡོ་རྗེའི་སྐུ་ལ༴ །མྱུ་གུ་ཅན་དང་རལ་པ་ཅན། །དཔལ་ཆེན་ཧཱུཾ་མཛད་རབ་བཟང་དང༌། །རྡོ་རྗེ་བཟང་དང་འཇིགས་བྱེད་དང༌། །མིག་མི་བཟང་ལ་ཕྱག་འཚལ་ལོ། །སྟོབས་ཆེན་རྡོ་རྗེ་རིན་ཆེན་དང༌། །རྟ་མགྲིན་མཁའ་སྙིང་ཧེ་རུ་ཀ །པདྨ་གར་དབང་རྣམ་སྣང་དང༌། །རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །ཕྱོགས་བཞིའི་སྒོ་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་བདག་ཕྱག་འཚལ། །༈ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །བཀའ་ཡི་འཁོར་ལོ་རབ་ཏུ་བསྐོར། །བདུད་དང་མུ་སྟེགས་ལྷ་མིན་བཅོམ། །གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ། །ཆོས་ཉིད་ལས་བཞེངས་ཡེ་ཤེས་སྐུ། །དང་པོའི་སངས་རྒྱས་འཇམ་པའི་དཔལ། །མང…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །རྡོ་རྗེའི་སྐུ་དང་རབ་ཏུ་མཚུངས། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་ངོ་བོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །གཏོར་མ་གཉིས་ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། སོ་སོའི་སྔགས་མཐར་གཏོར་མ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་ནི། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་དག་ལྷ་ཡི་སྤྱན་མངའ་བ། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རྡོ་རྗེ་འཛིན་པ་འདི་ཞེས་པས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང༌། །རྒྱུད་སྡེ་ལྔ་ཡི་དཀྱིལ་འཁོར་ནི། །ཆོ་ག་བཞིན་དུ་དྲིལ་ལགས་ན། །བདག་དང་སློབ་མར་བཅ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ལུགས་དང༌། བསྲུང་འཁོར་ཆོས་འབྱུང་འབྱུང་བཞི་གཞལ་ཡས་ཁང་དུ་མངོན་བྱང་ལྔ་ལས་གཙོ་བོ་ལྔ་བསྐྱེད་ནས། འཁོར་རྣམས་མཁའ་སྤྲོ་བྱེད་པ་བརྡ་བྱང་ཆུབ་སེམས་དཔའི་ལུགས། ལྷ་ཐམས་ཅད་རྡོ་རྗེ་ཆོ་ག་གསུམ་བསྐྱེད་པ་བཻ་རོ་ཙ་ན་རཀྵི་ཏའི་ལུགས། སྐད་ཅིག་གིས་བསྐྱེད་པ་རཱ་ཧུ་ལ་དང༌། སུ་མ་ཏི་ཆེན་པོའི་ལུགས་ཡིན་པར་བཤད་པ་ལས། དེང་སང་ལག་ལེན་བདེ་བའི…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      སྟེང་དུ། བཅོམ་ལྡན་འདས་དགྱེས་མཛད་ནས། སའི་དཀྱིལ་འཁོར་འཛིན་པའི་བར་ལྷ་སྟ་གོན་བཞིན། ཤར་སྒོར་རྟ་གདོང་མ་ནས། ཤམ་ཐབས་ཅན་ནོའི་བར་མཚོན་ཆ་ཅན་གྱི་བར་སྒྲུབ་ཐབས་བཞིན། གཞལ་ཡས་ཁང་དབུས་མའི་ནས། གང་བ་བཞི་དང་བཅས་པ་སོ་སོའི་བར་དཀྱིལ་འཁོར་ལྔ་པོ་ལྷ་སྟ་གོན་གྱི་སྐབས་བཞིན་ཇི་ལྟ་བ་བཞིན་དུ་བསྐྱེད། ལས་ཐམས་ཅད་པའི་གཞལ་ཡས་ཁང་པར་པདྨ་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      གྲུབ་པ་རྣམས་ཀྱིས་དབུ་རྒྱན། དེ་ནས་བུམ་བཟླས་བྱ་སྟེ། གཟུངས་ཐག་ནས་བཟུང་ལ། གཙོ་བོ་དྲུག་གི་སྔགས་བརྒྱ་རྩ་རེ་དང༌། ལྷ་གཞན་རྣམས་ལའང་ཉེར་གཅིག་ཙམ་རེ་བཟླ་བར་བཤད་ནའང༌། བདུན་བདུན་ནམ་གསུམ་གསུམ་ཙམ་ཅི་རིགས་པར་བཟླས། ལས་བུམ་ལ་དམིགས་ཏེ། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུཾ་ཕཊ། ཅེས་པ་བརྒྱ་རྩ་དང༌། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ནཾ། ན་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ཅད་ལ་གེགས་མེད་ཅིང་དངོས་གྲུབ་སྩལ་དུ་གསོལ། ཡིག་བརྒྱ་ལན་བདུན་གྱི་མཐར་མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། རྡོ་རྗེ་པང་དུ་བཞག་པའམ་གཡས་པར་མེ་ཏོག་དང་ལྷན་ཅིག་བཟུང་ཡང་རུང༌། གཡོན་པས་དྲི་ཆབ་ཀྱིས་གང་བའི་དུང་ཆོས་བླངས། པད་སྐོར་རེ་སྔོན་དུ་འགྲོ་བས། བུམ་པ་རེ་རེ་བཞིན་གཡས་སུ་བསྐོར་ཏེ། ཨ་ཁཾ་ཝི་ར་ཧཱུཾ། ལན་བདུན་གྱིས་བུམ་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ལས། རྣམ་རྒྱལ་ཆེན་པོ་དང་རྣམ་རྒྱལ་རྣམས་སུ་སྔགས་ཀྱི་རྣམ་པའི་བདུད་རྩིས་ཡོངས་སུ་གང་བ་དང༌། ལས་ཐམས་ཅད་པར་ཆུའི་རྡུལ་ཕྲ་རབ་རེ་རེ་ནས་ལྷ་སྐུ་ཕྲ་མོ་རེ་རེར་གྱུར། དེ་ནས་བུམ་པ་རྣམས་རོལ་མོ་དང་བཅས་སྟེགས་བུར་སྤྱན་དྲང་ངོ༌། །ཡང་དམ་ཡེ་མ་ཕྱེ་བར་མཆོད་ཡོན་ཕུལ་བས་ལྷ་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པས། བྱང་ཆུབ་ཀྱི་སེམས་ཀྱིས་བུམ་པ་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ཁྱོད་ཆུ་ཀུ་ཤ་གཟེངས་སྟོང་དང༌། །རྨི་ལམ་བསྟན་པ་ཞེས་བྱ་བ། །བཅུ་བདུན་སློབ་མ་སྟ་གོན་ཆོས། །ཞེས་སོ། །དེ་ཡང་དང་པོ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ་བྱས་པ་ལ། སེམས་བསྐྱེད་གསལ་བཏབ། ཆོས་འདིའི་བྱུང་ཚུལ་དང༌། ཆེ་བ་ཅི་རིགས་པར་བརྗོད་ནས། སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛི…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      དཀྱིལ་འཁོར་འདི་འདྲར་གཞུག་བྱ་སྟེ། །བསོད་ནམས་འདོད་པས་དེ་ལས་གཞན། །འཇིག་རྟེན་འདི་ཡིས་བསམ་པ་སྤངས། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །བདག་དོན་འདི་འདྲས་གཉེར་མི་བྱ། །གལ་ཏེ་འདི་འདྲས་དོན་གཉེར་ན། །གཞན་དོན་སངས་རྒྱས་འགྲུབ་མི་འགྱུར། །གཞན་དོན་ཕ་རོལ་ལ་དམིགས་ན། །འབད་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      དང༌། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ཏེ། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེའི། །ཡེ་ཤེས་མཉམ་མེད་ཐོབ་པས་ན། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      སྡོམ་གསུམ་ལྡན་པས་རང་ཉིད་སྒྲུབ། །གཞན་ལ་སྨོན་པས་ཆོས་ཀྱང་སྟོན། །འཁོར་དང་ལྡན་པ་སྟོན་པར་བགྱི། །ཞེས་ལན་གསུམ་རྗེས་བཟློས་བྱའོ། །བདུན་པ་ནི། སྒྲུབ་ཐབས་བསྟན་རྒྱས་དང༌། དཀྱིལ་ཆོག་དངུལ་གདོང་མའི་དངོས་གཞིའི་སྐབས་ན་རྒྱུན་བཤགས་མི་འདྲ་བ་རེ་ཡོད་ཅིང༌། རྡོ་རྗེ་གདན་པས། དབང་མེད་བདག་གིས་སོགས་ཀུན་སྙིང་གི་གཞུང་ལྟར་མཛད་པས། རྒྱ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་ར…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་པ་ལོག་པར་མི་སྤྱད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། ལུསཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་…