Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 168 of 500
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
དཀར་པོ་ཧཱུཾ་གིས་མཚན་པ་ལས་ཤེས་རབ་མཐར་བྱེད་སོགས། ནུབ་སྒོར་ཧཱུཾ་ལས་པདྨ་དམར་པོ་ཧཱུཾ་གིས་མཚན་པ་ལས་པདྨ་མཐར་བྱེད་སོགས། བྱང་སྒོར་ཧཱུཾ་ལས་རྡོ་རྗེ་ནག་པོ་ཁ་གྱེས་པ་ཧཱུཾ་གིས་མཚན་པ་ལས་བགེགས་མཐར་བྱེད་སོགས། ཁྲོ་བོ་བཞི་པོ་ནས། བཞུགས་པའོ། །བདག་ཉིད་དང་དཀྱིལ་འཁོར་ཀྱི་གཙོ་བོ་གཉིས་སུ་མེད་པར་གྱུར། རང་གི་པང་དུ་སྨེ་ཤ་ཅན་གྱི་…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པར་གྲུབ་པར་གྱུར། དཀྱིལ་འཁོར་ཡོངས་རྫོགས་མཁའ་ནས་ནང་ཕྱིར་སྤྲོས། ཨོཾ་ཡ་ མཱནྟ་ཀྲིཏ་ཛཿནས། ཧོཿ ལྷ་ཐམས་ཅད་མིག་ཏུ་ནས། རྡོ་རྗེ་འཆང་ལྟ་བུའོ། །ལྷ་ཐམས་ཅད་ཀྱི་ནུ་མ་གཉིས་ཀྱི་ནས། རྡོ་རྗེ་གསུམ་གྱིས་སྔགས་བརྗོད་ཟིན་པའི་བར་བསྙེན་སྒྲུབ་བར་མའི་སྐབས་བཞིན་བྱའོ། །ཡབ་ཡུམ་གཉིས་ཀ…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
ཡོན་ཆབ་ཞེས་པའི་ཚབ་ཏུ། ཞབས་བསིལ་དང༌། ཨརྒྷཾ་ཞེས་པ་ནི། པཱདྱཾ། ཨོཾ་ལྷ་ཡི་མེ་ཏོག་དམ་པ་ནི། །དཀྱིལ་འཁོར་མཆོད་པ་བགྱིས་པར་འཚལ། ། ཐུགས་ནི་བརྩེ་བས་ཉེར་དགོངས་ནས། །མགོན་པོ་མཆོད་པ་འདི་བཞེས་ཤིག །དེ་བཞིན་དུ། བདུག་སྤོས། ངྷུ་པེ། སྣང་གསལ། ཨཱ་ལོ་ཀེ དྲི་མཆོག གནྡྷེ། ཞལ་ཟས། ནཻ་བེ་དྱ། རོལ་མོ། ཤཔྟ། གཟུགས་ལ་རྣམ་གསུམ་ཤེས་བྱས་…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
བཏུས་པའོ། །དྷརྨ་དྷཱ་ཏུ། ཞིང་འདིར་འཁོར་ལོ་རིན་ཆེན་གྱི། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར། །ཉིན་རེར་བདག་གིས་དབུལ་བར་བགྱི། །ཙཀྲ་རཏྣ། ཞིང་འདི་ནོར་བུ་རིན་ཆེན་གྱི། །སོགས། མ་ཎི་རཏྣ། བཙུན་མོ། སྟྲཱི་རཏྣ། བློན་པོ། པུ་རུ་ཥ་རཏྣ། གླང་པོ། ཧཱསྟི་རཏྣ། རྟ་མཆོག ཨ་ཤྭ་རཏྣ། ཁྱིམ་བདག གྲྀ་ཧ་པ་ཏ…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
བླ་ན་མེད་པའི་རྒྱུད་དེ་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་ཏུ་མཆོད་པ་དམ་པ་འབུལ་ལོ། ཨོཾ་ཨཱཿཧཱུཾ། དགོས་ཀྱི་ཆོས་སྐྱོང་ཡོད་ན། དེ་དང་དེའི་སྙིང་པོའི་མཐར་ཡི་གེ་འབྲུ་གསུམ་བཏགས་ལ་འབུལ། གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་བསྲུང་མ་དམ་ཚིག་ཅན་རྣམས་ཀྱི་ཞལ་དུ…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
གྲུབ་རབ་ཏུ་བསྒྲུབ་པའི་ཕྱིར། །ལྷ་རྣམས་ཀུན་ལ་དབུལ་བར་བྱ།། མཚན་ཉིད་ལྡན་པའི་རིག་མ་ལ། །འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས། ། འཕོ་མེད་བདེ་བ་མངོན་དུ་གྱུར། །གསང་བའི་མཆོད་པས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎཱ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཐབས་ཤེས་མཉམ་པར་སྦྱོར་ལས་བྱུང༌། །བྱང་ཆུབ་སེམས་སྒྲོས་དེ་བཞིན་གཤེགས། །མ་…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
ཐུགས་ཀྱི༴ །ཤཔྟ། རྒོད་དང་སྒེག་དང་རྩེ་འཇོ་སོགས། །སྣ་ཚོགས་ཀྱིས་ནི་སེམས་དགར་བྱེད། །རྣམ་པར་ཐར་བའི་སྒོ་གང་དག །ཐུགས་ཀྱི༴། མཧཱ་སུ་ཁཾ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་མཉྫུ་བཛྲ་སོགས་གོང་བཞིན་ལ། བཛྲ་ཝཱསྟྲ་ཡེ། དེ་ལས་གཞན་ཡང་…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
དག་ཡེ་ཤེས་སྐུ། ། ཀུན་མཁྱེན་ཀུན་མཛད་ཀུན་གྱི་གཙོ། །རིགས་ལྔ་བདེ་བར་གཤེགས་ལ་འདུད། ། ས་སོགས་འབྱུང་བ་རྣམ་དག་ཅིང༌། །བྱམས་སོགས་ཚད་མེད་ངོ་བོ་ཉིད། །ཟག་མེད་བདེ་བའི་མཛོད་འཛིན་པ། །གཏི་མུག་དགའ་མ་སོགས་ཕྱག་འཚལ། །སེར་སྣ་ལ་སོགས་རྣམ་དག་ཅིང༌། །ཕར་ཕྱིན་དྲུག་གི་ངོ་བོ་ཉིད། །དཀྱིལ་འཁོར་མཆོད་ལ་མངའ་བརྙེས་པའི། །རྡོ་རྗེ་གཟུགས་…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
ཆོས་བཅས་གང༌། །རིག་པའི་སྦྱོར་པ་ལས་བྱུང་རྟག་ཏུ་རབ་འབྲེལ་བར། །རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྱུར་པ། །བྱང་ཆུབ་སེམས༴ །སྡུད་དང་དགའ་དང་རྣམ་པ་དེ་བཞིན་མི་འགྱུར་དང༌། །རྒྱུ་དང་འབྲས་བུའི་རང་བཞིན་སེམས་སུ་རྗེས་ཐོགས་ཆོས། རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་པ་རྡོ་རྗེ་སྟེ། །བྱང་ཆུབ་སེམས་འདྲ༴ །གང་ཞིག་ཐོག་མ་མེད་དངོས་ར…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
དབང་པོ་ནི། །བྱང་ཆུབ༴ །གང་གིས་གཙོ་བོ་སྒྲུབ་པ་པོས་མཐར་རེག་པ་དང༌། །ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང༌། །དད་པར་བྱེད་ཅིང་ཕྱོགས་ཅིག་ཙམ་ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་ལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་སོ། །དེ་དག་གི་མཐར་བཟླས་པ་ཅི་རིགས་པ་བྱ་ཞིང་ཡི་གེ་བརྒྱ་པ་ལན་བདུན་བརྗོད། སྒྲུབ་ཐབས་སུ་བཤད་པ་ལྟར་འཇིག་རྟེན་ལས…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
འདི་བཞེས་ལ་ནས། ཀུན་འགྲུབ་ཤོག །ཡིག་བརྒྱ་ལན་གསུམ་བརྗོད། བདག་ནི་རྣམ་གཡེང་ནས། བཟོད་པར་གསོལ། །ཨོཾ་ཨ་ཀཱ་རོ་ནས། བཛྲ་མུཿ ཞེས་གཏོར་མ་རོལ་མོའི་སྒྲ་དང་བཅས་གཙང་སར་དོར། མཚམ་རྔམ་དང་བཅས་བདུད་རྩི་འཁྱིལ་པའི་སྔགས་དྲག་ཏུ་བཟླས་ཏེ་བགེགས་བསྐྲད་དོ། ། སློབ་དཔོན་གྱིས་རྟིང་མནན་ལ་འོངས་ཏེ་ནང་དུ་ཉེ་རེག་བྱ། རྡོ་རྗེ་ཤུགས་ཀྱི་འཇུག…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
དང་སོ་ཤིང་དོར་བ་དང༌། ཁྱོར་ཆུ་ཀུ་ཤ་བསྲུང་སྐུད་བྱིན། །སྤྲོ་བ་བསྐྱེད་ཅིང་རྨི་ལམ་བརྟག །ཅེས་པ་ལྟར་བཅུ་གསུམ་ལས། དང་པོ་ནི། རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་ལ་དགའི་བདག་ཉིད་ཅན། ། ཀུན་དེ་དག་ལ་དཀྱིལ་འཁོར་གྱི། །ཆོ་ག་ཡང་དག་རྗེས་སུ་གནང༌། ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམ…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ་རྡོ་རྗེའི་ལམ་ནས་བྱུང་བས་དབང་བསྐུར་ཞིང་མཐར་གཉིས་སུ་མེད་པར་ཐིམ། ཧཱུཾ་ཞེས་བྱ་བས་མཁའ་ནང་ནས་ཕྱིར་སྤྲོས་ཏེ་གྲལ་ལ་རིམ་པ་བཞིན་དུ་འཁོར་བའི་མོས་པ་མཛོད། ཅེས་བརྡའ་སྤྲད། གསུམ་པ་ནི། མཎྜལ་ཕུལ་ནས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ།…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་ལན་གསུམ་མོ། །དྲུག་པ་ནི། ལས་ཐམས་ཅད་པ་བཟླས་པས་སློབ་མ་ལ་བསྲུང་ཞིང༌། རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་སློབ་མའི་སྙིང་ག་ལ་སོགས་པ་གནས་གསུམ་དུ་དྲི་བཟང་གི་ཆུས་ཐིག་ལེ་བྱེད་ཅིང་འབྲུ་གསུམ་བརྗོད་པས། སྙིང་ཁར་རྡོ་རྗེ་སྔོན་པོ་…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
བཞིར་གཏེར་ཀྱི་བུམ་པ་སོགས་དང་སྟེང་དུ་རིག་འཛིན་འོག་ཏུ་ས་འོག་སོགས་འགྲུབ་པ་དང་ཕྱི་རོལ་དུ་ལྷུང་ན་གྲུབ་པ་མེད་པར་བསྟན་ཏོ། །དགུ་པ་ནི། དུང་ཆོས་ཀྱི་ཆུ་ལ་ལས་ཐམས་ཅད་པ་ལན་བདུན་བཟླ། དེ་ནས་ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནིཤྩ་ཨ་སྱ་ཤོ་དྷཱ་ཡ། སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ། ཞེས་ཁྱོར་བ་བཀང་ཏེ་མཐུང་དུ་བཅུག བཅུ་པ་ནི། ཀུ་ཤ་བ…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
སྤྱོད་པའི།། ཚུལ་ལ་གནས་ན་སྨོན་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་ཡང་དག་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད།། གང་ཕྱིར་རྒྱལ་བ་སྲས་དང་བཅས། །བད…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
ཐམས་ཅད་པ་བཟླས་པའི་གསང་ཆུས་གཏོར་ཞིང་བསྲུང་བ་བྱའོ། །གཉིས་པ་ནི། མཎྜལ་ཕུལ་ལ། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་བསྩལ་ནས་ཀྱང༌། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
བཟུང་བར་བྱ།། འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ནས་སྡོམ་པ་བཟུང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། ། བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིད་ནས། ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བད…
JTN005
· ཏཱ་ར་ནཱ་ཐ།
དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད།
གིས་མེ་ཏོག་གི་ཕྲེང་བ་གཏད། སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་སྟེང་ན། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་གྱེན་དུ་ལངས་པ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་ཁར་གཏུགས་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐ…