Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      9104 results — page 275 of 456
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      རུ། །འོད་ནི་གསལ་བར་འབྱུང་བར་འགྱུར། །དེ་བཞིན་ང་ཡི་བསྟན་པ་ཡང་། །ནུབ་ཁར་ཟབ་མོའི་ཆོས་དར་འགྱུར། །ཞེས་དང་། པདྨ་བཀའ་ཐང་ལས། མི་ཐོག་རེ་སོང་གཏེར་སྟོན་རེ་རེ་འབྱུང་། །ཞེས་དང་། ཨོ་རྒྱན་ཆེན་པོའི་ལུང་བསྟན་ཀུན་གསལ་མེ་ལོང་ལས། ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་བར། །ཟབ་མོའི་གཏེར་གྱི་བསྟན་པ་ག་ལ་རྫོགས། །ཇི་སྲིད་སེམས་ཅན་ལས…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      ཐོས་ཀྱང་དད་པ་མི་སྐྱེ་ན་ནི། ཨོ་རྒྱན་རིན་པོ་ཆེ་དང་དེའི་ཆོས་ལ་ལས་འཕྲོ་མེད་པ་ཡིན་ཏེ། བདེ་མཆོག་ཉུང་ངུའི་རྒྱུད་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་སྟེ། ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་རུ་ནི་མི་བྱ་སྟེ། །ཆོས…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      ནི་མནར་མེད་དམྱལ་བར་འགྲོ། །ཞེས་དང་། ཡུམ་རྒྱས་པ་ལས་ཀྱང་། ཆོས་སྤངས་པའི་འབྲས་བུས་ངན་འགྲོ་མཐའ་མེད་དུ་འཁྱམས་ཚུལ་རྒྱ་ཆེར་གསུངས་པ་ཡིད་ལ་བྱས་ཏེ། ངག་བསྡམས་ཏེ་རང་རང་རྣམས་བསྲུང་བར་བྱས་ནས། རང་གིས་རང་ངན་སོང་དུ་བསྐྱུར་བར་མི་བྱ་བ་གལ་ཆེའོ། །དེས་ན་ཆོས་འདི་ནི་ཤིན་ཏུ་ཟབ་ཅིང་ངོ་མཚར་དུ་མས་ཁྱད་པར་འཕགས་ཏེ། ཐུགས་རྗེ་ཆེན་པོས…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      པོ་མཁན་རྫུན་མས་སྦྱར་བ། ཞེས་པ་ནས་ཁྱི་ལྟོགས་ཟས་ཡིན་མིན་གཙང་མི་གཙང་གང་ལ་ཕྲད་པ་བཞིན་དུ་ཚམ་ཚོམ་མེད་པར་ལེན་མི་རིགས་ཏེ། ཞེས་སྤྱི་གཏམ་ཞིག་གསུངས་པ་ལ་འདི་སྐད་གསོལ་བར་བྱའོ། །ཟབ་ཆོས་བཀའ་རྒྱ་ཅན་ནི་དགེ་ལུགས་པ། ས་སྐྱ། བཀའ་བརྒྱུད་ཐམས་ཅད་ལ་ཡོད་ཅིང་། རྒྱལ་བ་རྡོ་རྗེ་འཆང་རང་གིས་བཀའ་རྒྱ་མཛད་པའི་ཟབ་ཆོས་ཀྱང་ཆེས་མང་བས། གསུ…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      ཕྱི་མ་དེ་ཚེ་དུས་དག་ཏུ། །དགེ་སློང་དགྲ་བཅོམ་ཞེས་བྱ་བ། །ཞེས་པ་ནས། སྔོན་ནི་ངས་ནི་གང་བཤད་པའི། །ཐེག་པ་ཆེན་པོའི་མདོ་སྡེ་ཡང་། །དེ་ཡི་ཚེ་ན་བུམ་པ་ལས། །དཀའ་ཐུབ་ཆེན་པོ་འདྲེན་པར་བྱེད། །གླེགས་བམ་དེ་ལ་དེས་བལྟས་ནས། །དེ་ལ་སྔགས་ནི་ཟློས་པ་ན། །ཞེས་ལུང་བསྟན་པ་བཞིན། དགེ་སློང་དགྲ་བཅོམ་པར་གྲགས་པས་བུམ་པ་བཟང་པོ་ཞིག་ནས་མདོ་ལ་…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      འདས་རྣམས་ཀྱི་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་གཏེར་རི་དང་རི་སུལ་དང་ཤིང་གི་ནང་ན་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་ཏེ། བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་གསུངས་སོ། །གཏེར་ཆ…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      ལྷ་སའི་དཀར་ཆག་ཀ་བ་བུམ་པ་ཅན་ནས་ཇོ་བོ་རྗེས་ཕྱུང་པ་དང་། ཕན་གནོད་ལས་ཚོགས་ཀྱི་སྐོར་འགའ་ཞིག་ཀ་བ་ཤིང་ལོ་ཅན། སྦྲུལ་མགོ་ཅན། སེང་མགོ་ཅན་རྣམས་ན་ཡོད་པ། བླ་མ་ཞང་དང་ཇོ་གདན་དཀོན་མཆོག་གྲགས་གཉིས་ཀྱིས་སྣ་འགའ་ཙམ་ཕྱུང་པ་དང་། རོ་སྙོམས་སྐོར་དྲུག་ཏི་ཕུ་བའི་ལུང་བསྟན་བཞིན་རས་ཆུང་བས་ལྷོ་བྲག་མཁར་ཆུར་སྦས་པ་ཕྱིས་སུ་འགྲོ་མགོན་གཙ…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      དུ་སྦས་པའི་ཆོས་རྒྱལ་གྱི་ལས་ཚོགས་འགའ་ཞིག་རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་བཏོན་པ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་ཀྱང་གཏེར་ལུང་ནས། མ་ཅིག་གི་ལུང་བསྟན་དང་གཏེར་རྫས་བཞེས་པ་དགོངས་པར་མངའ་བ་ལྟར་ལགས། ཁྲི་ཆེན་ངག་དབང་མཆོག་ལྡན་པར་མནལ་ལམ་དུ། རྗེ་བཙུན་ཙོང་ཁ་བ་ཆེན་པོ་དགུང་ལོ་བཅོ་ལྔ་བཞེས་པའི་ཚོད་ཙམ་ལ་རྒྱ་རས་བཟང་པོའི་ན་བཟ…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      བཞག་ནས་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས་ཚིག་དོན་ཐམས་ཅད་ཐུགས་ལ་ཤར། འཁོར་རྣམས་ལ་བསྟན་པས་རྒྱལ་པོ་འཁོར་བཅས་སངས་རྒྱས་པར་གསུངས། སྔོན་བོད་ཀྱི་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་དཔང་སྐོང་ཕྱག་བརྒྱ་པ། ཙིནྡྷ་མ་ཎིའི་རྐོས་ཕོར། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་མ་རྣམས་མཁའ་ལས་བབ་པ་མཆོད་པར་མཛད་པས། དགུ…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་གཏེར་རྙེད་པར་འགྱུར་ཞེ་ན། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པ་ན་སྤྱོད་ཅིང་དགོན་པར་གནས་ན་མངོན་པར་ཤེས་པ་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་ཡུལ་ཏེ། ག…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      བཅུ་ན་ཆོས་ཅི་སྟོན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷའི་རྣ་བའི་ཁམས་ཀྱིས་ཐོས་ཏེ། དེ་ཆོས་ཉན་པ་དང་མི་འབྲལ་བར་འགྱུར་རོ། །གཞོན་ནུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་གཏེར་རྙེད་པ་ཡིན་ནོ། །གཞོན་ནུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡེ་ཤེས་ཀྱི་གཏེར་རྙེད་པ་ཡིན་ཞེ་ན། གཞོན་ནུ་བྱ…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་འབྱུང་བ་ཤེས་པའི་གཏེར་རྙེད་པ་ཡིན་ནོ། །གཞོན་ནུ་མདོར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཆོས་ལ་གནས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་ཏེ། དེ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ན། ཕ་རོལ་རྒོལ་བ་ཐམ…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པའི་གཏེར་དང་། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པས་གཟུགས་ཀྱི་གཏེར་དང་། གཡོག་མི་ཕྱེད་པས་གཡོག་གི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པས་དམ་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པ་མི་འཇིགས་པའི་གཏེར་དང་། སེམས་ཅན་…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      པར་འགྱུར་རོ་གསུངས། མཁྱེན་བརྩེ་རིན་པོ་ཆེའི་ཞལ་ནས། དེ་ལ་ཁ་ཅིག་གིས་གཏེར་ཟེར་བའི་ཕྱོགས་ཐམས་ཅད་ལ་སྒྲོ་སྐུར་བྱེད་པ་ནི། ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨོ་བའི་ལས་ཡིན་ནོ་ཞེས་དང་། ཁ་ཅིག་ཆོས་གཏེར་ཟེར་བ་མི་འཐད་པར་འདོད་པ་ནི་ཤིན་ཏུ་སྙིང་རྗེ་བའི་གནས་སོ། །མདོའི་ཕྱོགས་ནས་ཀྱང་གང་ཟག་ས་མཐོན་པོ་ལ་གནས་པས་ཆོས་ཀྱི་གཏེར་རྙེད་པར་བ…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      གདུལ་བྱ་སྐལ་བ་དང་ལྡན་པ་དག་ནི། རང་རང་དང་འཚམས་པའི་ཆོས་བསྟན་ནས་ལམ་ལ་བཀོད། ད་རེ་ཞིག་བོད་ན་ངའི་གདུལ་བྱ་ཙམ་མེད། འདི་ཐམས་ཅད་ཀྱང་རྒྱལ་བ་རྒྱ་མཚོ་ཁོ་རང་གི་ཞིང་ཁམས་ཡིན། སྔར་ཡང་རྒྱལ་རབས་ཐམས་ཅད་གཏེར་ཡིག་ཏུ་བཀོད་པ་ལས། བཤད་པ་དང་བཅས་ཏེ་ཡི་གེར་བཀོད་པ་མེད་དེ། ཁོ་བོ་སྦས་པའི་བརྟུལ་ཞུགས་ཅན་ཡིན། སྔོན་ལྷ་མ་སྲིན་འདུལ་བའི་ད…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      རྒྱལ་པོར་ཇི་ལྟར་འགྱུར་བ་དང་། དེའི་མཛད་པ་ཇི་ལྟར་མཛད་པ་དང་། མཛད་པ་ཐམས་ཅད་ཀྱང་གཏེར་དུ་ཇི་ལྟར་སྦེད་པ་དང་། གཉེར་ཁ་མཁའ་འགྲོ་མས་ཇི་ལྟར་བྱེད་པ་དང་། དེང་སང་ཀ་བ་བུམ་པ་ཅན་ནས་གཏེར་ཡིག་ཇི་ལྟར་འདོན་ཚུལ་དང་། མཁའ་འགྲོ་མས་སྟོན་ཚུལ་དང་། དུས་འདི་སྲིད་ཅིག་ན་རྒྱལ་བའི་འབྱུང་གནས་ཀྱི་བུ་སློབ་མིང་ཅན་འདི་ཙམ་ཞིག་འབྱུང་བ་ནི། ས…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      མང་པོས་བཀུར་བའི་སྡེ་བཞི་ཡིན། དེ་བཞི་ལས་གྱེས་པའི་ཉན་ཐོས་སྡེ་པ་བཅོ་བརྒྱད་ནི། སློབ་དཔོན་དུལ་ལྷས། ཤར་དང་ནུབ་དང་གངས་རི་དང་། འཇིག་རྟེན་འདས་པར་སྨྲ་བ་དང་། །རྟག་པར་སྨྲ་བའི་སྡེ་པ་རྣམས། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུངས་སྡེ། ས་སྲུང་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་སྟ…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      མའི་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་དང་བདུན་གྱེས། གནས་བརྟན་སྡེ་ལས། རྒྱལ་བྱེད་ཚལ་ན་གནས་པའི་སྡེ་དང་། འཇིགས་མེད་གནས་ན་གནས་པའི་སྡེ་དང་། གཙུག་ལག་ཁང་ཆེན་ན་གནས་པའི་སྡེ་སྟེ་གསུམ་གྱེས། མང་བཀུར་སྡེ་ལས། ས་སྒྲོག་རིས་ཀྱི་སྡེ་དང་། སྲུང་བའི་སྡེ་དང་། གནས་མ་བུའི་སྡེ་སྟེ་གསུམ་གྱེས་པས། ཐམས་ཅད་བསྡོམས་པས་བཅོ་བརྒྱད་ད…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      འབྲེལ་གྱིས་བོད་དུ་ཡང་། སངས་རྒྱས་བསྟན་པ་གཅིག་ལས་གྲུབ་མཐའ་མི་འདྲ་བ་བཅོ་བརྒྱད་བྱུང་སྟེ། དེ་ཡང་ཉན་ཐོས་རྩ་བའི་སྡེ་བཞི་ལྟ་བུ་ལ། སྔ་འགྱུར་རྙིང་མ་དང་། གསར་མ་བཀའ་བརྒྱུད་པ་དང་། བཀའ་གདམས་པ་དང་། ས་སྐྱ་བ་ཞེས་གྲུབ་མཐའ་རང་རྐང་ཚུགས་པ་བཞི་བྱུང་། དེ་བཞི་ལས་གྱེས་ཏེ་གྲུབ་མཐའ་མི་འདྲ་བ་བཅོ་བརྒྱད་བྱུང་ཚུལ་ནི། དེ་ཡང་སྔ་འགྱ…
      ZTR009 · ཞབས་དཀར་ཚོགས་དྲུག་རང་གྲོལ།
      བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
      ཚུལ་ཏུ་བྱུང་བ་ཡིན་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་སྣ་ཚོགས་ནས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་བྱུང་བ་ལ། ལོག་ལྟ་སྤུ་ཙམ་ཡང་མི་བྱེད་པར། གྲུབ་མཐའ་རིས་སུ་མ་ཆད་པར་ཐམས་ཅད་ལ་དད་གུས་དག་སྣང་སྦྱོང་བཞིན། མཆོད་བསྟོད་བཀུར་བ་ལ་བརྩོན་པར་བྱས་ན་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ནས་སེམས་…