Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      9104 results — page 349 of 456
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      དེས་ན་ས་སྟེང་དུ་དར་བའི་ཆོས་ལུགས་སྣ་ཚོགས་པ་ལ་སངས་རྒྱས་ཀྱི་བཀའི་འདུ་ཤེས་བཞག་ནས་གུས་པར་བྱ། སངས་རྒྱས་ཀྱིས་སྔོན་དུས་དེ་ལྟར་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་བ་ཙམ་དུ་མ་ཟད། ད་ལྟ་སྙིགས་དུས་འདིར་ཡང་དགེ་བའི་བཤེས་གཉེན་སོགས་སུ་སྤྲུལ་ནས་བཀའ་ཆོས་སྟོན་ཏེ། ཀུན་དགའ་བོས་ཞུས་པའི་མདོ་ལས། ཀུན་དགའ་བོ་ང་ཉིད་མ་འོངས་པའི་ཚེ། …
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      མདོ་ལས། ཐེག་པ་ཐམས་ཅད་གཅིག་ཏུ་མཉམ་སྟེ། ཆོས་ཀྱི་དབྱིངས་དབྱེར་མེད་པར་འཇུག་པ་གཅིག་གོ །ཞེས་དང་། རིག་པ་རང་ཤར་གྱི་རྒྱུད་ལས། རིག་པའི་ཡེ་ཤེས་གཏན་ལ་འབེབས། །དེ་ཡི་དགོངས་པ་བསྟན་པ་ལ། །རྒྱུད་ལུང་མན་ངག་ཐམས་ཅད་མཐུན། །དེ་ཡི་མན་ངག་གྲོལ་བའི་ཕྱིར། །ཞེས་གསུངས། དེས་ན་སངས་རྒྱས་ཀྱི་སྐུ་དངོས་དང་སྤྲུལ་པ་མང་པོ་བཀྱེ་ནས་འདས་མ་འ…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །གསང་སྔགས་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། ཐུབ་དབང་ཡོངས་སུ་འདས་ནས་ད་བར་དུ། །སངས་རྒྱས་གསུང་རྣམས་ཡི་གེར་ཐེབས་ཚད་བཏབ། །གླེགས་བམ་བྱས་ན་གླང་ཆེན་རབ་ཏུ་བརྟན། །གསུང་རབ་དམ་པ་ར…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ངེས་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །ཞེས་དང་། གསང་སྔགས་ཕྱི་བ་ལ་ཡང་དེ་ཉིད་ལས། ལྷ་དང་ལྷ་མིན་རྣམས་ལ་ཕན…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      སྟོང་ཕྲག་བཅུ་གཉིས་དང་། སངས་རྒྱས་མཉམ་སྦྱོར་ལ་ཁྲི་བརྒྱད་སྟོང་དང་། དེ་ཉིད་བསྡུས་པ་ལ་སྟོང་ཕྲག་བརྒྱད། གཤིན་རྗེ་གཤེད་དམར་པོ་ལ་འབུམ་ཕྲག་གསུམ་དང་། དོན་ཞགས་ལ་སྟོང་ཕྲག་བརྒྱད་ལ་སོགས་པར་བཤད། གཞན་ཡང་མདོ་སྡེ་ལངྐར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      དང་། འོད་ཟེར་ཆེན་པོ་དང་། དྲང་སྲོང་ལྷ་དང་། དཔལ་གྱི་གཟི་བརྗིད་དང་། བདེན་པའི་ཏོག་དང་། རྡོ་རྗེ་མཁྲེགས་དང་། ཐམས་ཅད་ཟིལ་གྱིས་གནོན་དང་། གསེར་མདོག་དང་། ཤིན་ཏུ་མཐོར་གཤེགས་དང་། བྱུ་རུའི་རྒྱ་མཚོ་དང་། མེ་ཏོག་གི་ཏོག་དང་། གཟུགས་བཟང་དང་། སྤྱན་བཟང་དང་། དྲང་སྲོང་སྦེད་དང་། དམག་ཚོགས་ལས་རྒྱལ་དང་། མཐོ་བ་དང་། མེ་ཏོག་རྒྱས…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      དང་། འབྲུག་སྒྲ་དང་། ཁ་དོག་མཛེས་དང་། ཚེའི་གཟི་བརྗིད་དང་། ངོམ་བག་གླང་པོའི་འགྲོས་དང་། འཇིག་རྟེན་མངོན་པར་སྨོན་དང་། དགྲ་ལས་རྒྱལ་དང་། ཡང་དག་མཆོད་དང་། རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིགས་དང་། གསེར་ཐུབ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་ཀ…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      གསུངས་པས། འོ་ན་སྒྲབ་ཐབས་འགའ་ཞུ་བས། འདི་དང་འདི་མཁྱེན་ནམ་གསུངས། དེ་ཀུན་གྱི་དཔེ་ཡང་མཐོང་མ་མྱོང་གསུངས་པས། འོ་ན་ཁྱོད་གསང་སྔགས་ལ་མཁས་པའི་ཐུགས་རྒྱལ་ཚོ་ན་གསུངས། ཡང་ཁྲིད་མིའི་ཡུལ་ན་སྐྲའི་སྤུ་རྩེ་ཙམ་ལས་མེད། སྔགས་ཀྱི་དཔེ་དོན་མང་པོ་མཁའ་འགྲོ་མའི་ལག་ན་ཡོད་པ་ཡིན་གསུངས་ནས་མི་སྣང་བར་གྱུར། ཇོ་བོའི་ཐུགས་རྒྱལ་ཡང་དེར་ཆག…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      མི་ཡུལ་ན་བཞུགས་པའི་ཐེག་པ་ཆེན་པོའི་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ཕྱིས་བོད་དུ་བྱོན་ནས། བསམ་ཡས་དབེ་ཧར་གླིང་གི་དཀོར་མཛོད་ཅིག་ཁ་ཕྱེ་ནས་རྒྱ་དཔེ་ལ་གཟིགས་པས། སྔར་གསན་གཟིགས་མ་མཛད་པའི་རྒྱུད་སྡེ་མང་པོ་བཞུགས་ཤིང་གདའ་སྐད་དེ། སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་ལྷ་ཀླུའི་ཡུལ་དང་། དཔལ་ཤྲཱི་ན་ལེནྡྲ་…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      ཐེག་པ་ཆེ་ཆུང་གི་ཆོས་འཁོར་མཐའ་ཡས་པ་ཞིག་བསྐོར་ནས་ལྷ་མི་བགྲང་ལས་འདས་པ་སྨིན་ཅིང་གྲོལ་བར་མཛད་གསུངས། འོ་ན་རྒྱལ་བས་ཆོས་ཀྱི་ཕུང་པོ་ཚད་མེད་པ་དེ་ཙམ་གསུངས་ན། ད་ལྟ་དེའི་ཆ་ཙམ་ཡང་མི་སྣང་ན་དེ་དག་གང་ན་བཞུགས་ཟེར་ན། མཁས་མཆོག་དབྱིག་གཉེན་གྱིས། ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པ་གཏོགས་པ་ཡིན། །གསུངས་པ་ལྟར་རྒྱལ་བ…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      གནས་པས་རབ་རིབ་སེལ་བར་བྱེད། །ཅེས་གསུངས་པ་ལྟར་རྒྱལ་བའི་བཀའ་ཕལ་མོ་ཆེ་ནི་ཀླུའི་ཡུལ་ན་བཞུགས་ཏེ། གཞན་ཀུན་སུམ་ཅུ་རྩ་གསུམ་སོགས་ལྷའི་གནས་དུ་མ་དང་། ལྕང་ལོ་ཅན་སོགས་རྒྱལ་ཆེན་བཞིའི་གནས་དང་། དྲི་ཟའི་རྒྱལ་བོ་རྣམ་པར་རྒྱལ་བའི་གནས་སོགས་དང་། འདར་བྱེད་ཀྱི་གླིང་དང་། ཤམྦྷ་ལ་དང་། ཨོ་ཌི་ཡཱ་ནའི་མཁའ་འགྲོའི་ཕོ་བྲང་ལ་སོགས་པའི་…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      གྱི་དབང་ཕྱུག་མི་ལ་རས་པ་ཞེས་མཚན་ཡོངས་སུ་གྲགས་པའི་གྲུབ་ཐོབ་ཆེན་པོ་དེ་ཉིད་ཀྱིས། ཐེག་པ་ཁུར་དུ་འཁུར། དམན་པའི་ས་བཟུང་། དཀའ་ཐུབ་ཀྱི་ལས་མཛད། བྲག་ཕུག་སྟོང་བ་ཞྭ་ལྟར་གྱོན། ཏིང་ངེ་འཛིན་གྱི་སྒྲུབ་པ་རྩེ་གཅིག་ཏུ་མཐར་ཕྱིན་ཏེ་ཉམས་དང་རྟོགས་པ་འཁྲུངས་པའི་མགུར་མ་སྐོར་ཚོ་ཆེན་པོ་བཅོ་བརྒྱད་དམ། ཉེར་གཅིག་གམ། བཞི་བཅུ་རྩ་ལྔས་ཐ…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      ལས། རང་གི་ལུགས་ལ་མ་གྲགས་པས། །ཆོས་མ་ཡིན་ཞེས་མི་བསམ་སྟེ། །ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལས། །གསང་སྔགས་བླ་མེད་མང་ངོ་ཞེས། །ཇོ་བོ་རྗེ་ཡིས་གསུངས་བ་དང་། །བྱེ་བྲག་སྨྲ་སོགས་ཉན་ཐོས་ཀྱིས། །རང་ལ་མ་གྲགས་དབང་བྱས་ནས། །ཐེག་པ་ཆེན་པོའི་ཆོས་སྤངས་པས། །དེ་ལ་བྱམས་མགོན་ཀླུ་སྒྲབ་ཀྱིས། །ཐེག་ཆེན་བཀའ་རུ་བསྒྲབས་པ་ཡང་། །དུས་འདི་ཉིད་ད…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      བུར། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏེ། །ཁ་ཅིག་བསོད་ནམས་འགྲུབ་པའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བསྟེན་པ། །ཁ་ཅིག་ལ་ནི་གཉིས་མི་བསྟེན། །ཟབ་མོ་འཁུ་འཕྲིགས་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱ…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      བཏབ་པའི་ཕྱིར་རོ། །ཡིད་སྨོན་བྱེད་པ་ཙམ་དུ་མ་ཟད། དགེ་བའི་ཆོས་ནི་སྡུད་པ་དང་ཞེས་དམ་བཅས་པ་དང་ཡང་མི་འགལ་བར་བྱས་ཏེ་ཅི་ནུས་ཀྱིས་དགེ་ཆོས་སྡུད་པ་ལ་བརྩོན་པར་གཅེས་སོ། །གཞན་ཡང་རྒྱུད་ལས། ཚིག་རེ་ལ་ནི་སྣ་ཚོགས་དོན། །གསུངས་པ་ལྟར། མདོ་སྔགས་ཀྱི་རྡོ་རྗེའི་ཚིག་རེ་ལའང་དོན་མི་འདྲ་བ་སྣ་ཚོགས་འཇུག་པ་མང་བས། དེའི་དབང་གིས་མདོ་སྔག…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      ཡིན། །གསུངས། གང་ཤར་རང་གྲོལ་གྱིས། དེང་སང་ཆོས་ལུགས་གྲུབ་མཐའ་མང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག །དོན་མེད་ཁ་སྡིག་མ་གསོག་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང་། །ཞེས་དང་། སློབ་དཔོན་ཆེན་པོས། དག་སྣང་མོས་གུས་ཕྱོགས་མེད་དུ་བྱེད་པ་ཤིན་ཏུ་གལ་ཆེ། གསུངས། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེ…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      འཕྲུལ་བཞིན། །གསུངས། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ནམ་མཁས་ཇི་སྲིད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་དང་། དཔལ་ཨ་ར་ལིའི་རྒྱུད་ཆེན་པོ་ལས། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་དང་། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      འཕྲུལ་བ་སྣ་ཚོགས་ཀྱིས། །སེམས་ཅན་རྣམས་ནི་འདུལ་བར་མཛད། །ཅེས་དང་། སམ་བུ་ཊ་ལས། སངས་རྒྱས་གར་མཁན་བསམ་མི་ཁྱབ། །བདག་གིས་བརྗོད་པར་ག་ལ་ནུས། །ཞེས་དང་། རྡོ་རྗེ་དྲྭ་བའི་རྒྱུད་ལས། གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམས་ནི་འདུལ་གྱུར་པ། །དེ་དང་དེ་ནི་རྣམ་སྟོན་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །འདུལ་བའི་ཐབས་ནི་གང་གང་གི…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      སྒྲ་ལས། གཅེར་བུ་པ་རྣམས་འདུལ་བའི་ཕྱིར། །ཐུབ་པས་གཅེར་བུ་བའི་ཚུལ་བསྟན། །དང་པོའི་སངས་རྒྱས་འཇམ་དཔལ་གྱིས། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྩ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །དེ་སོགས་ཚུལ་འཆང་མུ་སྟེགས་བྱེད། །འདུལ་ཕྱིར་དེ་དག་ཚུལ་སྟོན་པ། །མཚན་བརྗོད་འགྲེལ་པ་ཉིད་ལས་གསུངས།…
      ZTR012 · རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།
      ལེགས་བཤད་ཀུན་བཟངམཆོད་སྤྲིན།
      བྱའོ་གསུངས། མདོར་བསྡུས་བཞི་པ་ལས། ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ནང་ན་ཡོན་ཏན་འདི་དག་རྫོགས་པ་འབའ་ཞིག་ཡོད་ན། དེ་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་དང་། མཆོད་པ་དང་བཀུར་བར་བྱ་བ་ཡིན་ནོ་གསུངས། དེས་ན་བློ་གྲོས་ཅན་གྱི་དོན་མེད་པར་ཕྱི་རོལ་པ་ཐམས་ཅད་ལ་ཡང་ཁ་གཏོང་མི་རུང་། བཏང་ན་རྣམ་པར་སྣང་མཛད་སོགས་སངས་རྒྱ…