RTZ032
· པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་དབྱངས་བློ་གྲོས་རྒྱ་མཚོ། ཆོས་ཀྱི་བློ་གྲོས། བཀྲ་ཤིས་དཔལ་འབྱོར། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། ཟླ་བཟང་སྤྲུལ་སྐུ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། མཆོག་གྱུར་གླིང་པ། བསྟན་གཉིས་གཡུང་དྲུང་གླིང་པ། པདྨ་གར་དབང་རྩལ། མཆོག་གྱུར་བདེ་ཆེན་གླིང་པ། པདྨ་གར་གྱི་དབང་ཕྱུག །འོད་གསལ་ཐུགས་མཆོག་རྡོ་རྗེ། པདྨ་དབང་ཆེན་དགྱེས་པ་རྩལ། མཉྫུ་གྷོ་ཥ། གུ་ཎ། རཱ་ག་ཨ་སྱ། ཀློང་གསལ་སྙིང་པོ། འཆི་མེད་བསྟན་གཉིས་གླིང་པ། སྟག་ཤམ་ནུས་ལྡན་རྡོ་རྗེ། དྷརྨ་སྭཱ་མཱི།
ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨན་མཆོད། ཟླ་བཟང་སྤྲུལ་སྐུ།
ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་དཔལ་ཆེན་ཧེ་རུ་ཀ་དཔལ་ཆེ། །རྡོ་རྗེ་འཆང་དབང་ཤཱཀ་ཐུབ་དགའ་རབ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །རྡོ་རྗེ་ཆོས་དང་ལས་ཀྱི་དབང་མོ་ཆེ། །ཨིནྡྲ་བྷཱུ་ཏི་ཤྲཱི་སིང་ཧ་དང་། །གོ་མ་ས་དང་སློབ་དཔོན་ཧཱུྃ་མཛད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །པྲ་བྷ་ཧས…