Author
About 40% of texts have an author recorded — this list will grow as more are attributed.
323 results
— page 12 of 17
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། །འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆི…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
དང་པོ་ལྕེ་ལག་བྱིན་གྱིས་བརླབས་པ་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཧཱུཾ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་ད…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
རྩེ་གསུམ་པ་ཐུགས་ཀར་གསོར་ཞིང༌། གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཤིན་ཏུ་འཇིགས་ཁྲོད་འབར་བ་འཁྲུགས་པ། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་མ་རུངས་པ་རྣམས་སྡིགས་པར་མཛད་པའོ། །གཉིས་པ་ནི། ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅས་ཏེ། ཨོཾ་གྲྀཧྞ་བཛྲ་ས་མཱ་ཡ་ཧཱུཾ་བཾ། ཕྱག་རྒྱ་དེ་ཉི་སྤྱི་བོ་ལ་སོགས་པ་རིགས་བདག་གི་ག…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
བར་དུ་སྦྱར། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྲོད་པའི་ཚལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པའི། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འབྲི། ཁྱེད་ཅག་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདས་གྱུར་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང༌། །གེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། དྲིལ་སིལ་རོལ་ཆེན་དང་བཅས་ཏེ། ཧཱུཾ་བཞི་པ་བཟླས་སོ། །བདུན་པ་ནི། བགེགས་ལ་བསྣུན་པའི་ཕྱག་རྒྱ…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
བགེགས་ལ་བསྣུན་པ་ནས་བཟུང༌། ཧཱུཾ་རྐྱང་མ་གཏོགས་པའི་སྔགས་དེ་རྣམས་ལན་གསུམ་བྱ། དགུ་པ་ནི། ཁྲོ་བོ་མེ་ལྟར་འབར་བའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལརྐཱ་མཧཱ་བཛྲ་ཀྲོ་དྷ་ཏྲ་བ་ཏྲ་བ་བི་ཏྲ་བ། བི་ཏྲ་བ། སརྦ་ཨ་པ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར། པྲཱ་ཎཱཾ་ཧཱུཾ་ཕཊ། ལན་དགུ །ཨོ་བཛྲ་ཀཱརྨ་ཀཾ །ཨོཾ་བཛྲ་རཀྵ་ཧཱཾ། ཨོཾ་བཛྲ་ཡཀྵ་ཧཱུཾ…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
སོགས་ཤླཽ་ཀ་གསུམ་གྱིས་བསྟོད། རྒྱུན་བཤགས་ནི། དབང་མེད་བདག་གིས་མི་དགེ་བགྱིས་པ་དང༌། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང༌། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང༌། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལའང༌། །རྟག་ཏུ་བདག…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། འདི་དག་ཐམས་ཅད་རྩ་སོགས་བཞིན་དུ་བཏང༌། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
བསྐུར་དང༌། །མཆོད་བསྟོད་འཕྲིན་ལས་བཅུ་གཅིག་གོ།དེ་ནས་དང་པོ་ནི། ཨོཾ་ཤུུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷྲཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་གྱུར། གཉིས་པ་ནི། ཨོཾ་བྷ་སྟོང་པའི་ངང་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་གསེར་ཀྱི་ས་གཞི། དེའི་སྟེང་དུ་རྒྱ་མཚོ་ཆེན་པོ། དབུས་སུ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུ…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
ཅད་ཀྱིས་བརྒྱན་པའི་གཞལ་ཡས་ཁང་དེའི་ནང་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་ཟླུམ་པོ་དང༌། དེའི་སྟེང་དུ་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་ནོར་བུའི་ཏོག་གིས་སྤྲས་པ། ཕྱིའི་འཁྱམས་རི་རབ་ཀྱི་ཕྱོགས་དང་མཚུངས་པའི་མདོག་དང༌། ནང་གི་ལྷ་སྣམ་ཤར་སྔོ་ལྷོ…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རབ་ཏུ་ཞི་བ་ཆེན་པོའི་ཉམས་དང་ལྡན་ཞིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པ། དབུ་སྐྲའི་ཐོར་ཚུགས་རིན་པོ་ཆེའི་ཅོད་པན་ཅན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པ་འཁོར་ལོས་བསྒྱུར་བ་ཆེན་པོའི་ཆ་བྱད་ཅན་འོད་དང་འོ…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
རེག་པར་འགྱུར། རྡོ་རྗེ་ཐལ་མོ་དང༌། པ་ར་སྥ་ར་ཨ་ནུ་པྲ་བིཥྟ་སརྦ་དྷརྨཱཿ རྗེས་སུ་ཞུགས་པར་གྱུར། རྡོ་རྗེ་བསྡམ་པ་དང༌། ཨཏྱཏྟ་ཨ་ནུ་པྲ་བིཥྟ་སརྦ་དྷརྨཱཿབཛྲ་བནྡྷ། ལྷ་རྣམས་རོ་གཅིག་ཏུ་འདྲེས་པར་གྱུར། ལྔ་པ་ནི། རྡོར་བསྡམས་དྲལ། བཛྲ་བནྡྷ་ཏྲ་ཊ་ལན་གསུམ། སྡིག་པ་ཐམས་ཅད་བྲལ་བར་གྱུར། དྲུག་པ་ནི། རྡོར་བསྡམས་མཐེ་བོང་ནང་དུ་བཅུག དང་…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
དེ་ནས་བསྟོད་པ་ནི། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གིས་ཆོས་ཉིད་ཅན། །ཐུགས་རྗེས་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་མཆོག་རྣམས་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་ཏུ་ཡོད་མ་ཡིན། །དངོས་གྲུབ་མཐའ་…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
ཀྱང༌། གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །མཆོད་རྫས་བྱིན་རླབས། དྲི་མེད་ཡིད་དུ་འོང་བ་ཡིས། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མེ་ཏོག །པུཥྤེ། བདུག་སྤོས། དྷུ་པེ། སྣང་གསལ…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
ཨོཾ་བཛྲ་པུཥྤེ་ཨ་ཧཱུཾ་ནས་ཤབྟའི་བར་གྱི་མཆོད་ཅིང་ཆོག་གོ །བསྟོད་པ་མཉམ་ཉིད་མི་གཡོ་མས་བསྟོད། སྡིག་པ་དྲལ་བ་ནས་མཆོད་བསྟོད་ཀྱི་བར་འདི་དང་པོ་སྦྱོར་བ་ལ་ངེས་པར་དགོས་པས་ཡན་ལག་ཡིན་ཞིང༌། གཟུགས་བརྙན་སྦྱོར་བ་དངོས་ནི། སྤྱིར་ན་དང་པོ་སྦྱོར་བའི་ཡན་ལག་ཏུ་ངེས་པར་དགོས་པ་མ་ཡིན་པས་ཕྱག་རྒྱ་བཞིའི་རྒྱས་གཏབ་ཀྱི་སྔོན་དུ་བྱས་ཀྱང་ཆ…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
ནས་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ཏེ། མགོ་བོས་ལན་བརྒྱ་སྟོང་དུ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་བརྗོད་ཅིང་རྣམ་པ་དུ་མས་མཆོ…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པའི། །ཐུགས་རྗེའི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཞིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
ཅོལ་མང་པོའི་རྗེས་སུ་འབྲང་བར་མི་བྱའོ། །སྤྱིར་རྒྱུད་ཀྱི་གླེང་གཞི་དང་མཐུན་པར་འདི་ལྟ་བུའི་དམིགས་པ་བསྒོམ་པ་ནི་ཤིན་ཏུ་ལེགས་ལ། ཚིག་འདི་ཉིད་ཁོ་ན་བརྗོད་དགོས་པར་ནི་མ་ངེས་ཏེ། ཚིག་འདི་རྒྱུད་ལས་འབྱུང་ཡང་ལོ་རྒྱུས་ཀྱི་སྐབས་ཙམ་ཡིན་གྱི། ཆོ་གའི་དོན་དུ་གསུངས་པའི་སྔགས་ཚིག་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཚིག་ཏུ་བརྗོད་ཕྱིན་ར…
JTN013
· ཏཱ་ར་ནཱ་ཐ།
དཔལ་ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ།
མཛད། སླར་འདུས་ཏེ་སོ་སོའི་གནས་སུ་ཡོངས་སུ་གྱུར་པ་ལས། སྙིང་པོའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་སྦྱོང་བའི་རྒྱལ་པོ་ལ་སོགས་པའི་སངས་རྒྱས་བཞི། མཚམས་བཞིར་ཡུམ་བཞི། རྩིབས་བཅུ་དྲུག་ལ་བྱང་ཤར་མཚམས་ཀྱི་ཚུར་རོལ་ནས་བརྩམས་ཏེ། གཡས་བསྐོར་གྱི་སེམས་དཔའ་བཅུ་དྲུག་སྟེ། ཕྱོགས་བཞི་སོ་སོར་རྩིབས་བཞི་བཞི་ལ་སེམས་དཔའ་བཞི་བཞི། གྲུ་ཆད་བཞ…