Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 488 of 500
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྦད་བསྐུལ།
      དགྲ་ལ་འདེབས༔ མ་མོ་ས་ཡ་ལས་ལ་འགྱེད༔ ཁྱོད་ཀྱི་བརྡའ་དོན་ཕྱག་མཚན་ཡང་༔ གཅིག་ཏུ་མ་ངེས་སྣ་ཚོགས་ཏེ༔ རེས་འགའ་བེ་ཅོན་གཏུན་ཤིང་ཐོགས༔ དམ་ཉམས་དགྲ་བོའི་ཀླད་ཁྲག་གཏོར༔ རེས་འགའ་ཐོད་དབྱུག་ཐོ་བ་ཐོགས༔ དམ་ཉམས་དགྲ་བགེགས་ཐལ་བར་རླག༔ རེས་འགའ་ཁ་ཊྭཱཾ་གྲི་ཐོད་ཐོགས༔ ཕ་རོལ་བྱད་མའི་སྲོག་དབུགས་སྡུད༔ རེས་འགའ་ལྕགས་ཀྱུས་དགྲ་སྙིང་འདྲེན…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྦད་བསྐུལ།
      ཀྱིས་ཉུལ༔ སྟོབས་བཅུའི་རྩལ་ལྡན་ལས་ལ་ཆོས༔ ཕ་རོལ་དགྲ་བགེགས་བྱེད་མ་ཡི༔ དོན་སྙིང་ཕུང་ཁམས་ཟས་སུ་རོལ༔ འདོད་ཆགས་ཁྲག་ལ་སྐོམ་དུ་འཐུང་༔ ཞེ་སྡང་རུས་ལ་ཀྲུམ་ཀྲུམ་ཟོ༔ ཕྲག་དོག་པགས་ལ་གོས་སུ་གྱོན༔ བཞེས་ཤིག་རོལ་ཅིག་མཱ་ར་ཡ༔ གསང་ཡུམ་མ་གཤིན་ཀླུ་བདུད་བཙན༔ དུག་ལྔའི་ཁྲོ་གཏུམ་མེ་ལྟར་འབར༔ བདུད་བྱ་ས་ཡ་ཀླད་ལ་ལྡིང་༔ བདུད་ཁྱི་ས་ཡ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྦད་བསྐུལ།
      ཚོགས་རླུང་ལྟར་འཚུབས༔ ཞིང་ཆེན་གཡབ་མོ་དགྲ་ལ་རྡེབ༔ ཁྲག་མཚོ་ཁོལ་མའི་གཞལ་ཡས་ནས༔ མ་མོའི་དམག་ཚོགས་མེ་ལྟར་འབར༔ ཁྲག་གི་ནད་རྐྱལ་དགྲ་ལ་འདེབས༔ མུན་ནག་གླིང་དགུའི་སྨག་རུམ་ནས༔ ལས་ཀྱི་དྲེགས་པ་ཆུ་ལྟར་ཁོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ལས་བྱེད་རོ་ལངས་གྲངས་འདས་རྒྱུག༔ དགྲ་སྙིང་དམར་པོ་ཧབ་ཧབ་ཟ༔ དུར་ཤིང་ལྗོན་པའི་ཚལ་བརྒྱ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྦད་བསྐུལ།
      ཏྲི་ཡ་མ་དུ༔ དགྲ་བོའི་སྲོག་རྩ་ལ་རྦད༔ སྙིང་ཁྲག་ལྗིབ་ལྗིབ༔ ཁྲག་རྩ་ལ་རྦད༔ དུམ་བུར་གཏུབ་གཏུབ༔ ཤ་རུས་ཕུང་ཁམས་རྡུལ་དུ་རློག་རློག༔ ཧཱུྃ་རྦད༔ དུ་རྦད༔ ཡ་རྦད༔ ཏྲི་རྦད༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དགྲ་བགེགས་མ་ར་ཡ་ཕཊ༔ རྦད་རྦད༔ མྱོགས་མྱོགས༔ ཡཾ་ཡཾ༔ ཟློག་ཟློག༔ ཡང་ཡང་རྦད་བསྐུལ་དངོས་སུ་ཞལ་སྟོན་ཅིང་༔ དགྲ་བོའི་སྙིང་ཁྲག་དངོས་སུ་ལ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཚེ་སྒྲུབ་འཁོར་འདས་རོ་གཅིག
      གུ་རུ་རྡོ་རྗེ་གྲོ་ལོད་ལས༔ ཚེ་སྒྲུབ་འཁོར་འདས་རོ་གཅིག་བཞུགས༔
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཚེ་སྒྲུབ་འཁོར་འདས་རོ་གཅིག
      ཧྲཱི༔ དཀོན་གསུམ་དང་ཡི་དམ་ལྷ༔ དབྱེར་མེད་རྡོ་རྗེ་གྲོ་ལོད་ལ༔ ཕྱག་འཚལ་སྐྱབས་མཆི་སྡིག་སྒྲིབ་བཤགས༔ ཕྱི་ནང་སྣོད་བཅུད་མཆོད་པར་འབུལ༔ ཁྱོད་ཀྱི་ཐུགས་དམ་མ་གཡེལ་བར༔ བདག་ལ་བྱིན་ཕོབ་ཚེ་དབང་སྩོལ༔ རང་རིག་ཡེངས་མེད་ཏིང་འཛིན་གསལ༔ བྱེད་ལས་རིག་པའི་རང་མདངས་ལས༔ ཧྲཱིཿ བདག་ཉིད་སྣང་སྲིད་ཟིལ་གནོན་སྐུ༔ རྡོ་རྗེ་གྲོ་ལོད་རྩལ་དམར་ན…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཚེ་སྒྲུབ་འཁོར་འདས་རོ་གཅིག
      གཉེར་གཡོ༔ ཐོད་སྐམ་དབུ་རྒྱན་ཐོར་ཚུགས་བཅིངས༔ སྐྲ་གསེབ་ཚེ་དཔག་ཡབ་ཡུམ་མཐིང་༔ ཕྱག་གཡས་རྡོ་རྗེ་བྱ་ཁྱུང་འཕྱོ༔ གཡོན་པས་ཕུར་གཟིར་ལྕགས་སྡིག་འགྱེད༔ ཆོས་གོས་རྣམ་གསུམ་མགོ་ཕྲེང་སྤྲུལ༔ རུས་རྒྱན་དྲུག་དང་རིན་ཆེན་བརྒྱན༔ མི་ལྤགས་སྟག་ལྤགས་གླང་ཀོ་རློན༔ བསྣོལ་མར་གསོལ་ཞིང་ཞབས་འདོར་སྟབས༔ རྒྱ་སྟག་གསེར་མིག་རང་ཞལ་ལྟ༔ བརྗིད་རྔ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཚེ་སྒྲུབ་འཁོར་འདས་རོ་གཅིག
      མཚོན་ཆའི་ཆར་ཆེན་འབེབས༔ རང་བཞིན་མེ་རླུང་ཐོག་སེར་གྱི༔ དབུས་སུ་འགྱིང་རྔམ་རྩལ་ལྡན་བསྐྱེད༔ རང་ཉིད་རྡོ་རྗེ་གྲོ་ལོད་ཀྱི༔ དཔྲལ་བར་ཨཱོཾ་དཀར་ཚེ་དཔག་དཀར༔ མགྲིན་པར་ཨཱཿདམར་ཚེ་དཔག་དམར༔ སྙིང་གར་ཧཱུྃ་མཐིང་ཚེ་དཔག་མཐིང་༔ ལྟེ་བར་བྷྲཱུྃ་སེར་ཚེ་དཔག་སེར༔ གསང་བར་ཕཊ་ལྗང་ཚེ་དཔག་ལྗང་༔ ཀུན་ཀྱང་ཞི་ཞལ་ཕྱག་མཉམ་བཞག༔ དེ་དབུས་ཚེ་བུ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཚེ་སྒྲུབ་འཁོར་འདས་རོ་གཅིག
      ལོད་བཛྲ་ས་མ་ཡ་ཛཿཛཿ སླར་ཡང་ཚེ་ལྷ་གྲོ་ལོད་དང་༔ རིགས་ལྔ་ཡབ་ཡུམ་འདིར་གཤེགས་ཏེ༔ དབང་བཞི་བསྐུར་སྟེ་སྒྲིབ་བཞི་དག༔ བུམ་པས་དབང་བསྐུར་ལས་ཉོན་དག༔ བདུད་རྩིས་ལུས་ཁེངས་གྱེན་དུ་ལྷུད༔ རིགས་བདག་རྡོ་རྗེ་འཆང་ཡབ་ཡུམ༔ སྤྱི་བོར་གསལ་བར་བསྒོམ་པར་བྱ༔ དབང་ལྷ་རྣམས་ལ་ལྷ་མོས་མཆོད༔ ཨཱརྒྷཾ་སོགས་ནས་ཤབྡ་པཱུ་ཛ་ཧོཿ རྡོ་རྗེ་དཔའ་བོས་གླ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཚེ་སྒྲུབ་འཁོར་འདས་རོ་གཅིག
      གཏེར་འདི་ལ་བཅོས་བསླད་མ་བསྲེ་ཞིག༔ རྒྱ་རྒྱ་རྒྱ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གསེར་སྐྱེམས་དགོས་འདོད་ཀུན་འབྱུང་དགྲ་བོ་ཆོམ་འབེབས།
      གསེར་སྐྱེམས་དགོས་འདོད་ཀུན་འབྱུང་དགྲ་བོ་ཆོམ་འབེབས་ཞེས་བྱ་བ་བཞུགས་སོ། །གང་ཞིག་རྣལ་འབྱོར་པས་མངོན་སྤྱོད་དྲག་པོའི་ལས་བྱེད་ན། སྔོན་དུ་ལམ་སེལ་གྱི་གསེར་སྐྱེམས་བཏང་བ་ནི། རིན་ཆེན་སྣོད་དུ་དུག་ཅན་དང་རྩི་དན་མ་འདྲེས་པའི། སྨན་སྣ་འབྲུ་སྣ་རིན་ཆེན་ལྔ་བརྡར་བའི་ཇ་ཆང་ཕུད་བཤམས་ལ། ཨོཾ་ཨཱཿཧཱུྃ་རིན་ཆེན་སྣོད་མཆོག་རྒྱ་ཆེ་གཏིང…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གསེར་སྐྱེམས་དགོས་འདོད་ཀུན་འབྱུང་དགྲ་བོ་ཆོམ་འབེབས།
      མཁའ་འགྲོ་སེང་གདོང་མ། །དྲེགས་པ་སྡེ་བརྒྱད་སྤྲུལ་པའི་དམག་ཚོགས་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། །མ་མགོན་ལྕམ་དྲལ་ཆོས་སྐྱོང་སྲུང་མའི་ཚོགས། །ཁྱད་པར་བཀའ་ཡི་སྲུང་མ་དྲག་རྩལ་ཅན། །ཏྲཀྴད་ནག་པོ་གཟའ་བདུད་རཱ་ཧུ་ལ། །ཡེ་ཤེས་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། དེ་རིང་མ་གཡེལ་ག…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གསེར་སྐྱེམས་དགོས་འདོད་ཀུན་འབྱུང་དགྲ་བོ་ཆོམ་འབེབས།
      ཐུག་པར་གྱུར་ན་ཡང་། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། །ཀོ་ལོང་གདུག་རྩུབ་སྡང་བའི་དགྲ་ལ་མཛོད། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །གཟའ་དང་རྒྱུ་སྐར་ལོ་ལྷ་བཅུ་གཉིས་དང་། །སྤར་བརྒྱད་སྨེ་དགུ་ལོ་རྒན་དྲུག་ཅུའི་ལྷ། །རྒྱལ་ཆེན་སྡེ་བཞི་དཀར་ཕྱོགས་སྐྱོང་བའི་ཚོགས། །ཡུལ་ཕྱོགས་འདིར་གནས་གཞི་བདག་ཐམས་ཅད་ལ། །གསེ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གསེར་སྐྱེམས་དགོས་འདོད་ཀུན་འབྱུང་དགྲ་བོ་ཆོམ་འབེབས།
      ཅིག །བར་དུ་གནས་པ་གཡས་གཡོན་སྐུ་བཟུར་ལ། །གཏོར་མའི་གདོང་དུ་སུ་ཡང་མ་འདུག་ཅིག །གཏོར་མའི་ལམ་བསྟན་དགྲ་ལ་བསྟན། །ཕ་རོལ་དགྲ་བགེགས་བྱད་མ་ཡི། །སྲུང་བའི་བན་བོན་གང་འདུག་ཀྱང་། །རྟེན་པའི་ལྷ་སྲུང་བདུད་དུ་ཕོབ། །བླ་ཚེ་གཤིན་རྗེའི་ལག་ཏུ་ཆུག །གཏོར་ཟོར་ཐུན་ཟོར་དགྲ་ལ་བྷྱོ། །དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད། །བཅོལ་བའི་ཕྲིན་ལ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར།
      ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར་རྣམས་བཞུགས། །
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར།
      ཛཿ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བྱིན་རླབས་ཀྱི་རྩ་བ་བླ་མ་དམ་པ་རྣམས་ཀྱི་བཀའ༴ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར།
      བ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་སློབ་དཔོན་པདྨ་འབྱུང་གནས་སྐུ་ལྔ་མཚན་བརྒྱད་ལྷ་ཚོགས་འཁོར་དང་བཅས་པའི་བཀའ༴ དུས་གསུམ་རྒྱལ་བའི་ཡུམ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྤྲུལ་པ་ཡང་སྤྲུལ་མ་མོ་མཁའ་འགྲོ་བྱེ་བ་དུང་ཕྱུར་གྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ༴ དཔལ་ཁྲོ་བོའི་རྒྱལ་པོ་གུ་རུ་རྡོ་རྗ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར།
      པ་སྡེ་བརྒྱད་ཀྱི་དམག་ཚོགས་རྣམས་ཀྱི་བཀའ༴ དཔལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དྲག་མོ་སེང་གེའི་གདོང་པ་ཅན་དུག་གྲི་ནག་མོ་སྲིད་གསུམ་དབང་སྒྱུར་མ་མོ་བྱེ་བ་འབུམ་སྡེའི་ལྷ་ཚོགས་རྣམས་ཀྱི་བཀའ༴ ཆེ་མཆོག་གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་དྲེགས་པའི་སྲོག་ཏིག་དམར་ནག །སྐུ་མཆོག་འཇམ་དཔལ་གྱི་ལྷ་ཚོགས། གསུང་མཆོག་རྟ་མགྲིན་གྱི་ལྷ་ཚོགས། ཐུ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར།
      འདས་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་དམག་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨད་པ། བླ་མ་དམ་པའི་སྐུ་དགྲ། སྐྱེ་འགྲོ་སེམས་ཅན་ཡོངས་ལ་འཚེ་བ། སྒོས་སུ་རྒྱུ་སྦྱོར་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་ཚད་བཙུགས་པ། ཡ་བོ་བཟུང་བ། དོ་བ…
      KMC020 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་སྐོར།
      གཅོད་པ། མཐོང་བ་བཞིན་དུ་ཇག་འགྱེད་པ། མ་མཐོང་བ་བཞིན་དུ་འཇབ་བུས་རྐུ་བ། མཐུ་བུ་ལོན་བཞིན་དུ་སྙེགས་པ། མི་ང་ལ་ལྷ་མེད་ཟེར་མི། ལྷ་ཁྱོད་ལ་མཐུ་མེད་ཟེར་མི། གསང་སྔགས་གྲྭ་སྡེ་ལ་ངན་སྨྲས་བྱེད་མི། དམ་ཉམས་པའི་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཐམས་ཅད་མཐོ་སྲིད་པའི་རྩེ་མོ་མན་ཆད། དམའ་རླུང་གི་རྒྱ་གྲམ་ཡན་ཆད། ས་འོག་ས་སྟེང་ས་བླ་བར་…