Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      1061 results — page 49 of 54
      JTN005 · ཏཱ་ར་ནཱ་ཐ།
      རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
      ཀྱི་རོལ་པ་ལ་སློབ་པར་སྣང་ཞིང་ངེས་པར་སྒྲུབ་དགོས་པ་དང༌། སྐབས་འགར་དེ་བཀག་སྟེ་མི་སློབ་པའི་བླང་དོར་གྱི་དབྱེ་བ་གཉིས་མེད་པའོ། །ས་བརྒྱད་པ་ཡན་ཆད་མཉམ་རྗེས་སོ་སོའི་མཚན་ཉིད་མེད་ལ། འོན་ཀྱང་འདིར་མཉམ་རྗེས་ཐ་དད་མེད་པ་ནི་དེ་གཉིས་ལ་ཉམས་ལེན་མི་འདྲ་བ་མེད། བོགས་ཆེ་ཆུང་མེད་ཅེས་པའོ། །འདིར་ཟུང་འཇུག་གི་ཡེ་ཤེས་ལ་ཁ་སྦྱོར་སོགས་…
      JTN005 · ཏཱ་ར་ནཱ་ཐ།
      རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
      གཅིག་པར་འདོད་པ་ནི་མ་སྦྱངས་པའི་བླུན་གཏམ་ཡིན་ཏེ་ཆགས་ལམ་བྱེ་བྲག་པ་དེ་ནི། ཞུ་བདེ་ལྷན་ཅིག་སྐྱེས་པའི་ཉམས་མ་ཐོབ་པ་ཐོབ་པའི་ཕྱིར་སྒྲུབ་པ་དང༌། སྐྱེས་པ་བརྟན་པའི་ཕྱིར་སྒྲུབ་པ་ཡོད་ཅིང༌། དེ་ཡི་དང་པོ་ལ་ཡང༌། རིང་པའི་རྒྱུ་རླུང་དབུ་མའི་སྒོར་བསྡུ་བ་དང༌། བར་པ་དབུ་མར་གཞུག་པ་དང༌། ཐིམ་པ་ཙམ་པོ་བྱེད་པ་དང༌། གཏུམ་མོ་རགས་པ་སྦར…
      JTN005 · ཏཱ་ར་ནཱ་ཐ།
      རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
      དོན་འོག་ཏུ་འཆད་འགྱུར་དང་གཅིག དེས་ན་ཚིག་འདི་རྣམས་དཔེ་ཕལ་ཆེར་ལ་འདུག་ཀྱང༌། གཞུང་འདི་ཉིད་ཀྱི་དཀྱུས་ཡིན་ན། བརྗོད་བྱ་ཟློག་པའི་སྐྱོན་དུ་འགྱུར་བས། གཞུང་འདྲ་མིན་གཅིག་ནས་ཚུར་བླངས་པར་ཟད་དོ།། འདིར་གནས་ལ་སོགས་ཞེས་པ་གོང་དུ་བསྒོམ་པའི། གནས་དང༌། སྒྲུབ་པ་པོ་དང༌། གྲོགས་དང༌། ཉམས་སུ་བླང་པའི་གདམས་པ་སྟེ། རྩིས་མགོ་བཞི་བྱེད…
      JTN005 · ཏཱ་ར་ནཱ་ཐ།
      རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
      ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དོན་གྱི་དགོངས་པ་ཡང་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་བཤམས་ཏེ། སྐུ་ལུས་དྲང་པོར་བསྲངས། ཞེས་སོགས་ཀྱིས་ལུས་དབེན་བསྟན། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་གཉིས་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང༌། ཞེས་སོགས་ཀྱིས་རྡོར་བཟླས་བསྟན། ནང་སྟོང་པ་ཉིད་…
      JTN005 · ཏཱ་ར་ནཱ་ཐ།
      རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
      པའི་ཤེས་རབ་ནི། བསྐྱེད་རིམ་ལུས་དབེན་དང་བཅས་པའི་གཟུགས་ཅན་ཕྲ་རགས་སུ་སྣང་བ་མ་འགགས་པ་ལ་གཞི་སྒྱུར་པའི་རྣམ་པ་ཅན་དེ་དང་ཆོས་མཚུངས་པའི་སྒོ་ནས། ཉན་ཐོས་ཀྱི་དེ་འདིར་འདུས་པ་ཡིན་ཏེ། འདི་བསྒོམས་པའི་ཉན་ཐོས་ཀྱི་སྤང་རྟོགས་དེ་དག་མཐའ་དག་རྫོགས་པའི་རྟེན་འབྲེལ་བྱེད་དོ། །རྡོར་བཟླས་སུ་རང་རྒྱལ་གྱི་ཐེག་པ་འདུས་ཏེ། དེའི་ལམ་གྱི་ག…
      JTN005 · ཏཱ་ར་ནཱ་ཐ།
      རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
      གསལ་དུ་འདུས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞྀན་སྟོང་པ་བརྗོད་བྲལ་དུ་དེ་དག་འདོད་ཅིང་འདིས་མྱོང་བའི་ཕྱིར་རོ། །དབུ་མ་འདི་གཉིས་ཐལ་རང་གི་མིང་གི་རྣམ་གྲངས་སུ་འདོད་པ་ནི་མི་ལེགས་ཏེ། ཐལ་རང་གཉིས་མ་ཡིན་པའི་དབུ་མ་དེ་གཉིས་དུ་མ་ཡོད་ཅིང༌། དེ་གཉིས་ལ་ཡང་གཉིས་ཀྱིས་མ་ཁྱབ་པའི་ཕྱིར་རོ། ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ཐམས་ཅད་ཟུང་…
      JTN005 · ཏཱ་ར་ནཱ་ཐ།
      རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
      གཅིག་དང་སྦྱར་ན། ཕུང་པོ་ལྔ་སངས་རྒྱས་ལྔའི་རང་བཞིན་ནི་ལུས་དབེན། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ནི་རྡོར་བཟླས། གཉིད་ལ་འཇུག་པ་ནི་སེམས་དབེན། རྨི་ལམ་ནི་སྒྱུ་ལུས། གཉིད་འཐུག་པོ་ནི་འོད་གསལ། གཉིད་སད་པ་ནི་ཟུང་འཇུག་དང་སྦྱར་རོ། །ཞེས་པ་འདི་ཡང་སྦྱང་བྱ་ཉིད་དང༌། གནས་སྐབས་དེར་དག་སྦྱོར་གང་ཞིག་འཇུག་པའི་ཚུལ་ལོ། ། ད…
      JTN005 · ཏཱ་ར་ནཱ་ཐ།
      རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
      ཆེན་པོའི་སྐུ་རྣམས་ཡིན་ལ། དེའི་མཛད་པ་འཕྲིན་ལས་ཀྱང་ལྷུན་གྱྀས་གྲུབ་ཅིང་ཕྱོགས་དུས་ཀུན་ཏུ་ཁྱབ་པའོ། །གསུམ་པ་མན་ངག་གི་ཆེ་བ་བསྟན་པ་ནི། དཔལ་ལྡན་གསང་བ་འདུས་པའི་རྒྱུད། །འཕགས་པ་ཡབ་སྲས་རིམ་བཤད་པ། །དེ་ཉིད་དགོངས་པ་ན་རོས་རྙེད། །འགྲེལ་པ་མཁན་གྱིས་མི་ཤེས་པས། །རྒྱུད་རྐྱང་སྙིང་པོ་བསྟུས་པ་ཉིད།། བྱིན་རླབས་ལམ་འདི་ཐུན་མོང་མ…
      JTN005 · ཏཱ་ར་ནཱ་ཐ།
      རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
      བའི་རྒྱུན་ཡོད་པས། སློབ་མ་ལ་ཡང་ཉམས་མྱོང་འཕྲལ་དུ་སྐྱེ་བའི་ནུས་པ་ཡོད་པའོ། །གཞུང་གི་མཐར་མཚན་སྨོས་པ་ནི། རིམ་པ་ལྔའི་དོན་བསྡུས་པ་གསལ་བ་ཞེས་བྱ་བ། དཔལ་ནཱ་རོ་པས་མཛད་པའི་གསང་བའི་མན་ངག བླ་མའི་ཞལ་ལས་རྟོགས་པར་བྱ་བ་རྫོགས་སོ། །ཞེས་པའོ། །དཔེ་འགའ་ཞིག་ལས། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་མར་བ་ཆོས་ཀ…
      JTN005 · ཏཱ་ར་ནཱ་ཐ།
      རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
      མཆོག་གསེར་གྱི་རི་བོའི་རྩེ་མོར་བསྔགས་པར་འོས་པའི་ཡོན་ཏན་གྱི་ཉིན་བྱེད་བརྒྱ་ཕྲག་རྟག་ཏུ་འཆར་བའི་སྐྱེས་མཆོག་དམ་པ། རྗེ་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་གསུང་གིས་བསྐུལ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བའོ། །གཞུང་འདི་སྡོམ་གྱི་ཚུལ་དུ་སྣང་བས་འབྲུ་བཤིག་པ་ཙམ་གྱིས་དོན་མཐོང་བ་དགའ་བར་འདུག་པས། དོན་ཆ་ཚང་བ་ཟུར་སྨོས་ཀྱིས་བརྗོ…
      JTN005 · ཏཱ་ར་ནཱ་ཐ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ་བཞུགས།
      JTN005 · ཏཱ་ར་ནཱ་ཐ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
      ཨོཾ་ན་མོ་གུ་རུ་མཎྜལ་དེ་བཱ་བྷྱཿ བླ་མ་རྡོ་རྗེ་ཅན་ཞབས་མཆོག་གི་སྐུ།། སུམ་ཅུ་རྩ་གཉིས་དཀྱིལ་འཁོར་འཁོར་ལོའི་ཚུལ། །ཡེ་ཤེས་གཅིག་ཉིད་དུ་མའི་སྐུར་སྟོན་པ། །འདུས་པའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ནས། །རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཀྱི། །མན་ངག་རྗེ་བཙུན་མཆོག་རྣམས་ལས། །ཅུང་ཟད་རྙེད་གང་འདིར་བྲི་སྟེ། །བྱིན་རླབས་མཆོག་གིས་བཀའ་དྲིན་ས…
      JTN005 · ཏཱ་ར་ནཱ་ཐ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
      མ་བྱེད་པར་བསམས་ནའང༌། ཕར་འདྲེས་ཚུར་འདྲེས་སུ་སོང་བ་མ་ཤེས། བར་སྐབས་ཀྱི་མུན་སྤྲུལ་དུ་མ་འདྲེས་ཤིང༌། རང་རང་གིས་ཀྱང་གཟུ་ལུམ་གསར་པ་མང་པོ་དག་བཅུག མན་ངག་གི་རྒྱུན་མེད་པར་གླེགས་བམ་ཙམ་ལ་བརྟེན་པའི་སྐྱོན་གྱི་ཆེས་མ་དག་པ་དང༌། འཁྲུགས་པ་དང་མ་ཚང་བ་དག་སྣང་ངོ༌། །དེས་ན་འདིར་ཁོ་བོས་གསལ་བར་བྱའོ། །འདི་ཉམས་སུ་ལེན་པ་ལ། སྔོན་འག…
      JTN005 · ཏཱ་ར་ནཱ་ཐ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
      པར་བསམས་ལ། མཆོད་པ་རྣམས་སྔགས་དང་ཕྱག་རྒྱ་སྤྱི་དང་མཐུན་པས་ཕུལ། གང་གིས་དྲིན་གྱིས་བདེ་ཆེན་ཉིད་སོགས་དང༌། ཁོང་སྟོང་ཁྱེད་ཀྱི་སྐུ་ལ་མེད། ཅེས་སོགས་ཅི་རིགས་པས་བསྟོད། མཎྜལ་སྤྱི་དང་མཐུན་པར་ལན་མང་དུ་ཕུལ་ལ། ཐུན་འཇོག་ཁར་རྒྱུན་བཤགས་དང་རིགས་ལྔའི་སྡོམ་གཟུང་ཚར་གསུམ་རེ་བྱ། མོས་གུས་དྲག་པོས། བླ་མ་འོད་གསལ་ཆོས་ཀྱི་སྐུ་ལ་གསོ…
      JTN005 · ཏཱ་ར་ནཱ་ཐ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
      དེ་ནས་རང་གི་ལུས་དང་ལོངས་སྤྱཽད་ཕྱི་སྣང་བ་རབ་འབྱམས་དང་བཅས་པ་བླ་མ་ལ་ཕུལ་ལ། གསོལ་བ་དྲག་ཏུ་བཏབ་པས། སྐུའི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང༌། རང་གི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང༌། བུམ་དབང་ཐོབ། སྦྱོར་མཚམས་ནས་འོད་ཟེར་དམར་པོ་བྱུང༌། མགྲིན་པར་ཐིམ། གསང་བའི་དབང་ཐོབ། ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་བྱུང༌། རང་གི་སྙིང་གར་ཐིམ…
      JTN005 · ཏཱ་ར་ནཱ་ཐ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
      གཟུང༌། དེ་ནས་ཤར་གྱི་རྣམ་སྣང་ནས། འོག་ཏུ་གནོད་མཛེས་ཀྱི་བར་ལྷ་རེ་རེ་ལ་སེམས་འཛིན་ཏེ། མཐར་ལྷ་སུམ་ཅུ་རྩ་གཉིས་ལ་གཅིག་ཅར་སེམས་འཛིན་ནོ། །སོ་གསུམ་མོ། །དེ་ནས་གཞལ་ཡས་ཁང་ལ་སེམས་འཛིན་ཏེ་སོ་བཞི། དེ་ནས་སྣོད་ཐམས་ཅད་གཞལ་ཡས་ཁང༌། བཅུད་ཐམས་ཅད་རྒྱལ་བ་མི་བསྐྱོད་རྡོ་རྗེའི་སྐུར་བསམ་སྟེ་སོ་ལྔའོ། །འདིའི་སྐབས་ཐུན་དང་པོ་ལ་མངོན་…
      JTN005 · ཏཱ་ར་ནཱ་ཐ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
      ཕྱག་མཚན་སོ་གཉིས་ལ་སེམས་འཛིན། དམིགས་སྐོར་རེ་རེ་སྟེ་ལྔའོ། །དེ་དག་ལ་སེམས་རྩེ་གཅིག་ཏུ་བརྟན་པར་གྱུར་ན། སྣ་རྩེར་ཐིག་ལེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་བསྒོམས་ལ། ཐིག་ལེའམ། ས་བོན་ནམ། ཕྱག་མཚན་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ་སེམས་འཛིན་ཏེ། དེ་གསུམ་སོ་སོར་བགྲངས་པས་བརྒྱད་དོ། །དེ་དག་ལ་སེམས་བརྟན་པ…
      JTN005 · ཏཱ་ར་ནཱ་ཐ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
      ཡང་ངེས་པར་དགོས་པའི་མན་ངག་ཡིན་ལ། སྤྱིར་རྣམ་རྟོག་ཤས་ཆེ་ན་སྟེང་སྒོ་ལ་དམིགས་པ་དང༌། ཉོན་མོངས་ཤས་ཆེ་བའི་ཚེ་འོག་སྒོ་ལ་དམིགས་པ་ཡིན་ཏེ། གཙོ་བོར་འདི་བཞིན་དུ་བཀྲི་བར་བྱའོ།། །།གཉིས་པ་རྫོགས་པའི་རིམ་པ་ལ། རྡོ་རྗེའི་བཟླས་པའི་རིམ་པ། སེམས་ལ་དམིགས་པའི་རིམ་པ། སྒྱུ་ལུས་བདག་བྱིན་བརླབས་པའི་རིམ་པ། འོད་གསལ་མངོན་པར་བྱང་ཆུབ་པ…
      JTN005 · ཏཱ་ར་ནཱ་ཐ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
      ནང་གང་ན་ཡང་མ་དམིགས། ཁ་དོག་དབྱིབས་སོགས་གང་དུ་ཡང་མ་གྲུབ་པས། ཕྱི་ནང་བར་གསུམ་སྟོང་ཉིད་མཐའ་བྲལ་དུ་གྱུར་པ་ལ་མཉམ་པར་བཞག་གོ །དེ་རྣམས་ནི་རིམ་པས་ལུས་ལ་གཙང་ཞེན་ དང༌། བདག་ཏུ་འཛིན་པ་དང༌། གཟུང་འཛིན་བདེན་པར་འཛིན་པའི་གཉེན་པོ་སྟེ། ལུས་དབེན་གྱི་སྔོན་འགྲོ་ཡིན་ནོ། །བཞི་པ་ལ། དམ་པ་རིགས་བརྒྱའི་ལུས་དབེན། རྒྱལ་བ་རིགས་ལྔའི་ལ…
      JTN005 · ཏཱ་ར་ནཱ་ཐ།
      གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
      འདུ་ཤེས་རིན་འབྱུང༌། རྐང་མེད་འདུ་ཤེས་སྣང་མཐའ། རྐང་མངས་ཀྱི་འདུ་ཤེས་དོན་གྲུབ། སྣོད་ལྟར་མི་གཡོ་ཞིང་མི་འགྱུར་པའི་འདུ་ཤེས་རྣམ་སྣང་དུ་བསྒོམ། དེ་རྣམས་ཀྱི་དང་པོ་གཞི་སེམས་ཅན་དེ་དང་དེའི་འདུ་ཤེས་དང༌། ཕྱི་མ་གཟུགས་མེད་ཁམས་ལ་འཆད་པ་དང༌། ཡང་དང་པོ་གཞི་སེམས་ཅན་དེ་དག་ཏུ་འཛིན་པ་དང༌། ཕྱི་མ་སྣོད་ཀྱི་འཇིག་རྟེན་དུ་འཛིན་པ་ལ་…