Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 7 of 500
DJR001
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ད་ནི་གོང་དུ་ཇི་ལྟར་སྨོས་པའི་རིང་བརྒྱུད་བཀའི་ཆུ་བོ་མ་ཉམས་པར་གནས་པ་མདོ་སྒྱུ་སེམས་གསུམ་ཐུན་མོང་གི་བསྟན་པ་སྤྱིའི་བབ་ཚུལ་བྱེ་བྲག་ཏུ་བཤད་པར་བྱ་སྟེ། གངས་རིའི་ཁྲོད་དུ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་འཆད་པའི། དང་པོ་སློབ་དཔོན་གཉགས་ཛྙཱ་ན་ཀུ་མཱ་ར་ནི། ཡུལ་ཡར…
DJR001
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ད་ནི་ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བརྗོད་པར་བྱ་སྟེ། དེའང་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང༌། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང༌། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང༌། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟ…
DJR001
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ད་ནི་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་འདི་ལ་སྔོན་གྱི་དུས་སུ་ལོག་པར་བལྟས་པའི་ཕྱོགས་འགའ་ཞིག་བྱུང་བའི་སྐྱོན་བསལ་བར་བྱ་སྟེ། དེ་ལ་འཕགས་པ་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་གངས་ཅན་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བསྐྱེད་ཕུལ་དུ་བྱུང་བས་རི་ཁ་བ་ཅན་པའི་གདུལ་བྱ་རྣམས་ཀྱི་བསོད་ནམས་དམ་པའི་བགོ་སྐལ་དུ། བརྒྱུད་པ་གས…
DJR001
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ད་ནི་བསྟན་པའི་བབ་ཚུལ་སོགས་དང་འབྲེལ་བར་དུས་ཚིགས་ཀྱི་ངེས་པ་ཅི་རིགས་ལ་ཅུང་ཟད་དཔྱད་ཅིང་བསྟན་པའི་གནས་ཚད་བསྟན་པར་བྱ་སྟེ། དེ་ལ་བསྐལ་བཟང་ཞིང་གི་བསྟན་པ་འདིའི་སྟོན་པ་མཉམ་མེད་རྣམ་འདྲེན་བཞི་པ་འདི་ཉིད་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་སྐུ་བལྟམས་པ་དང༌། མངོན་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་རྣམས་ཀྱི་ལོའི་ངེས་པ་ནི…
KNC001
· མཁན་ཆེན་ངག་དབང་དཔལ་བཟང་།
ཀུན་མཁྱེན་གསུམ་པ་མཁན་ཆེན་ངག་གི་དབང་པོ་ནི། ཁྲོམ་ཁོག་སྨྱོ་ཤུལ་དུ་སྐུ་བལྟམས། བླ་མ་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མའི་མདུན་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དང་དངོས་གཞི་བཅས་རྫོགས་པར་གསན། རྫོགས་པ་ཆེན་པོ་སྙིང་ཐིག་བསྟན་པའི་བདག་པོར་མངའ་གསོལ། བླ་མའི་བཀའ་བཞིན་རྫོགས་ཆེན་བཤད་གྲྭར་ཕེབས། མཁས་པའི་ཕུལ་དུ་ཕྱིན། སླར་རང…
KNC001
· མཁན་ཆེན་ངག་དབང་དཔལ་བཟང་།
རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། ། རྒྱུད་རྡོ་རྗེ་རྩེ་མོ་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། ། བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་མི་རློབས། །ཞེས་པས། དམ་པའི་ཆོས། ཉན་དུས། འཆད་དུས། སྒྲུབ་དུས། སྒོམ་…
KNC001
· མཁན་ཆེན་ངག་དབང་དཔལ་བཟང་།
འདིར་དང་པོ་སྔོན་འགྲོའི་ཁྲིད་ལ་ཐུན་མོང་དང་ཐུན་མོང་མིན་པ་གཉིས་ལས། འདིར་དང་པོ་ཐུན་མོང་གི་སྔོན་འགྲོ་འཆད་པ་ལ། དེ་ལ་སྔོན་འགྲོ་ཞེས་པ་དེ་དང་པོ་ཞིང་ས་བརྟུལ་བ་ལྟར་དངོས་གཞི་ཞུ་བར་བྱེད་པ་ལ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་དགོས། དེ་ལ་ཐུན་མོང་ཕྱི་ཡི་སྔོན་འགྲོས་རང་གིས་རང་གཤིན་པོར་བྱས་ནས། ཐུན་མིན་སྐྱབས་འགྲོ་སོགས་ལ…
KNC001
· མཁན་ཆེན་ངག་དབང་དཔལ་བཟང་།
གཉིས་པ་ཐུན་མིན་སོགས་ནི་བསྡུ་བ་རྣམ་པ་བཞིའི་ནང་ཚན་དོན་སྤྱོད་པ་ཡིན་ལ། དེ་ལ་དྲུག་ལས་དང་པོ་ལམ་ཐམས་ཅད་ཀྱི་རྨིང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་ནི། ལམ་ཐམས་ཅད་ཅེས་པ་མང་ཚིག་ཡིན་པས་དེ་གང་ཡིན་ན། མདོ་སྔགས་གཉིས་ཀྱི་ལམ་ཐམས་ཅད་ཀྱི་སྔོན་ལ་སྐྱབས་འགྲོ་དགོས་ཏེ། ཇི་སྐད་དུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱི༑ ༑སྐྱབས་སུ་མ་སོང་པ་ལ་མེད། …
KNC001
· མཁན་ཆེན་ངག་དབང་དཔལ་བཟང་།
ངོ་བོ་དལ་བ་ལ་ཞག་གསུམ། འབྱོར་པ་ཞག་བཞི། རྙེད་དཀའི་དཔེ་ཞག་གཅིགགྲངས་ཀྱི་ཁྱད་པར་ཞག་གཅིག འཕྲལ་རིས་གཉིས་ཞག་རེ་རེ། ཕྱི་སྣོད་མི་རྟག་པ་ཞག་གཅིག ནང་བཅུད་ཞག་གསུམ། དམ་པའི་སྐྱེས་བུ་ལ་ཞག་གཅིག སྐྱེ་དགུའི་བདག་པོ་ཞག་གཅིག དཔེ་དོན་སྣ་ཚོགས་ཞག་གསུམ། འཆི་རྐྱེན་ངེས་མེད་ཞག་གཅིག འདུན་པ་དྲག་པོ་ཞག་གཅིག འཁོར་བའི་སྡུག་བསྔལ་སྤྱིར་…
KTK001
· རྩོམ་མཁན། མཁར་སྤྲུལ་ཀུན་མཁྱེན་བསྟན་པའི་ཉི་མ།
༄༅། མཁར་སྤྲུལ་ཀུན་མཁྱེན་བསྟན་པའི་ཉི་མ་ནི། ཡབ་རྒྱ་རིགས་ཤིག་དང་། ཡུམ་མཁར་ར་བཟའ་ཞིག་གི་སྲས་སུ་རབ་བྱུང་བཅུ་བཞི་པའི་ནང་མདོ་ཁམས་གཡུ་ཁོག་དང་ཉེ་བའི་མཁར་ར་ལུང་གི་མཁར་ར་བླ་བྲང་དུ་སྐུ་འཁྲུངས། རོང་ཐ་རྒྱལ་སྲས་རྡོ་རྗེ་མགོན་པོ་དང་། རྒྱལ་རོང་ཁྲོ་ཆུ་བ་ཀུན་བཟང་དཔལ་འབྱོར་རྒྱ་མཚོ་གཉིས་ལས་གཏེར་ཆེན་ཆོས་རྒྱལ་གླིང་པའི་གཏེར…
KTK001
· རྩོམ་མཁན། མཁར་སྤྲུལ་ཀུན་མཁྱེན་བསྟན་པའི་ཉི་མ།
༄༅། བསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས་ཞེས་བྱ་བ་བཞུགས་སོ།། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། །རིགས་བརྒྱའི་ཁྱབ་བདག་དཀྱིལ་འཁོར་འཁོར་ལོའི་མགོན། །འགྲོ་ལ་ཕན་བདེའི་མཆོག་སྩོལ་ཡིད་བཞིན་དབང་། །མཚུངས་མེད་དྲིན་ཆེན་བླ་མར་ཕྱག་བགྱིའོ། །བགྲང་ཡས་གདུལ་བྱའི་ཞིང་གི་མཁའ་ཁྱབ་ཏུ། །…
KTK001
· རྩོམ་མཁན། མཁར་སྤྲུལ་ཀུན་མཁྱེན་བསྟན་པའི་ཉི་མ།
༄༅། གཤིན་པོ་རྗེས་འཛིན་གྱི་མན་ངག་ཆོག་ཁྲིགས་སུ་བཀོད་པ་ཐར་ལམ་སྣང་བྱེད་ཅེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྟི། རབ་འབྱམས་རྒྱལ་བ་ཀུན་གྱི་དངོས། །ཁྱབ་བདག་བླ་མ་ལ་བཏུད་ནས། །གཤིན་དོན་མན་ངག་འཇུག་བདེའི་ཁྲིད། །ཐར་ལམ་སྣང་བྱེད་འདིར་གསལ་བྱ།། དེ་ལ་འདིར་གཤིན་པོ་རྗེས་འཛིན་གྱི་ཆོ་ག་ཁྲིགས་སུ་བཀོད་པ་ལ། ཐོག་མར་ཚོགས་ཞིང་གསལ་གདབ་པ་ན…
NDB001
· དངུལ་ཆུ་དྷརྨ་བྷ་དྲ།
ན་མོ་གུ་རུ་མནྫུ་གྷོ་ཥཱ་ཡ། །གཙུག་ན་ཟླ་བ་རང་བྱུང་པད་དཀར་མིག །སྤྲིན་ལ་ཞོན་དང་མ་གཉིས་ཀརྟཱི་ཀ །མེ་ཟླུམ་ཆ་གཏེར་གཙུག་གི་ནོར་བུའི་ཁྲིར། །ཞབས་སེན་འགོད་མཛད་ཟས་གཙང་སྲས་ལ་འདུད། །མཚན་དཔེའི་དཔལ་འབར་ཟླ་ཞུན་ཕུང་པོའི་སྐུ། །ཨིནྡྲ་ནཱི་ལའི་ཟུར་ཕུད་ལྔས་མཛེས་པ། །ཅུང་ཟད་དྲན་པ་ཡིས་ཀྱང་རྨོངས་པའི་མུན། །ཕམ་མཛད་གསུང་གི་དབང་ཕྱུ…
NDB001
· དངུལ་ཆུ་དྷརྨ་བྷ་དྲ།
རྒྱལ་བ་བདེ་གཤེགས་ལྷ་རྣམས་དང༌། །ཕྱོགས་དང་ནམ་མཁའ་གཟའ་རྒྱུ་སྐར། །དུས་དང་བསྐལ་པ་ཡན་ལག་བཅས། །མཐོ་རིས་སྡེ་ཚན་འདིར་བཤད་བྱ། །ཁ་སྦྱོར་བདུན་ལྡན་རིགས་བརྒྱའི་བདག །དྲུག་པ་རྡོ་རྗེ་འཆང་གི་མཚན། །རྒྱལ་བ་བདེ་གཤེགས་ཀུན་མཁྱེན་དང༌། །རྣམ་འདྲེན་དཔལ་སྟུག་རྐང་གཉིས་གཙོ། །གཉིས་མེད་གསུང་དང་བཅོམ་ལྡན་འདས། །སྟོབས་བཅུ་མངའ་བ་སངས་རྒ…
NDB001
· དངུལ་ཆུ་དྷརྨ་བྷ་དྲ།
མཐོ་རིས་ས་བླ་སྐབས་གསུམ་གནས། །སུམ་རྩེན་དལ་འཛིན་ལྷ་ཡུལ་མིང༌། །ལེགས་བྲིས་འཆི་མེད་སྐབས་གསུམ་པ། །མཁར་ཉལ་ཚིགས་བཟང་ཚིག་མདའ་ཅན། །མེ་ཞལ་རྣམ་སད་ལྷ་སྤྱིའི་མིང༌། །གྲགས་པའི་མུ་ཁྱུད་སྤྲིན་ལ་ཞོན། །མཆོད་སྦྱིན་བརྒྱ་པ་མིག་སྟོང་ཅན། །ལྷ་དབང་གྲོང་འཇོམས་བརྒྱ་བྱིན་མིང༌། །པུ་ལོའི་སྲས་མོ་བདེ་སོགས་མ། །ལེགས་བརྗོད་བརྒྱ་བྱིན་བཙ…
NDB001
· དངུལ་ཆུ་དྷརྨ་བྷ་དྲ།
ལྷ་ལམ་སྤྲིན་ལམ་རྒྱུ་སྐར་ལམ། །ཀུན་གསལ་ཆུ་མཐོང་ལྷའི་རྫིང་རིང༌། །གནམ་དགུང་ཀུན་ཁྱབ་ནམ་མཁའི་མིང༌། །ཆུ་འཛིན་སྒྲ་ལྡན་ཚ་ཟེར་འཇོམས། །ཆུ་ཁུར་མཁའ་གླང་སྤྲིན་གྱི་མིང༌། །འཇུག་པ་བརྒྱ་པ་གཞི་སྔོན་སྐྱེས། །ལུས་ཕྲ་བདེ་འཐུང་གློག་གི་མིང༌། །སྤྲིན་གྱི་སྒྲ་དང་དབྱར་སྐྱེས་རྔ། །སྒྲ་བརྒྱ་པ་རྣམས་འབྲུག་སྐད་མིང༌། །མེ་ཆར་གནམ་ལྕགས་ས…
NDB001
· དངུལ་ཆུ་དྷརྨ་བྷ་དྲ།
བགྲང་བྱ་སླར་བྱུང་ཡང་དག་འགྲོ། །དུས་སྤྱིའི་མིང་ཡིན་ཉིན་མོ་ལ། །གདུགས་དང་མུན་གསལ་བདུད་འཇོམས་ཟེར། །བྱ་བྲལ་སྣང་མེད་མེལ་ཚེ་ཅན། །སྔོ་སངས་ཆགས་དུས་མཚན་མོའི་མིང༌། །དགའ་བཟང་རྒྱལ་སྟོང་རྫོགས་པ་ལྔ། །ཟླ་བའི་ཕྱོགས་རེར་ལན་གསུམ་འཁོར། །དཀར་ཕྱོགས་གང་ཕྱོགས་ཕྱོགས་སྔ་མ། །ཞི་དང་རྒྱས་ཕྱོགས་ཡར་ངོའི་མིང༌། །ནག་ཕྱོགས་དམར་ཕྱོགས་ཕ…
NDB001
· དངུལ་ཆུ་དྷརྨ་བྷ་དྲ།
ས་འོག་གདེངས་ཅན་དམྱལ་བ་དང༌། །ཡི་དྭགས་ཆུ་དང་ཆུའི་སྲོག་ཆགས། །གཟིངས་དང་ཆུ་སྐྱེས་སོགས་དབྱེ་བ། །ཡན་ལག་དང་བཅས་འདིར་བཤད་བྱ། །བཅུ་འོག་རྐང་འོག་སྟོབས་ལྡན་གནས། །ཀླུ་ཡི་འཇིག་རྟེན་ས་འོག་མིང༌། །རབ་རིབ་སྨག་རུམ་མཁའི་པགས་པ། །ཤེ་མུན་ལྡོངས་བྱེད་མུན་པའི་མིང༌། །རི་གནས་གདེངས་ཅན་ཀ་དྲུའི་བུ། །ན་ག་ཀླུ་ཡི་མིང་དུ་བཤད། །རྐང་སྦས…
NDB001
· དངུལ་ཆུ་དྷརྨ་བྷ་དྲ།
ས་གཞི་ཡུལ་དང་ས་འཛིན་གྲོང༌། །ནགས་ཚལ་སྨན་དང་རི་དྭགས་ཚོགས། །མི་རིགས་དབྱེ་བ་བྱེ་བྲག་གཞན། །འདིར་ནི་ཡན་ལག་དང་བཅས་བརྗོད། །ནོར་འཛིན་འཛིན་མ་གསེར་ལྡན་མ། །ཀུན་བཟོད་ནོར་གྱི་བློ་གྲོས་མ། །རྒྱ་མཚོའི་གོས་ཅན་ས་གཞིའི་མིང༌། །དབུས་འགྱུར་འཆང་དང་སའི་སྙིང་པོ། །འཕགས་པའི་ཡུལ་གནས་རྒྱ་གར་མིང༌། །ནེཾེཾ་པ་ལ་ནི་བལ་པོ་སྟེ། །མོངྒོ་…
NDB001
· དངུལ་ཆུ་དྷརྨ་བྷ་དྲ།
ནགས་ཀླུང་དང་ནི་ཚང་ཚིང་ཅན། །འཐིབས་པོ་ཤིང་ལྡན་ནགས་ཚལ་མིང༌། །ལྗོན་ཤིང་ལྡུམ་ར་བཅོས་མའི་ནགས། །ཉེ་བའི་ཚལ་རྣམས་སྐྱེད་ཚལ་མིང༌། །ཁྱེའུ་ཁ་དང་སྟེང་དུ་འཐེན། །ཞ་ལུ་སྐྱེས་རྣམས་མྱུ་གུའི་མིང༌། །འདབ་ལྡན་རྐང་འཐུང་ཡལ་ག་ཅན། །རླན་སྐྱེས་ས་སྐྱེས་ཆུར་མི་ལྷུང༌། །རྩེ་མོ་ཅན་རྣམས་ལྗོན་ཤིང་མིང༌། །འབྲས་བུས་འཇིག་དང་ཨེ་རཎྜ༌། །ཆུ་ཤ…